Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །བྱང་ཨ་རིའི་ས་གནས་སྦོསེ་ཊོན་གྱིས་བཀའ་སྤྱིའི་འོས་འདེམས་སྐོར་གསལ་བཤད།

Posted on 2010-11-08 By དབང་ཕྱུག་ 9 Comments on ༄༅། །བྱང་ཨ་རིའི་ས་གནས་སྦོསེ་ཊོན་གྱིས་བཀའ་སྤྱིའི་འོས་འདེམས་སྐོར་གསལ་བཤད།

ངག་དབང་ནོར་བུ།

ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢ དགོང་དྲོའི་ཆུ་ཚོད་ ༩ པའི་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་བརྒྱུད་གསར་བཀོད་པ་སྐལ་ལྡན་བློ་བྲོས་ལགས་ནས་ བཞུགས་སྒར་རྡ་རམ་ས་ལར་འོས་བསྡུ་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་ཆོས་ བཟང་ལགས་སུ་འོས་བསྡུའི་སྐོར་བཅར་འདྲི་གནང་དོན་ལྟར་སྐུ་དངོས་འཇམ་དཔལ་ཆོས་ བཟང་ལགས་ནས་ཨ་རིའི་ས་གནས་སྦོསེ་ཊོན་Boston དུ་འོས་འདེམས་སྐབས་ཁྱེན་མཚཪ་པོ་བྱུང་འདུག་པའི་སྐོར་གསུངས་སོང་བས་བློ་འཕམ་ཆེན་ པོའི་ངང་དེ་སྐོར་གསལ་བཤད་ཕྲན་བུ་ཞིག་མི་ཞུ་མཐུ་མེད་བྱུང་སོང་བས། དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁྱེན་རྟོགས་མེད་པར་མི་ངན་རེ་གཉིས་ཀྱི་ཁ་ལ་འཆོར་ཏེ་གནས་ཚུལ་གང་བྱུང་མང་བྱུང་འདྲེམ་སྤེལ་གནང་ན་ས་གནས་སུ་གནས་འཁོད་བོད་མི་ ཡོངས་དང་ལྷག་པར་དུ་ས་གནས་སུ་གླ་མེད་ལྷག་བསམ་ལྡན་པའི་ལས་བྱེད་རྣམས་བློ་འཕམ་ ཆེན་པོ་ཡོང་རྒྱུར་ས་གནས་སུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྒྱུན་ལས་རྣམས་ལ་ཐད་ཀར་འབྲེལ་བ་གནང་སྟེ་གནས་ཚུལ་ཇི་མ་ཇི་བཞིན་གང་ཡིན་པ་དྲི་རྩད་གནང་དགོས་པ་ལས་རང་ངོས་ནས་སྤྱི་ཚོགས་ལ་མཐུན་འགྱུར་སྤུ་ཙམ་ཡང་མེད་པར་རྐྱོན་དང་ནོར་འཕྲུལ་ཤ་གཅིག་བསྲུང་མཁན་མི་ངན་རེ་གཉིས་ཀྱི་དཀྲོག་གཏམ་ལ་གསན་འཇོག་མི་གནང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། དངོས་ཡོད་གནས་ཚུལ་ནི། ཕྱི་ཟླ་ ༡༠ ཚེས་ ༣ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ས་གནས་སྦོསེ་ཊོན་ཀུ་རུ་ཀུ་ལའི་ནང་པའི་ཆོས་ཚོགས་སུ་ཕྱི་ལོ་ ༢༠༡༡ ལོའི་ བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཀྱི་ལས་སྒོ་བཙུགས་པ་དང་སྒོ་མ་བཙུགས་གོང་ལ་ དགོན་པའི་གཡས་གཡོན་དུ་འོས་མི་སྒེར་ཀྱི་རྒྱབ་སྐྱོར་འབོད་བསྐུལ་འདྲེམ་ཤོག་ཆ་ ཚང་བསྡུ་རུབ་ཀྱི་འོས་ཤོག་འཕེན་སྒོ་བཙུག དེ་རྗེས་འོས་འཕེན་མི་གྲངས་བཅུ་ཅོ་ལྔའི་རྗེས་སུ་སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་ མཁན་གང་མང་དུ་ཕྱིན་རྗེས་སྐབས་དེར་ས་གནས་ཚོགས་གཙོ་གསར་པ་སྐུ་ཞབས་གཡང་འཕེལ་ལགས་ནས་དྲ་ལམ་www.tibetanpoliticalreview.org/home/na-chitue-candidates རྒྱུད་གསལ་བསྒྲགས་གནང་བའི་འོས་མི་ཆ་ཚང་ཞིག་པར་བསྐྲུན་གནང་བ་ཞིག་གནམ་འདུག་པ་དེ་ བཞིན་མི་མང་གིས་མཁྱེན་རྟོགས་དང་འོས་ཤོག་ཆུ་ཟོས་སུ་མི་འགྲོ་བའི་ཐབས་ཤེས་ཀྱི་ དང་ཐོག་ཏུ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་དུ་ཁ་པར་རྒྱུད་བཀའ་འདྲི་དགོངས་སྐོར་ ཞུས་པ་དང་དོན་ཁང་ནས་གསུང་དོན་དུ་སྤྱིར་བཏང་གཞུང་འབྲེལ་ཐོག་མི་ཆོག་ཀྱང་འོས་ ཤོག་ཆུ་ཟོས་སུ་མི་འགྲོ་བའི་ཐབས་ཤེས་ཡིན་ན་ས་གནས་འཐུས་མི་རྣམས་དང་གོ་བསྡུར་གྱི་ཐག་གཅོད་བྱེད་འཐུས་པའི་བཀའ་ཕེབས་པ་གཞི་བཟུང་ས་གནས་བརྒྱུན་ལས་རྣམ་པ་དང་འགན་འཛིན་ལྷན་ཚོགས་བཅས་བཀའ་བསྡུར་གྱིས་གོང་འཁོད་དྲ་ལམ་རྒྱུད་ཐོན་པ་ཤ་ཅིག་ལས་འདེམས་འགྲུགས་སོགས་རྩ་བ་མེད་པའི་ཐོག་འདྲེམ་སྤེལ་ཞུས་པ་རེད། དེ་ས་ཆུ་ཚོད་གཅིག་མ་ཟིམས་ཙམ་ལ་དོན་ཁང་ནས་ཞལ་པར་འབྱོར་དོན་དུ་མིང་གཞུང་འདྲེམས་སྤེལ་བྱས་པ་སྒྲིག་མིན་གྱི་ས་གནས་ནས་ཁ་པར་འབྱོར་བྱུང་བས་ད་ལྟ་ལམ་སེང་མིང་གཞུང་རྣམས་བསྡུ་རུབ་བགྱི་ཅེས་བཀའ་ཕེབས་མ་ཐག་མིང་གཞུང་རྣམས་ཆ་ཚང་བསྡུ་རུབ་ཞུས་སོང་བ་མ་ཏོགས་དེ་མིན་ས་གནས་སུ་འོས་འཕེན་སྐབས་ལྐོག་ཟ་རུལ་བཟུང་གི་ བྱ་སྤྱོད་དང་ཁྱེན་མཚར་རྒྱུའི་བྱ་བ་གང་ཡ ང་བྱུང་མེད་པའི་གསལ་བཤད་ཞུ་གི་ཡོད།

༼གསལ་བཤད་འདི་བཞིན་མ་ཕྱི་སོར་འཇོག་གིས་བཀོད་ཡོད། རྩོམ་སྒྲིག་པས།༽

གསལ་བསྒྲགས།

Post navigation

Previous Post: འདྲི་གཅོད་ཀྱི་ཉིན་ཐོ་བཀླག་རྗེས།
Next Post: “མི་གྲངས་ཉུང་བའི་རྫོང་གི་དབུལ་སྐྱོར་ལས་དོན་ཆེན་མོ།”ཟེར་བ་འདི་ཅི་རེད།

Comments (9) on “༄༅། །བྱང་ཨ་རིའི་ས་གནས་སྦོསེ་ཊོན་གྱིས་བཀའ་སྤྱིའི་འོས་འདེམས་སྐོར་གསལ་བཤད།”

  1. སྤོབས་པ་མཐའ་ཡས། says:
    2010-11-08 at 8:00 pm

    ཁྱེན་འཚར་པོ་ངོས་ནས་ཅུང་ཞག

  2. བློ་གྲོས་མཐའ་ཡས། says:
    2010-11-08 at 10:49 pm

    ((སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་ མཁན་གང་མང་དུ་ཕྱིན་རྗེས་))
    སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་མཁན་དེ་ཚོ་སྐྱག་པ་ཟ་གི་ཡོང་ནི་ཡིན་རྒྱུ་རེད་པ།    མ་གཞི་སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་མཁན་མང་པོ་ཞིག་གང་ནས་གསར་དུ་ཐོན་པ་ཡིན་ནམ།   Boston མ་གཏོགས་ས་གནས་གང་སར་སྤྱི་འཐུས་འོས་མི་སུ་ཡང་མི་ཤེས་མཁན་མང་པོ་ཞིག་བྱུང་རབས་མི་འདུག   གསལ་བཤད་འདིས་ཧ་ལམ་ཇེ་བརྩོག་ཏུ་བཏང་འདུག་པ་འདྲ།   གསལ་བཤད་འདི་ལས་མེད་ན་གསལ་བཤད་མ་བྱས་ན་ཡག་ས་རེད།

  3. ཤེལ་དཀར་ལེགས་བཤད། says:
    2010-11-09 at 2:51 am

    གསལ་བཤད་འདི་ཕན་ཐོགས་ཆེན་པོ་ཡོང་བ་འདུག་གལ་སྲིད་དབུས་འོས་བསྡུ་ལྷན་ཁང་ནས་གནས་ཚུལ་བྱུང་རིམ་འདི་དག་ལ་ཐུགས་འགན་བཞེས་ཚེ་འོས་བསྡུའི་ལས་རིམ་ཡོངས་རྫོགས་བསྐྱར་དུ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད།གལ་སྲིད་དེ་ལྟར་མ་བྱུང་ཡང་ས་གནས་དེ་གའི་འོས་ཤོག་ཡོངས་རྫོགས་རྩིས་མེད་དང་ས་གནས་འོས་བསྡུ་ལས་ཁང་དང་ལྷག་པར་ཨ་རིའི་སྐུ་ཚབ་དོན་གཅོད་ལ་ངེས་པར་ཁྲིམས་མཐུན་ཉེས་ཆེད་གཏོང་དགོས་ངེས་ལས་དེ་གནད་དོན་ཆུང་ཆུང་ཞིག་རྩ་བ་ནས་ཆགས་ཡོད་པ་མ་རེད།

  4. ཨ་རུ་ར། says:
    2010-11-09 at 6:30 am

    རང་གིས་རྡོ་ཞིག་གནམ་ལ་འཕང་བ་དེ་ཕྱིར་རང་གི་མགོ་ལ་ཕོགས་འདུག

  5. Ogyend says:
    2010-11-09 at 6:38 am

    ང་ཚོ་བོད་མི་ཡུལ་གྱར་བ་ཕལ་མོ་ཆེ་ཁ་ཐོར་དུ་གནས་ཡོད་སྟབས་སྤྱི་འཐུས་ཀྱི་འོས་མི་ས་གནས་སོ་སོས་ངོ་གང་ཤེས་ལ་བླུགས་པ་ཡིན་ན་འོས་གཞི་ཧ་ལས་པའི་མང་པོར་གྱུར་ངེས་ཡིན་སྐྱོན་ཆེན་པོ་ཞིག་ཡོད། འདི་ལོར་འོས་བླུག་མཁན་མང་ཆེ་བས་འགྲེམ་སྤེལ་བྱས་པའི་འདྲ་བཤུ་རེ་བསྣམ་རྒྱུ་འདུག དེ་ཡང་ཕྲན་རང་ཉིད་སྡོད་སར་དབུས་གཙང་ཆོལ་ཁའི་འོས་བླུག་མཁན་ཕལ་ཆེ་བས་དབུས་གཙང་རྒྱུན་ལས་ནས་བཏོན་པའི་འོས་མིའི་མིང་བཀོད་པའམ་འོས་ཤོག་ནང་མིང་བྲིས་རོགས་བྱེད་མཁན་ལ་དབང་ཆ་ཆ་ཚང་གནང་ནས་བྲི་རུ་འཇུག་པ་ལསརང་སོ་སོས་ཐག་གཅོད་ཐོག་བླུག་མཁན་ཤིན་ཏུ་དཀོན་པའི་ཚོར་སྣང་བྱུང་། སྐབས་དེར་བློ་ཕམ་ཆེ་བ་ཞིག་ལ་འོས་མི་འགས་སྤུན་ཉེ་རྣམས་ཀྱིས་འོས་བླུག་སར་སྡོད་ནས་གང་གི་མིང་འོས་ཤོག་འགེངས་མི་ཐུབ་མཁན་ཚོའི་འོས་ཤོག་ནང་བྲིས་རོགས་བྱེད་པ་དང། འོས་མིར་མིང་ཚུད་ནས་ཡོད་པ་ཞིག་གིས་ཀྱང་ཉིན་གང་འོས་བླུག་སར་སྡོད་ནས་འོས་བླུག་མཁན་ཚོར་འོས་ཤོག་འགེངས་རོགས་བྱེད་པ་སོགས་ཚུལ་མིན་གང་མང་ཞིག་མཐོང་ཆོས་སུ་བྱུང་བ་ཙམ་དུ་མ་ཟད། འོས་བསྡུ་འགན་འཛིན་ནས་དེ་དག་མཐོང་བཞིན་དུ་ཡ་མེད་བྱས་པ་ལས་ཐུགས་ཚབས་གང་ཡང་གནང་གི་མི་འདུག དངོས་གནས་ང་ཚོའི་མང་གཙོ་འདི་ཡ་མཚན་ཞིག་འདུག་བསམ་བྱུང། བཀྲིས་བདེ་ལེགས།

  6. བྱམས་པ་ says:
    2010-11-09 at 9:56 am

    སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་གསུམ་པའི་ནང་ལ་གནང་ཡོད་ཀྱང་བགྲོ་གླེང་ནི་ཟླ་བ་ཁ་ཤས་སྔོན་ནས་ཟིང་ལང་སོང་། སྤྱིར་བགྲོ་གླེང་བྱེད་པ་ནི་ལེགས་པའི་ཆ་དང་དགོས་ངེས་ཞིག་ཡིན་ཀྱང་འུ་ཅག་གི་བགྲོ་གླེང་བྱེད་སྟངས་ནི་ཆོལ་ཁ་ཆོས་ལུགས་ཀྱི་ལ་རྒྱ་ཁོ་ན་བཅངས་ནས་བྱེད་བཞིན་འདུག འདིའི་རྐྱེན་གྱིས་ང་ཚོ་བོད་མི་རིགས་ཀྱི་དམངས་གཙོའི་ལམ་ལུགས་འདི་ལ་ཞེན་པ་གཏིང་ནས་ལོག་སོང་། སྤྱིར་ཁོ་བོས་སྔོན་མ་ནས་ང་ཚོའི་བོད་པའི་དམངས་གཙོའི་ལམ་ལུགས་དེ་ལ་བཅོས་བསྒྱུར་བྱེད་རྒྱུ་ལ་འདོད་པ་དང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན། ད་ལྟའི་ཆོལ་ཁ་ཆོས་ལུགས་ཀྱི་ལམ་ལུགས་འདིའི་འོག་ནས་མུ་མཐུད་ནས་ཕྱིན་པ་ཡིན་ན་ཕྱིས་སུ་རང་བཙན་ཐོབ་སྐབས་ཕལ་ཆེར་རྒྱ་གར་ལུང་པ་ཁ་འཐོར་ཕྱིན་པ་བཞིན་དུ་དུམ་བུ་གསུམ་དུ་འགྲོ་རྒྱུར་སྔ་ཕྱི་མ་གཏོགས་ཐག་ཆོད་པ་འདུག དེ་བས་དམངས་གཙོ་རྒྱལ་ཁབ་གཞན་ལ་དཔེ་བླངས་ནས་གང་གི་ཕྱོགས་སུ་བསྐྱོད་རྒྱུར་ད་ལྟ་ནས་སྦྱོང་བརྡར་དང་གྲ་སྒྲིག་བྱེད་དགོས་པར་སྙམ། ད་ལྟ་གོང་ས་མཆོག་སྐུ་འཚོ་བཞུགས་སུ་གྲ་མི་སྒིག་པ་བྱུང་ན་ཡང་སློབ་སྟོན་ཞུ་ས་ཡོད། ཉེ་ཆར་མཁས་དབང་འཇམ་དབྱངས་ནོར་བུས་་སྲིད་དོན་ཚོགས་པ་ལྡན་པའི་དམངས་གཙོའི་ལམ་ལུགས་དེ་ཚད་ལྡན་དང་རན་ཤོས་ཡིན་པའི་སྐོར་གྱི་རྩོམ་སྤེལ་འདུག་པ་དང་། ཡང་སྒོ་ཕྲུག་བསྐལ་བཟང་ཕུན་ཚོགས་ཀྱིས་ད་ལྟའི་ཆོལ་ཁ་ཆོས་ལུགས་ཀྱི་སྤི་འཐུས་གྲངས་འབོར་གཞིར་བཞག་ཐོག་བོད་མི་རྣམས་ཀྱིས་འོས་གྲངས་བཅུ་ཆོལ་ཁ་ཆོས་ལུགས་ཁྱད་མེད་ཀྱི་སུ་ལ་བླུགས་པ་ཡིན་ན་ཡང་ཆོག་རྒྱུ་ཟེར་བ་དང་། ཡང་ཉེ་ཆར་འཇམ་དཔལ་ཚུལ་ཁྲིམས་ཟེར་བས་བོད་ཀྱི་དུས་བབས་དྲ་ཚིག་ཐོག་དམངས་གཙོའི་བཅོས་བསྒྱུར་ཟེར་བའི་རྩོམ་གཅིག་སྤེལ་ནས་དེའི་ནང་དུ་བོད་རིགས་ས་ཁུལ་དེ་འོས་འདེམས་ས་ཁུལ་སུམ་ཅུར་བགོས་ནས་འོས་བསྡུ་བྱ་རྒྱུར་མ་ཟད་། བོད་རིགས་གང་ཞིག་འོས་འདེམས་ས་ཁུལ་དེ་ནས་སྐྱེས་མེད་ན་ཡང་ས་ཁུལ་དེའི་སྤྱི་འཐུས་ལ་ལངས་ཆོག་པ་བཟོ་རྒྱུ། དེ་བཞིན་དུ། ཕ་ཡུལ་དྲ་རྒྱ་ནང་དམངས་གཙོ་བཅོས་བསྒྱུར་སྐོར་གྱི་རྩོམ་མང་དག་ཅིག་སྤེལ་བཞིན་འདུག འདིས་གང་བསྟན་ཅེ་ན་ད་ལྟའི་ང་ཚོའི་དམངས་གཙོ་ལམ་ལུགས་དེ་ཡང་དག་པ་མ་ཡིན་པ་དང་ལམ་ལུགས་འདིས་ང་ཚོ་བོད་རིགས་ནང་དུ་མངོན་གསལ་དོད་པའམ་རྣམ་རྟོག་གི་ཀློང་དུ་འཁྲུགས་རྐྱེན་མང་དག་ཅིག་བཟོ་བཞིན་ཡོད་པ་ཡིན་ཙང་བསྒྱུར་བཅོས་དགོས་པར་ཤུགས་རྒྱག་བཞིན་ཡོད། འོན་ཀྱང་སྤྱི་འཐུས་གྲོས་ཚོགས་ནི་དེའི་སྐོར་ལ་བགྲོ་གླེང་བྱ་རྒྱུར་གྲ་སྒྲིག་མེད་པ་མ་ཟད་འདོད་མོས་ཡང་མེད། གང་ཡིན་ཟེར་ན། གལ་སྲིད་ལམ་ལུགས་འདིའི་སྒང་ལ་ཕྱིན་པ་ཡིན་ན་སྤྱི་འཐུས་མང་ཆེ་བའི་ཞབས་སྟེགས་ཤོར་ངེས་ཡིན།

    བྱས་ཙང་ང་ཚོའི་དམངས་གཙོའི་ལམ་ལུགས་དེ་ལ་བཅོས་བསྒྱུར་ཐོག་ལ་བསམ་བློ་ཅི་སྟེ་གཏོང་དགོས་པར་འདུག་སྙམ།

  7. ཤེལ་དཀར་ལེགས་བཤད། says:
    2010-11-10 at 2:51 am

    གསལ་བཤད་འདི་ཡག་པོ་བྱུང་བ་རེད་བསམ།གང་ལ་ཞེས་ན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ཡོངས་སུ་རྩིས་མེད་བཏང་བས་བྱ་སྤྱོད་ནི་ཆེས་ནག་ཉེས་ཆེ་བའི་གནད་དོན་ཞིག་ཡིན་པ་གསལ་པ་ཆགས་པ་རེད།རྩ་བའི་ཆ་ནས་སྔོན་འགྲོའི་ལས་བསྡུའི་ལས་རིམ་ཡོངས་རྫོགས་བསྐྱར་དུ་བྱེད་དགོས་པའི་གནས་སྟངས་ཤིག་རེད།་དེ་ལྟར་མ་བྱུང་ཡང་དབུས་འོས་བསྡུའི་ལྷན་ཁང་ནས་ས་གནས་འོས་བསྡུ་ཚོགས་ཆུང་དང་ལྷག་པར་ཨ་རི་སྐུ་ཚབ་དོན་གཅོད་གཉིས་ལ་ཁྲིམས་མཐུན་ཉེས་ཆེད་དང་ས་གནས་འོས་ཤོག་ཡོངས་རྫོགས་རྩིས་མེད་གཏོང་དགོས་པའི་གནས་སྟངས་ཆགས་པ་རེད།གལ་སྲིད་དེ་ལྟར་མ་བྱུང་ཚེ་དེ་ལྟར་གྱི་ངན་བྱུས་དང་འོས་བསྡུའི་ལས་རིམ་ཚུལ་མིན་ཆགས་རྒྱུ་ནི་ངེས་པ་ཞིག་རེད།འོས་ཤོག་འཕེན་མཁན་གྱི་མ་ཤེས་ཀྱང་ས་གནས་འོས་བསྡུ་ཚོགས་ཆུང་དང་སྐུ་ཚབ་དོན་གཅོད་ཁང་ནས་མ་མཁྱེན་པ་ཞིག་ཡིན་མི་སྲིད།དེ་ལས་དོན་ཁང་དང་ས་གནས་འོས་བསྡུ་ལས་གཉིས་ནས་སྔོན་ཚུད་གསལ་བསྒྲགས་དང་དེ་ལྟར་མི་ཡོང་བས་ལས་འགུལ་སྣ་ཚོགས་བརྒྱུད་བསྒྲགས་མ་བྱས་པར་བོད་ཀྱི་གཏམ་དཔེར་ནམ་ལངས་ཁར་གཅིན་པ་ཤོར་ཟེར་བ་བཞིན་འོས་ཤོག་འཕེན་པའི་ཉིན་མོར་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་དེ་འདྲ་བློ་ཕམ་གྱི་རང་བཞིན་དང་འབྱུང་འགྱུར་དེ་ལྟར་མི་ཡོང་བའི་ཐབས་ལམ་ཡང་དབུས་འོས་བསྡུ་ལྷན་ཁང་ནས་ཕྲལ་དུ་གནང་གལ་ཤིན་ཏུ་ཆེ་འོ།

  8. Tsering wangdi says:
    2010-11-10 at 10:28 am

    It is totally embarrassment /mortification to Boston Tibetans. As a Tibetan I am ashamed of our Kungo Dhonchod who failed to perform his duty and executives Boston and above all perjured the Exile governments constitution and Charter of Election. He is supposed to implement the rules and regulations of Election, but failed to execute those and he should be punished for his deeds.
    For Executive members TAB they also failed to execute the Charter of Election and they haven’t done any workshop to educate the community for the Election and let community be aware of rules and regulations of Election. If they had done these than this wouldn’t happen.
    I request our TGIE to further action against the Kungo Dhonchod for his failure.

    Thank you,

  9. Drikhang Thupten says:
    2010-11-10 at 11:31 pm

    བྷོས་ཌན་བོད་རིགས་སྤྱི་མཐུན་ཚོགས་པ་ནང་བཞིན་ས་གནས་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཚང་མ་དང་བླང་ཞབས་ཞུའི་ངོ་བོར་ལས་དོན་གནང་མཁན་ཤ་སྟགས་རེད། འོས་བསྡུའི་ཉིན་འགན་འཁུར་ལེན་ཕྱོགས་ལ་རང་གི་ནོར་འཁྲུལ་བྱུང་བ་དེ་ཁས་ལེན་དགོས། གལ་སྲིད་སྐོུ་དོན་གཅོད་ཀྱིས་དེ་ལྟར་ལམ་སྟོན་གནང་ཡོད་ན། དེ་ནི་དབང་ཚང་མེད་པའི་ཐག་གཅོད་ཀྱི་ལམ་སྟོན་གནང་བ་ཞིག་རེད། སྐོུ་དོན་གཅོད་ཀྱིས་ལས་འགན་བཞེས་ཐུབ་མེད། འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་འཕེན་ཡུལ་དུ་འོས་མིའི་མིང་ཐོ་སོགས་ཤོག་ལྷེ་འགྲེམས་བཀྲམ་བྱེད་མི་ཆོག་པ་དེ་གསལ་པོ་འཁོད་ཡོད། ལར་ནས་བྱང་ཨ་རིའི་ནང་འོས་བསྡུའི་ལས་དོན་ཐོག་འགན་འཁུར་ཡོད་མཁན་ཚོར་འོས་བསྡུའི་སྒྲིག་གཞིའི་ཡིག་ཆ་མེད་པ་དེ་དོན་གཅོད་ཁང་གིས་ནོར་འཁྲུལ་རེད། དོན་གཅོད་ལས་ཁུངས་ནས་ས་གནས་སོ་སོར་རབ་བྱུང་ན་འོས་བསྡུའི་སྒྲིག་གཞིའི་ངོ་བཤུས་གནང་དགོས་ཀྱང་། གལ་སྲིད་དེ་ལྟར་མ་བྱུང་ནའང་། འོས་བསྡུ་བྱེད་ཕྱོགས་དང་འབྲེལ་བའི་ཤོག་ལྷེ་པར་བཤུས་གནང་ནས་འགྲེམས་སྤེལ་གནང་ཐུབ་ཡོད་ཚེ་ ས་གནས་སོ་སོར་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཡོད། ས་གནས་དང་དོན་གཅོད་ཁང་གཉིས་ཀས་འཐུས་ཤོར་རེད། ས་གནས་གཞན་ལའང་དེ་མཚུངས་བྱུང་མེད་པའི་རེ་བ་ཡོད།་་འབྲི་ཁང་ཐུབ་བསྟན་གྱིས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme