Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།། བཀླགས་འཆར།

Posted on 2011-06-182012-04-12 By རྔ་བ་རྒྱལ་ཁམས་པ 3 Comments on ༄།། བཀླགས་འཆར།

རྔ་བ་རྒྱལ་ཁམས་པ།
digging

མཐོ་རིས་འོད་གསལ་ལྷ་ཡི་རྨུ་ཐག་སྟོང་ཆེན་དག་པའི་དབྱིངས་སུ་བསྡོགས།།
འཚོ་བའི་རྟེན་གཞི་སྣོད་ཀྱི་གོང་བུ་ཚད་མེད་སྔོག་འབྲེག་རྨ་ཁས་གང་།།
རིགས་རུས་གཙང་མའི་ཤ་ཁྲག་རྒྱུས་པ་སྡིག་སྲིན་ཁྲོས་པའི་ཟས་སུ་གྱུར།།
དཀའ་སྡུག་ཁུར་བརྒྱས་མནར་བའི་འཇིག་རྟེན་བདག་གི་ཕ་ཡུལ་གངས་རིའི་ལྗོངས།།
ཁོ་བོས་ལ་རྒྱའི་མགོ་བོ་བཏེགས་ཏེ་འདས་རྗེས་བཤུལ་ལམ་སྙེག་ཙ་ན།།
གྲངས་མེད་མཚུན་གྱི་སྲོག་གཟུགས་སྦས་ཡུལ་དབྱངས་གསལ་སྦྱོར་བའི་དུད་ཁྲོད་ན།།
འཆི་བདག་གཤིན་རྗེའི་བཀའ་ཡིས་མ་འཆུན་ཐན་སྐད་གཏོང་བའི་སྤྲེལ་ཁྱུ་ཞིག།
མི་སྡུག་ཉམས་བརྒྱའི་སྟངས་སྟབས་སྒྱུར་བཞིན་འཇིགས་ཞུམ་འཁུན་བུ་འདི་སྐད་སྒྲོག།
གྲུབ་རིགས་མངོན་སྤྱོད་སྒྲོ་ལྡན་འཁོར་ལོ་རྗེ་བོའི་སྙིང་ལ་བསྐོར་བ་ལས།།
བཙན་པོས་བཀའ་ལུང་ཕྱག་རྒྱས་བཏབས་པ་སྣོད་བཅུད་འཇིག་རྟེན་རྒྱ་རལ་ཏེ།།
རྔམ་སེམས་ལས་ཀྱི་དཔུང་བ་གཏུམ་པོ་ལྟ་བའི་འདུས་མདོར་ལྟག་སྤྲོད་ཀྱིས།།
གངས་འདབ་ཟེ་བའི་འགྲམ་སྟེགས་ངོས་སུ་ཁྱིམ་གཞིས་སྣོག་པའི་རུ་མཚོན་བསྒྲེངས།།
མེས་པོའི་པུར་གདུང་རིན་ཆེན་བང་སོ་རྐུན་ཇག་བཀྲེན་པོས་བག་མེད་བྲུས།།
འབུམ་ཕྲག་སྲོག་གིས་བླུས་པའི་རྒྱལ་ཁམས་རང་འདོད་དཔུང་གིས་ཧབ་ཐོབ་བྱས།།
མཆོག་དམན་བར་མའི་སྐྱེ་བོ་ཕལ་ཆེར་ཕལ་བའི་དངོས་པོར་དབུ་ཁོར་ནས།།
མཐའ་སྲུང་དྲུག་ཁྲིའི་ཀྭི་བསྭོའི་འབོད་སྒྲ་སྲ་མཁྲེག་སྙན་གྱི་ཚོར་མ་མྱོང་།།
ལྷ་མིའི་འཁྲིག་སྦྱོར་སྒྱུ་རྩལ་ལས་འོངས་སོག་རྒྱལ་རྒྱལ་ཐབ་དམག་གི་དཔུང་།།
ཚུལ་མིན་བཙན་འཛུལ་གཡུལ་གྱི་ཞུགས་ཆེན་ཆེན་པོའི་ས་ལ་མཆེད་པའི་ཟིལ།།
མ་བཟོད་སྡར་མ་ཚལ་སྡེས་བོད་ཡུལ་ཡུལ་ཁམས་གཞན་ལ་རྩིས་སྤྲོད་ཀྱིས།།
ས་ཡ་དྲུག་གི་བླ་སྲོག་རྟེན་གཞི་གཞི་ནས་འཇིག་པའི་ཆོ་ག་བརྩམས།།
འཁོན་རིགས་ཁྱུ་མཆོག་ས་པན་ཁུ་དབོན་ཐབས་འཕྲུལ་སྤྲིན་གྱི་ཕྱག་སོར་གྱིས།།
ཧོར་སོག་གཏུམ་སྤྱོད་ཁྲིམས་ཀྱི་ར་བ་དུམ་པུར་བརྟོལ་ཀྱང་གདོང་མར་རྩ།།
ལོ་རྒྱུས་མེ་བཙས་བསྐུམས་པའི་ནད་རྙིང་ད་དུང་མ་སངས་འཐེང་བོའི་འགྲོས།།
བདེན་རྫུན་གླེང་སྟེགས་མྱུ་གུའི་རྩེ་དང་ཆབ་སྲིད་ལྡེམ་པོའི་དཔང་བོར་བརྩི།།
གནམ་བསྐོས་ཆབ་སྲིད་སྨིག་རྒྱུའི་ཀ་བ་དཔའ་མཛངས་རླུང་གིས་བླ་འོག་བསྡེབས།།
བཟང་ངན་བསྲེས་པའི་ཁྲིམས་ཀྱི་ཚངས་སྐུད་དཔྱད་གསུམ་རལ་ཁས་སོ་སོར་གཏུབ།།
ཞི་སྙོམས་བཀའ་སྲོལ་སྨན་ཆབ་དྭངས་མས་གངས་ལྗོངས་སྣོད་བཅུད་གཙང་མར་བཀྲུས།།
མེས་པོའི་ཕྱག་བཞེས་ལུགས་ཟུང་མངའ་ཐང་ཡང་དར་སོ་བྱས་སོ་ཕག་གྲུ་བ།།
གཉེན་བཤེས་འབྲེལ་བའི་གསང་ལམ་བརྒྱུད་ནས་འབངས་ཀྱི་མངའ་ཐང་སྒེར་གཅོད་བྱས།།
ལྟ་གྲུབ་ཕྱོགས་ཞེན་འཆིང་རྒྱས་བཅིངས་ནས་རྒྱལ་བསྟན་རྣལ་མའི་འཕེལ་བ་བཀག།
ལུགས་མཐུན་གོང་མའི་སྲིད་ཀྱི་ཚངས་ཐིག་སྡེ་གཟར་གྱེན་ལོག་རྡོག་པས་བསུབས།།
ཟླ་གཞོན་འཁོར་ལོའི་རི་མོ་མ་ནུབ་མཁའ་རླངས་འཁྲིགས་པའི་ཟོལ་གྱིས་བསྒྲིབས།།
རྗེ་རིགས་གདུང་གི་པད་དཀར་འཁྲི་ཤིང་ཞེ་སྡང་ཕྲག་དོག་མེ་ལྕེས་བསྲེགས།།
ཤ་རུས་འབྲེལ་བ་ཕུ་ནུའི་འོ་མཚོ་དམེ་འཁྲུག་ཁྲག་གིས་འཛེམས་མེད་སྦགས།།
ཕྱོགས་ཞེན་ཆང་གིས་མྱོས་པའི་ཁྲིམས་གླང་ཆོས་ཀྱི་པད་རྫིང་འཛོར་བོར་བཟོས།།
སྲིད་པའི་གངས་ཆེན་བརྗིད་པོའི་ཁོར་ཡུག་མི་སྡུག་མྱ་ངན་མདངས་ཀྱིས་གཡོགས།།
ཧོ་ཤོད་དམག་གི་ཐེམ་པ་བརྒྱུད་ནས་གངས་ལྗོངས་ལུགས་གཉིས་ཁྲི་ལ་འཛེགས།།
མན་ཇིའི་སྲིད་དོན་དབུ་བླར་བཀུར་ནས་ཆེ་བསྟོད་མཚན་དང་རྟགས་ཐམ་བླངས།།
མཐའ་བཞིའི་ཟིང་འཁྲུགས་ཐབས་ཀྱིས་འཇགས་ནས་འགྲོ་ལ་སྲོག་གི་སྐྱབས་སྦྱིན་གནང་།།
སྡེ་བཞིའི་མངའ་ཐང་བསུས་བར་གྲགས་ཀྱང་བདེན་པ་རྩོད་སྐབས་རྙོག་དྲྭ་ཆེ།།
གཞུང་སའི་ཞབས་འབྲངས་ཁྱི་སྤྱང་ཁ་འགྲིལ་སྲིད་དབང་འཐེན་འཁྱེར་བརླང་སྤྱོད་ཀྱིས།།
ལྷ་མིའི་རྣམ་འདྲེན་དགུང་ནས་ཕབ་ཅིང་མི་རྗེ་ས་རའི་སྲོག་འཕྲོགས་རྗེས།།
ཕྱི་དཔུང་བཙན་པོས་ལྔ་བའི་ལམ་བཏང་གངས་ལྗོངས་ཆོས་ནོར་ཕ་མཁར་བཤིགས།།
སྟོད་བར་དཔོན་གཉིས་སྟག་སེང་ཁ་སྤྲོད་ཕ་རོལ་དགྲ་སྡེའི་སྦྱོར་བ་བརླགས།།
གོང་མའི་འཆར་ངན་ཞི་དྲག་དཔོན་དམག་གངས་རིིའི་ལྗོངས་འདིར་ཐོག་མར་དྲངས།།
དགོས་པའི་ཐོབ་དབང་རང་གིས་མ་སྤྱད་དགོས་མེད་བདུན་འབྲེལ་ལས་ཁུངས་བཙུགས།།
བཀའ་ཡི་ཕྱིང་སང་ཐུགས་སྣང་མ་གཤིན་རང་དོན་སྦུག་འདྲེན་འཐབ་རྩོད་ཀྱིས།།
སྰ་ལའི་སྨན་ལྗོངས་ཆོས་ཀྱི་ཆོལ་ཁ་དབུས་གཙང་གྱང་ནག་ཁ་སྦྱོར་བྱས།།
ལུགས་གཉིས་མཁྱེན་པའི་རྒྱལ་ཐབས་ཕྱག་གིས་འོད་གསལ་རྒྱུ་ལམ་ངོ་སྤྲད་ཀྱང་།།
ཀླད་རྙིང་མཁྲེགས་འཛིན་གཏི་མུག་མ་སངས་མུན་པའི་འཁོར་སར་ཕར་ཕར་འཁྱམས།།
དགྲ་དཔུག་ཇག་ཁྱུས་ཁྱིམ་མཚེའུ་སྡེ་གཏོར་ཡ་ལད་མ་བགོས་ལྟད་མོར་བལྟས།།
གཟི་འོད་འཕྲོ་བའི་མདོ་ཁམས་ས་གཞི་ཆིངས་རོ་གཙབ་པའི་གདན་དུ་བཏངས།།
ཆོས་ནོར་སྒེར་དབང་ཉག་ཅིག་དོན་གཉེར་སྤྲེལ་སྲིན་རིགས་འདུས་གདོང་མར་རྒྱུད།།
སྟོང་ཁུན་རྒྱལ་བོའི་སྲིད་ཀྱི་སྒྱུ་ཐབས་སྲ་མཁྲེགས་རྡོ་སེང་མགྲིན་པ་ལས།།
མིང་དང་ཆོ་ལོའི་གསེར་གྱི་ཏམ་ཁ་ངོམས་མེད་དྲངས་པ་དམར་འོད་ཀྱིས།།
ཆོས་དང་སྲིད་ཀྱི་རང་དབང་དཔུང་འདབ་ཁ་སྒོ་བརྡབས་པའི་མཆེ་རྩེར་ཐོགས།།
ཀློག་གྲོགས་ཕོ་མོ་སུ་ཞིག་གིས།།
རྩོམ་ཡིག་འདི་ཡི་མགོ་མཇུག་ཀུན།།
ཞིབ་བཀླགས་ཐུགས་བསམ་ལེགས་བཏངས་ན།།
དུས་རབས་དགུ་ནས་ཉི་ཤུའི་བར།།
བོད་ཀྱི་སྤྱི་ཚོགས་གནས་སྟངས་ཐད།།
ངེས་ཤེས་རོབ་ཙམ་འབྱུང་ངེས་ཡིན།།
རྟོགས་དཀའ་བརྡ་ཡིས་མ་བཅིངས་ཤིང་།།
སྒྲོ་སྐུར་སྨྱུག་རྩེ་མ་འཁྱོགས་པར།།
རང་རིགས་ལོ་རྒྱུས་རགས་རིམ་ཙམ།།
ཤར་ཀློག་བྱས་པའི་འཆར་སྣང་ལགས།།
གོང་ན་བླ་དཔོན་མཐའ་ན་འབངས།།
ལྷ་ཀླུ་གཉན་སོགས་མཐུ་བོ་ཆེ།།
སུ་ཡི་ཐུགས་ལ་གནོད་སོང་ན།།
དགོངས་དག་མཐོལ་བཤགས་བྱེད་འཚལ་ལོ།།

སྙན་ངག

Post navigation

Previous Post: འཚོ་བའི་བླ་སྲོག་འཆར་བའི་མེ་ལོང་།
Next Post: དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཞིག

Comments (3) on “༄།། བཀླགས་འཆར།”

  1. སྐྱུ་རྩི་ནས། says:
    2011-06-19 at 12:53 am

    ཡག་པོ་འདུག

  2. བཀྲ་ཤིས་དོན་གྲུབ། says:
    2011-06-19 at 4:12 am

    འདས་པ་ཐམས་ཅད་འདས་པ་ཡིན་པས།།ད་ལྟའི་དུས་ལ་གླེང་རིན་མེད།།མེས་པོའི་མཛད་རྗེས་མཛད་པ་ཙམ་ལས།།རང་རིགས་སྐྱོབས་པའི་ནུས་པ་མེད།།བླ་མ་དཔོན་པོ་གྲངས་ལས་འདས་ཀྱང་།།རང་རེའི་བཙན་རྫོང་བྱེད་པ་དཀོན།།

  3. ཚེ་བསམ་ says:
    2011-06-20 at 11:10 am

    ཁ་སང་ནི་སྡས་པ་དང་སང་ཉིན་ནི་མ་འོང་པ།
    ང་ཚོའི་གདེང་ཚོད་ཡོད་པ་ནི་དེ་རིང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme