Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅༏༏ དམིགས་བསལ་ཚོགས་ཆེན་གྱི་དགོས་པ།

Posted on 2008-11-17 By namkha 1 Comment on ༄༅༏༏ དམིགས་བསལ་ཚོགས་ཆེན་གྱི་དགོས་པ།

བསྟན་འཛིན་འཇིགས་མེད།
༄༅༏ སྔ་མོ་བོད་ནང་ཛ་དྲག་གི་དུས་ལ་ཚོགས་འདུ་རྒྱས་འཛོམས་ཞེས་པ་ཞིག་ཚོགས་ནས་གནད་དོན་གལ་ཆེ་ཐག་བཅད་སྲོལ་ཡོད་ཀྱང་ཐེངས་འདིའི་དམིགས་བསལ་ཚོགས་འདུ་འདི་སྔར་གྱི་ཚོགས་འདུ་རྒྱས་འཛོམས་དང་མི་འདྲ། ད་རེས་ཀྱི་ཚོགས་འདུ་འདི་གཅིག་ནས་ད་ལོ་བོད་ནང་ཞི་རྒོལ་གཞི་རྒྱ་ཆེན་པོ་བྱས་པ་ནས་བོད་ནང་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ངང་གནས་མུས་དང་གཉིས་ནས་རྒྱ་ནག་གཞུང་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་ཐུགས་འཕྲད་སྐབས་རྣམ་འགྱུར་ཤིན་ཏུ་མཁྲེགས་པོ་བསྟན་ཡོད་པ་སོགས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་གཉན་ཕྲང་གི་མཚམས་འདིར་བོད་ཀྱི་འཐབ་རྩོད་ཀྱི་གནས་བབ་ལ་གོ་བསྡུར་བྱེད་རྒྱུ་དེ་ཡིན།
ཡིན་ན་ཡང་ཚོགས་འདུ་འདི་ཚོགས་པ་ཙམ་གྱིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ནས་དབུ་མའི་མཐར་ཐུག་གི་དགོངས་པ་བློས་བཏང་གནང་བ་ཞིག་མིན་ལ། དབུ་མའི་ལམ་གྱི་བསྒྲུབ་བྱེད་རྒྱ་གཞུང་དང་འབྲེལ་བ་བྱེད་ཡས་དེ་ཡང་མཚམས་བཅད་པ་ཞིག་མིན། ༧གོང་ས་མཆོག་ནས་དུས་ཚོད་དང་ཆབ་སྲིད་ཀྱི་འཕོ་འགྱུར་ལ་གཞིགས་ནས་བོད་དོན་འཐབ་རྩོད་དེ་རྒྱུན་འཁྱོངས་ཡོང་ཆེད་བོད་མིས་དོན་དམ་པའི་འགན་འཁུར་དགོས་པ་གཟིགས་ནས་ད་རིས་ཀྱི་སྡིངས་ཆ་དེ་བསྐྲུན་གནང་བ་རེད།
དེས་ན་ད་རེས་ཀྱི་ཚོགས་འདུ་འདི་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་རྒྱུའི་གོམ་སྟབས་ངེས་ཅན་ཞིག་ཡིན་པ་ལས་འཕྲལ་མར་བོད་གཞུང་གི་ལངས་ཕྱོགས་འགྱུར་བ་གཏོང་ཐུབ་པ་བྱ་རྒྱུ་མ་རེད། བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་ཡོད་ན་དུས་དང་གནས་བབ་ལ་གཞིགས་པའི་འབྱུང་འགྱུར་ལངས་ཕྱོགས་དང་ཐབས་ལམ་ལ་རིམ་པས་འགྲོ་གླེང་ལྷུག་པོའི་ཐོག་ནས་ཡར་རྒྱས་བཏང་ཐུབ།
༧གོང་ས་མཆོག་ནས་དུས་རྒྱུན་དུ་ང་ཚོར་བོད་དོན་དེ་བོད་མིས་འགན་ལེན་དགོས་པའི་སྐོར་བཀའ་སློབ་རབ་དང་རིམ་པ་གནང་གི་ཡོད་ཀྱང་བོད་མིའི་བསམ་བློའི་འཁྱེར་བཟོ་དང་གཤིས་ཀ་གཉིས་ཐད་ནས་འགན་ཚང་མ་༧གོང་ས་མཆོག་ལ་ཕུལ་གང་ཐུབ་བྱེད་ཀྱི་ཡོད་པ་ལོ་རྒྱུས་ལ་ཕྱི་མིག་གཅིག་བལྟས་ན་མཐོང་ཐུབ། དེ་ཡང་༧གོང་ས་མཆོག་དགུང་ན་༡༦ཙམ་ལས་མ་ཕེབས་སྐབས་ནས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཕུལ་ཡོད་ལ་དེ་ནས་བཟུང་ད་བར་ལོ་༦༠ཙམ་རིང་སྐུ་ལས་སྐྱོན་ཡོད། ༧གོང་ས་མཆོག་ཐུགས་བསམ་བློ་རྒྱ་ཆེན་པོ་དང་ཕུགས་རྒྱང་རིང་པོར་གཟིགས་ཐུབ་པ་སོང་ཙང་བོད་གཞུང་གི་སྒྲིག་འཛུགས་དེ་མང་གཙོར་འགྱུར་བ་གནང་སྟེ་བོད་ཀྱི་འཐབ་རྩོད་ཀྱི་འགན་བོད་མི་དམངས་ཀྱི་འཁུར་ཐུབ་ནས་ཡུན་རིང་རྒྱུན་མཐུད་ཐུབ་པའི་ཐུགས་རེ་མཛད་ཡོད།
བཙན་བྱོལ་བོད་གཞུང་རྩ་ཁྲིམས་དང་གཞུང་ལུགས་གཉིས་ཐོག་ནས་མང་གཙོའི་གཞུང་ཞིག་ཏུ་འགྱུར་ཐུབ་ཡོད། འོན་ཀྱང་ད་ལྟའི་དུས་སུ་བོད་གཞུང་དང་མི་དམངས་གཉིས་ཀྱི་ནང་མང་གཙོའི་ལམ་སྲོལ་དང་གོ་རྟོགས་ལ་ཡར་རྒྱས་འགྲོ་དགོས་པའི་ཆ་ད་དུང་མང་པོ་ཡོད་པ་རེད། དཔེར་ན་བོད་མི་དམངས་སྤྱི་མཐུས་ནང་ད་བར་དུ་དབུ་མའི་ལམ་ལ་བསྐྱར་ཞིབ་བམ་དེའི་དགེ་སྐྱོན་མཐའ་དག་ལ་བགྲོ་གླེང་ལྷུག་པོ་གནང་མྱོང་མེད། དབུ་མའི་ལམ་དང་གྲོས་མོལ་གཉིས་ནི་བོད་གཞུང་གི་སྐབས་སུ་འབབ་པའི་དམིགས་ཡུལ་དང་ལམ་ཕྱོགས་ཡིན་པས་དེའི་ཐོོག་སྤྱི་འཐུས་ནང་བགྲོ་གླེང་མེད་ཟེར་བ་མང་གཙོའི་སྒྲིག་འཛུགས་ཞིག་ཡིན་པའི་ཆ་ནས་ཡ་མཚན་མ་རེད་དམ། མི་དམངས་ནང་ལའང་རྒྱུ་མཚན་ལ་མ་བརྟེན་པར་དད་པར་བརྟེན་ནས་ཨུ་ཚུགས་བྱེད་མཁན་མང་དག་ཅིག་གྱིས་གུ་ཡངས་པོའི་བགྲོ་གླེང་དང་ཡར་རྒྱས་ལ་འགག་ཆ་ཡང་ཡང་བྱེད་ཀྱི་ཡོད་པ་དེ་ཚོ་ནི་༧གོང་ས་མཆོག་གི་བཀའ་དང་འགལ་ཡོད་ལ་བོད་ཀྱི་འཐབ་རྩོད་ལའང་མི་ཕན།

དེ་སྔོན་ཕྱི་ལོ་༡༩༩༠ནང་༧གོང་ས་མཆོག་ནས་མང་གཙོའི་སྡིངས་ཆ་ཐོག་མ་ཞིག་བསྐྲུན་གནང་ནས་བོད་ཀྱི་འཐབ་རྩོད་ཀྱི་འགན་བོད་མིར་མར་གནང་ཡོད་ཀྱང་བོདང་མིས་ཡང་བསྐྱར་འགན་ཆ་ཚང་༧གོང་ས་མཆོག་ལ་ཡར་ཕུལ་ཡོད་པ་ནི་གུས་ཞབས་དང་ཆེ་མཐོང་། ཡིད་ཆེས་སོགས་གང་ཡང་མིན་པར་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་འདི་གཡོལ་ཐབས་བྱས་པ་ཞིག་རེད། དེ་ནི་མང་གཙོའི་ངོ་བོ་དང་ཤིན་ཏུ་ཐ་དད་ཡིན་ལ། ༸གོང་ས་མཆོག་གིས་བསྣམ་པའི་འཁུར་བོ་དེ་ང་ཚོས་ལྕི་རུ་གང་ཐུབ་བཏང་བཞིན་པའི་དངོས་ཡོད་དེའང་རེད།
༧གོང་ས་མཆོག་ནས་བཙན་བྱོལ་སྤྱི་ཚོགས་འདི་གང་ཉིད་ཁོ་ནར་བརྟེན་མི་དགོས་པར་རང་ཚུགས་ཟིན་ཐུབ་ཐབས་སུ་བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུ་བྱེད་རྒྱུ་དང་༧གོང་ས་མཆོག་ཉིད་ཕྱེད་རྒས་ཡོལ་དུ་བཞུགས་རྒྱུའི་རླབས་ཆེན་གྱི་དགོང་གཞི་འདི་བོད་མིའི་ཁྲོད་དུ་མགོ་ཚོད་མཁན་ཉུང་།
ད་རེས་ཀྱི་ཚོགས་འདུ་འདི་ཕྱོགས་གཅིག་ནས་ཉེ་བའི་ཚུན་གྱི་བོད་ནང་གི་ཛ་དྲག་དང་གྲོས་མོལ་ལམ་ལྷོང་བྱུང་གི་མེད་པའི་ཐད་བོད་མིའིནང་བསམ་ཚུལ་བསྡུ་ལེན་བྱེད་ཡས་ཡིན་ལ། དེ་ལས་གལ་ཆེ་བ་ནི་༧གོང་ས་མཆོག་སྐུ་འཚོ་ཞུགས་སྐབས་བོད་མིའི་སྤྱི་ཚོགས་དང་བོད་གཞུང་གཉིས་རང་འཚོ་རང་ཚུགས་ལྡན་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་རྒྱུན་མཐུད་ཐུབ་པའི་གནས་སུ་སླེབས་པར་བྱ་རྒྱུའི་སྦྱོང་བརྡར་ཞིག་ཡིན།

ད་ལྟའི་ཆར་ཚོགས་འདུ་འདི་ཚོགས་རྗེས་བོད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་རེད་བསམ་པ་མེད། མིག་སྔའི་འཛམ་གླིང་གི་གནས་སྟངས་དང་ཆབ་སྲིད་ཀྱི་འཕོ་འགྱུར་ལ་གཞིགས་ན་དབུ་མའི་ལམ་མུ་མཐུད་ན་བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་པ་ཚུད་པའི་འཕྲལ་ཕུགས་གང་ལ་བལྟས་ཀྱང་ཁེ་ཕན་མང་པོ་ཡོད། གལ་སྲིད་འགྱུར་བ་ཕྱིན་པ་ཡིན་ན་བོད་མིའི་འཐབ་རྩོད་ལ་ཕྱོགས་གང་ས་ནས་ཕན་ལས་གནོད་ཆེ། དེ་ཡང་དབུ་མའི་ལམ་འདི་༧གོང་ས་མཆོག་གིས་སྟོན་གནང་བའི་ལམ་ཡིན་ལ་བོད་མི་མང་ཆེ་བས་ཁས་ལེན་བྱེད་བཞིན་པའི་ལྟ་བ་ཡིན་པ་སོང་ཙང་འགྱུར་བ་ཕྱིན་ན་རྙོག་འཛིང་ཡོང་ངེས་རེད།

དེ་ལས་ཚོགས་འདུ་འདིའི་ལམ་ནས་བཙན་བྱོལ་བོད་མིའི་མངོན་འདོད་གང་ལ་གང་ཙམ་ཤེས་ཐུབ་པའི་དགེ་ཚན་ལ་གཟིགས་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་པའི་གུ་ཡངས་ཀྱི་མང་གཙོའི་སྡིངས་ཆ་རྒྱུན་འཁྱོངས་བྱེད་དགོས་པ་འདི་གཞུང་དམངས་གཉིས་ངོས་ནས་གལ་ཆེར་འཛིན་དགོས། ལྷག་པར་བོད་གཞུང་ངོས་ནས་འབྱུང་འགྱུར་བོད་མིའི་ནང་གི་བསམ་ཚུལ་མི་འདྲ་བ་ཡོད་པ་རྣམས་གྲོས་བསྡུར་དང་བགྲོ་གླེང་བྱེད་སའི་སྤྱི་འཐུས་ཀྱི་སྡིངས་ཆ་འདི་ཚགས་ཚུད་དུ་གཏོང་རྒྱུ་ཚོགས་ཆེན་འདིའི་བརྒྱུད་རིམ་ནས་དཔེ་སླངས་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
དེས་ན་ཚོགས་འདུ་འདིའི་ཐོག་བསམ་འཆར་གང་འདོན་པ་རྣམས་ལ་བོད་གཞུང་ངོས་ནས་མང་གཙོའི་ལམ་གཞིར་བཟུང་དཔྱད་ཞིབ་གནང་ཐོག་ཐག་གཅོད་ཀྱང་ཕྱི་གསལ་ནང་གསལ་ཞིག་གནང་རྒྱུ་གལ་ཆེ།

གསར་འགྱུར།

Post navigation

Previous Post: བཙན་བྱོལ་བོད་གཞུང་གིས་ཐག་སྔོན་དུ་བཅད་ནས་གྲོས་རྗེས་ལ་དྲིས་པ་ཞིག་དེ་སྔ་ཡང་བྱས་མྱོང་མེད།༼བོད་གཞུང་བཀའ་ཤག་གིས་དམིགས་བསལ་ཚོགས་ཆེན་སྟེང་གསུང་བཤད༽
Next Post: དེབ་ཐེར་ནག་པོ།

Comments (1) on “༄༅༏༏ དམིགས་བསལ་ཚོགས་ཆེན་གྱི་དགོས་པ།”

  1. ཀླུ་སྨྱོན། says:
    2008-11-17 at 9:37 pm

    འཛམ་གླིང་མི་དམངས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་པ་ནི་སྐྱག་རྫུན་རེད། འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅེ་ན་བདེན་པ་རེད། འཛམ་གླིང་གི་མགོ་ཁྲིད་མགོ་བདེ་སུ་གཅིག་གིས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་དེ་བོད་ལ་སྤྲོད་ཤོག་ཟེར་ནས་སྐད་ཆ་བཤད་མྱོང་ཡོད་པ་མ་རེད། སྙིང་རྗེ། རང་མགོ་རང་གིས་གཡོགས་ནས་ཏོབ་ཀྱི་ལི་ལི། །རང་སེམས་རང་གིས་གསོས་ནས་དགའ་ཀྲོག་ཀྲོག་ཅེས་པ་འདི་ང་ཚོའི་སྲིད་དོན་པ་ཚོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme