Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །དྲན་ཐོ་རྡོ་རིང་མ་བཀླགས་པའི་མྱོང་ཚོར་ཐར་ཐོར་མ།

Posted on 2015-08-052015-08-05 By ཁ་བརྡ་ No Comments on ༄༅། །དྲན་ཐོ་རྡོ་རིང་མ་བཀླགས་པའི་མྱོང་ཚོར་ཐར་ཐོར་མ།

བསེ་རུ་ཟང་ཐལ།

 
ཉེ་ཆར་ནེའུ་ཡོག་ཏུ་ལ་རྩེ་དཔེ་མཇོད་ཁང་ལ་འགྲོ་ཞོར་དེང་རབས་བོད་ཀྱི་རྩོམ་པ་པོ་སློབ་དཔོན་པདྨ་མ་འབུམ་ལགས་ཀྱིས་ཁོང་རང་གི་བརྩམས་དེབ་ཆུང་ངུ་འདི་བཞིན་ངའི་ལག་ཏུ་སྟོབས་ཀྱིས་བཏབ་སྟེ་”ཡཱ་ཁྱེད་ཀྱིས་འདི་ཅིག་ཀློགས་དང་” ཞེས་ནང་མོལ་མངགས་གཏམ་བྱས། ངས་ཨ་གསར་ཆེན་པོས་བཀླགས་ཐེངས་གཉིས་སུ་བཅར་བས་”མྱོང་ཚོར་ཐུང་ཙམ་ཤོད་འདོད་སྐྱེས།

༡༽ ཇི་ལྟར་བོད་སིལ་བུར་གྱུར་པའི་རྗེས་སུ་དམར་གཡོ་གཙང་གསུམ་གྱིས་བསྟན་པའི་མེ་རོ་སྨད་ནས་གསོས་པ་དེ་བཞིན་དུ། རིག་གནས་གསར་བརྗེེའི་མཇུག་ཏུ་མཁས་དབང་ཚེ་དུང་དམུ་གསུམ་གྱིས་བོད་ཀྱི་རིག་གནས་ཀྱི་མེ་རོ་རྨང་ནས་གསོས་པས་ཤིན་ཏུ་ནས་སྐུ་དྲིན་ལོས་ཆེ། འོན་ཀྱང་ཕལ་ཆེར་ཁོང་རྣམ་པ་ལས་ཀྱང་སྐུ་དྲིན་ཆེ་བ་ཡིན་པར་སྨྲས་ན་ཉེས་པ་མེད་ངེས་ནི། རླབས་ཆེན་གྱི་དཔའ་བོ་མངོན་ཆུང་།(unsung hero)ལྟ་བུ། བོད་ཀྱི་སྐད་ཡིག་རིག་གནས་ལ་ནམ་ཡང་ཞེན་གདུང་མི་ལྷོད་པའི་བོད་མི་དཀྱུས་མ་ཞིག་བྱོན་ཡོད། ཁོང་ནི་པདྨ་འབུམ་ལགས་ཀྱིི་བརྩམས་དེབ་ཆུང་ངུ་འདིའི་བརྗོད་གཞི་གཙོ་བོ་བོད་ཡིག་དགེ་རྒན་རྡོ་རྗེ་ཚེ་རིང་ལགས་ཡིན། རིག་གནས་གསར་བརྗེའི་སྐབས་ཅི་ལྟར་གསང་སྟབས་ཀྱིས་ཁོང་དགེ་སློབ་གཉིས་དང་། གཞན་ཡང་སློབ་གྲོགས་ཉུང་ངུས་བོད་ཡིག་གི་སློབ་གསོའི་མེ་རོ་ཉར་གསོ་སྤེལ་གསུམ་གྱི་བྱ་བར་དཀའ་སྡུག་ནང་མཉམ་ཞུགས་གནང་བའི་ལོ་རྒྱུས་མངོན་སུམ་མ་ནི་དེབ་འདིའི་བརྗོད་བྱ་ཡིན།

རྗོད་བྱེད་ཀྱི་ཚིག་སྦྱོར་ནི་མུ་ཏིག་བསྟར་ལ་བརྒྱུས་པ་དང་འདྲ་བ། བཀླགས་དུས་ལྷོགས་བདེ་བ། རྟོགས་དུས་སྐྱིད་སྡུག་གི་ཚོར་བ་ཅི་ཡང་འདྲེན་པ། ཡིག་རྨོངས་སེལ་བ་མང་ཆེ་བས་མི་གོ་བ་མེད་པ། ཁ་སྐད་དང་ཡིག་སྐད་མཉམ་བསྲེེས་ཡོད་ནའང་ཚིག་སྦྱོར་རན་ལ་ཉག་ཉོག་མེད་པ། ཐོན་མིའི་བརྡ་སྤྲོད་རིག་པ་དང་ཡང་མཐུན་པ། བོད་མིས་མྱངས་པའི་མནར་གཅོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་སྦྱིན་པ། ཚིག་བསྡུ་གང་ཡོད་རྣ་བར་སྙན་ལ་ངོམས་སུ་ཆོག་པ་སོགས་ཀྱི་ཁྱད་ཆོས་དང་ལྡན། དེབ་ཆུང་འདིའི་གྲུབ་ཆ་གང་གི་ཆ་ནས་ཀྱང་སློབ་དཔོན་པདྨ་འབུམ་ཉིད་ཀྱིི་གཤིས་ཀ་རང་མདངས་སུ་འགྱེད་པ་ཞིག་འདུག་པས། རེབ་གོང་རིག་པའི་འབྱུང་གནས་ཟེར་བ་དེ་ཅིའི་ཕྱིར་མི་མཚོན་ནམ།

༢༽ རྒན་རྡོ་རྗེ་ཚེ་རིང་ནི་དབུལ་པོ་གཉོམ་ཆུང་ཞིག་གི་ཁྱིམ་ནས་ཡིན་འདུག་པས་ཞིབ་ཏུ་བསམས་སྐབས་ཕྱུག་པོ་དང་ཤེས་ཡོན་གཉིས་འཛོམས་ནི་གང་ཟག་གཅིག་ལ་ཚང་དཀའ་བའི་ངག་རྒྱུན་གྱི་བཤད་ཡམས་དེའང་ར་འཕྲོད་ཐུབ་སྙམ། དེ་བས་ན། ཡོན་ཏན་སློབ་དུས་སློབ་མ་ལ་ནོར་ལོངས་སྤྱོད་ཀྱི་མཐུན་རྐྱེན་ཆེ་དྲགས་ན་ཤེས་བྱ་ཡོན་ཏན་ལ་ངམ་ཤུགས་ཀྱིས་དང་བ་ཆུང་ཞིང་། རྣམ་གཡེང་དང་བག་མེད་པའི་སྤྱོད་པས་གྲུབ་འབྲས་རྔོ་ཐོགས་པ་ཞིག་ག་ལ་སྐྱེས་ཏེ་མི་སྐྱེ་བ་ཡིན་པ་དེའང་གསལ་པོར་ཤེས་ཐུབ། དེར་བརྟེན་མཁས་པ་སློབ་པའི་དུས་སུ་ངེས་པར་དཀའ་ཐུབ་བསྟེན་པ་ནི་ཕུགས་ཀྱི་རང་ཁེ་ཡོད་དོ།།

༣༽ ཤ་ཚ་ཅན་གྱི་དགེ་རྒན་ནི་གཡོ་སྒྱུ་སྤྲེལ་ལད་དང་བྲལ་ལ། ངོ་ཡང་གནག་ཅིང་ངག་ཚིག་ཀྱང་རྩུབ་པས། རྒན་རྡོ་རྗེ་ཚེ་རིང་ལ་སྔ་མོའི་བོད་ཀྱི་དགེ་རྒན་རྣམ་པས་ཐབས་མཁས་ཀྱིས་སློབ་མ་སྐྱོང་བའི་ཡོན་ཏན་མངོན། དེ་ཡང་། སྐབས་རེ་ཁོང་གིས་ཟུར་ཟ་དང་དགོད་སློང་བའི་ཚིག་སྦྱོར་སྤྱད་པའང་འདུག་པ་དཔེར་ན། “ཁྱེད་ཀྱི་(ཡིག་གཟུགས་)གྲོག་མ་རྐང་ཆག་དེ་སང་ཉིན་ཡང་མི་དྲག་ན་སྨན་ཁང་དུ་འཁྲིད་དགོས་རྒྱུ་རེད།” ཅེས་དང་། “ཨ་མཆོད་ཀྱི་ཀློག་སྟངས་”ལས་མེད་ན་གོ་བ་ཆ་ཚང་གཏན་ནས་འདྲེན་མི་ཐུབ་ཅེས་དང་།
ཡང་། སློབ་མ་ཚོས་རང་རྩོམ་འབྲི་བའི་བྱ་བར་ཞུགས་སྐབས་མིང་ཚིག་མི་འདང་བའི་དཀའ་ངལ་འཕྲད་མཚམས་ཁོང་གིས་ཀུ་རེའི་ཚུལ་གྱིས་”ཁྱེད་ཚོ་མིང་ཚིག་གི་འབྱོར་མེད་གྲལ་རིམ་རེད།” ཅེས་གསུངས་པ་སོགས་ཀྱིས་མཚོན་ཐུབ། དེ་འདྲའི་གནས་སྐབས་སུ་ཁོང་གི་འཛུམ་མདངས་གསེར་ལས་དཀོན་པ་དེ་སློབ་མ་ཚོས་མྱངས།

༤༽ རིག་གནས་གསར་བརྗེའི་སྐབས་མའོ་ཀྲུའི་ཞིའི་གསུང་རྩོམ་མ་གཏོགས་བོད་ཡིག་གི་དེབ་གཞན་མཐོང་རྒྱུ་མེད་པའི་ལས་དབང་དུ་གྱུར་ཡོད་ནའང་། རྙེད་དཀའ་བའི་རིན་ཆེན་ནོར་བུ་ལྟ་བུར་རིག་གནས་ཀྱི་དཔེ་དེབ་ཞིག་ལག་སོན་བྱུང་མཚམས་དགེ་སློབ་ཚང་མས་ཚ་ཚ་འུར་འུར་གྱིས་སྒེའུ་ཁུང་གི་ཡོལ་བ་ཡན་ཆད་བརྒྱབ་ནས་ངོ་བཤུས་བཅད། བོད་ཡིག་བཅོས་བསྒྱུར་ཟེར་བའི་སྲིད་དབང་ཡོ་ལང་ཅན་གྱི་གནས་སྟངས་དེ་འདྲ་བའི་འོག་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་དེ་ད་དུང་རང་གི་སྲོོག་ལས་ཀྱང་རྩ་ཆེར་བརྩིས་ཏེ་སྲུང་སྐྱོབ་ཐུབ་པ་དང་། སློབ་མ་སྐྱེད་བསྲིངས་ཐུབ་པ་བྱུང་བའི་འབྲས་བུར། ཕྲན་བུའི་སྲིད་བྱུས་ལྷོོད་དུ་གྱུར་སྐབས་བོད་མདོ་དབུས་ཁམས་གསུམ་དུ་བོད་ཡིག་གི་དགེ་རྒན་བརྒྱ་ཕྲག་འགའ་ཤས་གཏོང་བའི་རེ་ཡུལ་ནི་ཁོང་ལྟ་བུས་བོད་མི་ཚོས་ངལ་བ་ཁྱད་བསད་ལས་བསྐྲུན་པའི་རེབ་གོང་གི་སློོབ་མ་དག་གིས་དོན་གོ་ཆོད་འདུག་པས་བོད་མིར་བཀྲིན་ཤིན་ཏུ་མི་ཆེའམ།

༥༽ མདོར་ན་བོད་ཡིག་རྩོམ་བྲིས་ལ་མཁས་པ་པདྨ་འབུམ་ལགས་ཀྱི་བརྩམས་དེབ་”དྲན་ཐོ་རྡོ་རིང་མ་”དེར་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱ་ཐབས། རིག་གནས་གསར་བརྗེེའི་སྐབས་བོད་མིའི་སྲོག་རྩ་སྐད་དང་ཡི་གེ་རྒྱུན་འཁྱོངས་བྱས་ཚུལ། འདུན་པ་དང་ལྷག་བསམ་ཡོད་ན་བོད་མི་དཀྱུས་མ་སྒེེར་པ་གཅིག་གིས་ཀྱང་རླབས་ཆེན་གྱི་ནུས་པ་སྟེར་ཐུབ་པ། བོད་ཡིག་ཐོག་འབྲི་རྩོམ་བགྱི་དགོས་པའི་བསླབ་བྱ། ཁ་སྐད་དང་ཡིག་སྐད་དབར་གྱི་སྟོང་ཆ་བརྡ་སྤྲོད་དང་ཡང་མི་འགལ་བར་ཡོང་ཐབས་སོགས་ཀྱི་བསླབ་བྱ་མང་དག་ཞིག་ལེན་རྒྱུ་འདུག རིག་རྒོད་ཅིག་གིས་འདོད་ན་གློག་བརྙན་ཐུང་ངུ་གཅིག་ཀྱང་བཟོ་ནའང་ཆོག

མདོན་ན། སྤྱིར་བོད་མི་ཡི་གེ་འབྲི་ཀློག་ཐུབ་པ་ཚོས་ངེས་པར་དུ་བཀླག་དགོས་པ་དང་། ལྷག་དོན་རང་རེའི་སློབ་གྲྭ་ཁག་ནང་བོད་དགེ་རྣམ་པས་གཞི་རིམ་སློབ་མ་ཚོར་ཟུར་བལྟའི་དཔེ་དེབ་ཀྱི་ཚུལ་དུ་ངེས་པར་བཀླག་ཏུ་འཇུག་དགོས་པར་འདུག་གོ་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།། །།

དྲན་ཐོ་རྡོ་རིང་མ་བོད་ཀྱི་དུས་བབ་ནས་༢༠༠༦ ལོར་པར་བསྐྲུན་ཞུས་འདུག དགོས་མཁོ་ཡོད་རིགས་ནས་ལ་རྩེ་དཔེ་མཇོད་ཁང་ལ་ pbhum@latse.org ཡང་ན། www.tibettimes.net ཐོག་འབྲེལ་བ་གནང་འཐུས།

ངོ་སྤྲོད།

Post navigation

Previous Post: གལ་ཆེའི་གསལ་བསྒྲགས།
Next Post: མཛད་བརྒྱ་མཐོང་བ་དོན་ལྡན་ལས་འཕྲོས་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme