Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།

Posted on 2024-11-132024-11-13 By ཁ་བརྡ་ 5 Comments on ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་། ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་མ་ཐག་མ་འོངས་རང་ཡུལ་རང་བདག་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་གནས་སྟངས་ཐོག་སྐབས་དེའི་ཕྱི་འབྲེལ་བཀའ་བློན་སྐུ་ངོ་ཞ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་དང་ཕྱག་རོགས་སུ་སྐུ་ངོ་རྒྱལ་ལོ་དོན་སྒྲུབ་མཆོག་དང་། སྐུ་ངོ་ས་འདུ་ཚང་རིན་ཆེན་མཆོག་བཅས་ནས་ཞུ་སྙན་རིམ་ཕུལ་ལ་སྤྱི་ལོ་ ༡༩༥༩ /༡༩༦༣/༡༩༦༥ བཅས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་ཡོད་ན་ཡང་མུ་མཐུད་ནས་ང་ཚོའི་འཇུག་སྐྱོང་མ་ཐུབ་པའི་འགན་དེ་ང་ཚོ་བོད་མི་རང་ཉིད་ལ་ཡོད་པ་ལས་གཞན་སུ་གཅིག་ལ་ངན་ཁག་གཡོགས་ས་མེད་པ་དང་། ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞུང་འབྲེལ་གྱིས་གཞིས་སྤོའི་ལས་འཆར་འོག་ནས་ཨ་རིར་གནས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་རེ་བ་ལ་བར་ཆད་བཏང་བ་ཙམ་མ་ཟད་བོད་མི་རིགས་དང་བོད་པའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་མ་འོངས་འཚོ་གནས་ཐུབ་མིན་ལ་བསམ་ཞིབ་ནན་པོ་གཏོང་དགོས་པའི་དུས་ལ་བབ་མི་འདུག་གམ། གཞུང་འབྲེལ་གྱི་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་བོད་མི་ཁྱིམ་ཚང་སྒེར་གྱི་འཚོ་བ་ལ་གཟེངས་སུ་ཐོན་པའི་ཕན་ཐོག་ཆེན་པོ་བྱུང་ཡོད་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་ཆེད་བཙན་བྱོལ་དུ་ཡོང་བ་ལས་དཔལ་འདུར་འདུ་འགོད་ཆེད་མི་ཡུལ་དུ་ཡོང་མེད་པ་ནས་ད་ལྟའི་ཆ་ལ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་དང་སྲ་བརྟན་ཐུབ་པའི་ལས་འཆར་ལ་དོ་ཕོག་ཆེན་པོ་བཟོས་མེད་དམ་བསམ་པའི་རི་བོང་གནམ་སྡིབས་ཀྱི་སེམས་ཁྲལ་དེ་ང་ཙམ་མིན་པ་བོད་མི་མང་པོ་ཞིག་ལ་ཡོད་པ་ངས་ཤེས་ཐུབ་པ་ནི་ལོ་གཞོན་ཚོ་ལོ་རེ་ནས་ལོ་རེ་བཞིན་ཕྱི་རྒྱལ་ལ་ཁ་ཕྱོགས་མཁན་གྱི་གྲངས་ཚད་དེ་ཉུང་ཉུང་མིན་པ་དང་། ལོ་རྒན་པོ་ཚོ་ལོ་ནའི་བབས་ཀྱི་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་ཐུབ་པའི་ཤུགས་ལས་ཀྱིས་ནུས་པ་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དེ་བརྒྱ་ཆ་གཅིག་ཙམ་ལས་མེད་པ་ནས་ང་ཚོའི་ཐོག་མའི་དམིགས་ཡུལ་བོད་དོན་བདེན་མཐའ་སེལ་རྒྱུ་ཕར་བཞག་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཡང་རྒྱུན་གནས་དང་སྲ་བརྟན་ཐུབ་མིན་གྱི་ས་མཚམས་དུ་སླེབས་པ་འདི་ཡང་དྲང་པོར་བཤད་ན་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་དེའི་འཇུག་འབྲས་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ག་ནས་ཡོད།

གཞུང་པས། ༢༠༢༤/༡༡/༡༡

བསམ་ཚུལ།

Post navigation

Previous Post: བོད་ཡུལ་སྟོད་སྨད་བར་གསུམ་ནས་བལ་བོའི་མཐིལ་དུ་རྒྱ་སྒོར་སྣབས་ལུད་གཡུག་གཡུག་རེད་བཞག
Next Post: Next Post

Comments (5) on “ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་བ་མ་རེད་དམ།”

  1. ཚེ་བརྟན་འགྱུར་མེད། says:
    2024-11-18 at 11:27 am

    གོང་གནས་སུ་མཆན་མ་ཕུལ་གོང་གལ་པོ་ཆེ་་ལ་ནན་གཏན་ཞིག་ཞུ་ཡི་ཡིན། གཞུང་པ་ལགས་ཉིད་ཀྱི་ང་ལ་བཀའ་ལན་ཞིག་གནང་ཡོད་གསུངས་བ་ད་ལྟ་མཇལ་ཁམས་བྱུང་མ་སོང་། ཁྱད་ཚར་བའི་གནད་དེ་མ་ཤེས་ན་དེ་ལས་ལས་ཁ་ལ་མཛུག་མོ་འཛུགས་དགོས་ཡོང་མི་སྲིད་མིན་པའི་དམ་དོན་ཞུས་ཡིན།
    གཞུང་པ་ལགས་ནས། སྐུ་ཞབས་ཚེ་བརྟན་འགྱུར་མེད་ལགས་ཀྱི་ཞུ་དོན་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དང་པོའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་དང་། བཅའ་ཁྲིམས་པར་ཐེངས་དྲུག་པའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་བཅས་ཁ་བརྡར་ཕུལ་ཡོད།

    ༈ བོད་མི་ཚིག་སྟོང་ཨ་རིར་གཞིས་སྤོས་ལས་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་རེད་དང་མ་རེད་གཉིས་ཀྱི་དཔྱད་མཚམས་སུ་བསམ་ཚུལ་འདྲ་མིན་ཡོད། བར་ཆད་བྱུང་རེད་གསུང་མཁན་ཚོར་བདེན་པ་གཅིག་ཡོད་འདུག་བསམ་ཆོག་པ་ནི་བོད་སྐད་དང་རིག་གཞུང་གནད་དོན་དེ་འཇོག་ཆོག ཆོས་ནི་སེམས་འདུལ་པའི་གནད་ལ་སོང་དེ་ཙམ་གྱི་ཁྱད་ཅིག་ཨེ་འདུག ང་རང་ཚོ་ནང་པ་ཡིན་ཀྱང་ནང་ཆོས་དང་པོ་ནས་བོད་སྐད་དུ་མེད་ལ་དངོས་སུ་ནང་ཆོས་ནི་སྐད་རིགས་འདྲ་མིན་ནང་སྦྱང་བརྩོན་བྱེད་ཀྱི་ཡོད་། འབྱོར་བ་ཡོད་ནས་བོད་ཀྱི་སྐད་ཡིག་ཀྱང་དར་སྤེལ་བྱེད་ཐབས་ཡོད་དགོས་པ་མ་གྲུབ་བམ། གཉིསུ་ཆིག་སྟོང་ཨ་རིར་མ་འབྱོར་གོང་བོད་པ་ཨ་རིར་ཡོད་ལ་གོ་སྐབས་དང་གནས་ཚུལ་ཤེས་ཀྱིན་ཤིས་ཀྱིན་དུས་བསྒྱུར་ཡང་འགྲོ་ངེས་མི་སྲིད་དམ། སྲིད་པའི་ཨ་རིར་བོད་མི་ཉིས་སྟོང་ཡིན་ཟེར་མཁན་ཆོས་ཅན།
    གོང་ཞུས་ལས་འདས་པའི་བོད་དོན་འཐབ་རྩོད་ལ་བོད་མི་རྣམས་ཡིན་གཅིག་མིན་གཅིག་རྒྱ་གར་དུ་སྡོད་དགོས་ཨེ་ཡོད། གཙོ་ཆེ་ཤོས་ནི་འཐབ་རྩོད་དེ་ལུས་ངག་ཡིད་གསུམ་དུ་ཤོག་བུ་སྣུམ་ཐིག་ལྟར་དུ་འཇག་ཐོག་འཐབ་རྩོད་ཀྱི་བྱ་ལམ་ཆུ་རྒྱུན་དེ་ཆུ་བོ་ཡངས་པའི་རྒྱལ་ཁམས་སྐོར་ནས་རྒྱ་མཚོར་བབས་པ་ལྟར་དགོས་གལ། བོད་མི་ཨ་རིར་གནས་སྤོས་ཀྱི་གནད་ཅིག་ནི་རྒྱ་གར་གཅིག་པུར་མིན་པར་རྒྱལ་ཁབ་གཞན་དུའང་བོད་ཀྱི་འཐབ་རྩོད་དེ་ཤུགས་ཆེའི་ལམ་ནས་འབད་པ་ཞུ་རྒྱུ་ཡོད་གནས་དེ་ཡིན། ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྙན་མི་སྲིད་པའི་དཔེ་དེ་སྲིད་ཕྱོགས་སུ་ཁ་བལྟས་པ་ཞིག་ཡིན་སྙམ། དགོངས་གཞི་ལྟར་ཡོང་གི་ཡོད་དང་མེད་དེ་རང་རེའི་སེམས་ལ་བལྟ་བའམ་བྱ་ར་བྱས་ནས་བརྩིས་དང་།
    བོད་པའི་ཆོས་དང་རིག་གཞུང་དེ་གལ་ཆེ་མ་རེད་ཞུ་ཡི་མེད། དེ་དག་རང་ཚོར་དགོས་པའི་པག་ཁུ་ད་ར་དེ་རེད་ལ་དེའི་ཆེད་དབུ་མའི་ལམ་གྱི་ཐབས་བྱུས་དེ་སྟོན་གནང་རེད། དེ་མིནགྱི་ཐབས་བྱུས་མེད་པའང་ཕེབས་མེད་པ་བཞིན་བོད་ཀྱི་བདག་པོ་བོད་མི་ཡིན་གལ་ལས་ཡིན་གཅིག་མིན་གཅིག་གམ་དེ་དག་མ་ཤེས་ན་མ་འཐུས་ས་ཞིག་ག་ནས་ཡིན་དགོས། བོད་ས་བོད་མིར་བདག་ན་སྐད་ཡིག་གམ་རིག་གཞུང་ལས་ཀྱི་མི་འཁོར་རམ། བསམ་ཚུལ་དུ་སྤེལ་ཡིན། བོད་རྒྱལོ།།

  2. འབྲོང་བུ་སོག་ཚ། says:
    2024-11-22 at 10:41 pm

    བོད་པའི་གནས་དོན་ལ་འཐབ་རྩོད་ཅེས་པ་ཞིག་ལྷག་མེད། གང་ལགས་ཤེ་ན། བཙན་བྱོལ་གཞུང་གི་སྲིད་ཇུས་ནང་བོད་དེ་རྒྱ་འོག་ཏུ་སྡོད་རྒྱུར་ཁས་ལེན་ཡང་ཡང་བྱས་པ་མ་ཚད། ཕྱིས་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་སྐབས་སྤྱི་འཐུས་ལྷན་ཚོགས་ལ་གསང་བ་བྱས་ནས་རྒྱ་ནག་དམར་ཤོག་གི་བཅའ་ཁྲིམས་རང་ནང་སྡོད་རྒྱུར་ཡིག་ངག་གཉིས་ནས་སྤྲད་ཚར་བ་ཡིན་གཤིས། ད་འཐབ་རྩོད་ཅིག་ག་ན་འདུག། ད་ཆ་བོད་པའི་སྤྱི་ཚོགས་ཡོད་མདོག་མདོག་བྱས་པ་དེ་མགོ་སྐོར་རང་རེད་ད།

  3. ཚེ་བརྟན་འགྱུར་མེད། says:
    2024-11-25 at 12:13 pm

    འབྲོང་བུ་སོག་ཚ་ནས། བཙན་བྱོལ་གཞུང་གིས་བོད་དེ་རྒྱ་འོག་ཏུ་སྡོད་རྒྱུའི་ཁས་ལེན་ཡང་ཡང་བྱས་པའི་གནས་དེ་མ་རེད་ཞུ་ཡི་མིན། དེ་ན་རྒྱ་དམར་གཞུང་ནས་སྡོད་མ་བཅུག་པ་གང་གིས་བྱས། རྒྱ་དམར་ལ་དེ་དགོས་པའི་གནས་དོན་ཞིག་ཡིན་པ་ཁྱེད་ནས་ངོས་ལེན་ཡོད་རེ། ཁྱེད་ནས་གནས་དོན་མ་ཤེས་པའམ་མ་རྟོགས་པ་ནི་རྒྱ་དམར་མཉམ་རྒྱའི་རྩ་ཁྲིམས་ལྟར་མི་རིགས་རང་སྐྱོང་ཆ་ཚང་དགོས་པའི་ཆ་རྐྱེན་ཡོད། དེ་བཞིན་བོད་དེ་རྒྱ་འོག་ཡིན་པ་ངོས་མེད་རྩ་པ་ནས་མེད། རྒྱ་འོག་ཏུ་ཤོར་བའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་རྒྱ་འོག་གནས་རྒྱུའི་ཆ་རྐྱེན་བོད་རྒྱ་གཉིས་སྨན་དབུ་ལམ་ཐོག་གྲོས་བསྡུར་གནང་། དུས་དེ་ནས་སྐྱབས་བཅོལ་གཞུང་གི་གྲོས་ཚོགས་ནས་གཏན་འབེབ་པའི་ལངས་ཕྱོགས་དེ་གཞུང་གི་མཛད་གཙོ་ཚོས་འདོད་མོས་ཡོད་མིན་ལ་མ་བལྟོས་པའི་སྲིད་བྱུས་རེད། ཡིན་ཀྱང་ཁྲིམས་མཐུན་འགྱུར་བཅོས་གཏང་ཆོག བཀའ་ཁྲི་རིན་པོ་ཆེར་གནས་དོན་སྐོར་གྲོས་ཚོགས་སུ་གསང་ལམ་ལས་ཞུ་དགོས་དོན་མེད། ཁྱེད་ཀྱི་དགོས་དོན་གང་ཡིན་ངས་མི་ཤེས་ཀྱང་ངས་དངོས་བདེན་དུ་ཞུས་པ་ལས་དེ་མིན་གྱི་རེ་བསམ་གང་ཡང་མེད། གྲོས་ཚོགས་དེ་བཙན་བྱོལ་གྲོས་ཚོགས།
    ཁྱེད་ལ་འཐབ་རྩོད་ཅིག་མེད་ནའང་ཤ་རུས་གཅིག་པའི་བོད་མི་ཚོར་བདེན་པའི་ཐབས་རྩོད་ཡོད་པའི་མཉམ་རྩོད་ཕྱོགས་ཀྱང་རྣམ་གྲངས་དུ་མ་དང་སྤྱི་དང་སྒེར་སོ་སོའི་རང་དབང་དྭང་དུ་བླངས་ནས་ཞུས་པའི་རྒྱ་དབང་ཆེན་གྱི་དཔོན་སྐད་ཤོར། བོད་མིས་རང་སྲོག་དོར་དགོས་ཀྱང་དོར་ནས་རྒྱ་དམར་ལ་ཕར་བརྒོལ་ཞུ་ཡི་ཡོད་པ་མི་ཤེས་པ་གང་ལས་ལུས་སམ།།

  4. གཞུང་པ་ཚེ་དབང་བསོད་ནམས། says:
    2024-11-26 at 10:54 am

    སྤྱི་ལོ་ ༡༩༩༧ ཟླ་བ་ ༩ པའི་ཚེས་ ༡༨ ཉིན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་དབུ་མའི་ལམ་ལ་འགྲོ་རྒྱུའི་གྲོས་ཆོད་བཞག་པ་ལ་འཛིན་སྐྱོང་བཀའ་ཤག་གི་འགན་འཁུར་ནས་བོད་རྒྱའི་འབྲེལ་ལམ་དེ་དབུ་མའི་ལམ་བརྒྱུད་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་གྲོས་ཆོད་ཀྱི་ལམ་སྟོན་རེད། ཟམ་གདོང་རིན་པོ་ཆེ་བཀའ་བློན་སྤྱི་ལོ་ ༢༠༠༢ ནས་རེད། རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འཐབ་བརྩོད་བྱེད་དང་མི་བྱེད་དེ་མི་སོ་སོ་སྒེར་གྱི་རང་དབང་རེད། ་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱིས་འཐབ་རྩོད་དེ་མུ་འཐུད་ནས་སྔོན་འགྱེལ་རྗེས་ལངས་བྱས་འགྲོས་པ་མ་རེད་དམ།

  5. གཞུང་པ་ཚེ་དབང་བསོད་ནམས། says:
    2024-11-26 at 10:58 am

    ནོར་བཅོས འགྲོས་པ་མ་རེད་དམ། དེ་འགྲོ་དགོས་པ་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme