Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན

Posted on 2009-09-142009-09-14 By དགེ་རབ་ 10 Comments on ༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན

གཉན་མདང་ཕོ་ཉ
——–
༼གཞས་ཚིག༽
ནགས་རྒྱ་རྫོང་ནང་གི་བྱེའུ་ཆུང་འཇོལ་མོས།།
ས་ཐག་རིང་སོང་བའི་ཁུ་བྱུག་ཚོགས་ལ།།
ཡིད་སྐྱོ་གདུང་སྟོང་གིས་ཚ་འབོད་མ་གནང་།།
བྱ་ཁུག་ལོའི་སེམས་པ་མེ་ཡིས་ཚིག་བྱུང་།།

བྱ་འཇོལ་མོ་སྐྱོ་ས་རང་གི་ཚང་རེད།།
སྡུག་ཆེ་ཡང་ཉལ་ས་དྲོན་མོ་ཡོད་རེད།།
ས་མི་ཡུལ་འཁྱམ་པའི་ཞག་མལ་རེ་ལ།།
སྡུག་སྣ་དགུ་འདུག་ཀྱང་མིད་ནས་བསྡད་ཡོད།།

ཁ་བུག་བུག་ནང་གི་དམར་ཆུང་ལྕེ་འདིས།།
བྱ་འདབ་ཆགས་ཚོགས་ཀྱི་གོད་ཆག་སྒྲོག་ནས།།
མིག་རིལ་རིལ་ནམ་ཡང་འཕུར་ནས་བསྡད་ཡོད།།
སེམས་བསམ་པས་ཁྲེལ་མེད་རེད་འདུག་མ་བསམ།།

རླུང་དམར་པོའི་གསེབ་ཀྱི་གཏམ་ལ་ཉན་དུས།།
བྱ་འཇོལ་མོའི་སྐད་ལོ་འགྱུར་འདུག་གསུངས་བྱུང་།།
ལག་སྦར་མོས་བྱ་འཛིང་བྱས་འདུག་གསུངས་བྱུང་།།
གཏམ་འདི་ཚོས་སེམས་པ་འཁྱག་ལ་སྦྱར་སོང་།།


ཞེ་བསམ་པས་རྨི་ལམ་གཅིག་ལ་སྒུག་སྟེ།།
སྡུག་ངོ་མས་སྐྲ་ལོ་མཐའ་ནས་སེར་ཡང་།།
ལ་རེ་རེའི་རྒྱབ་ན་ཐུར་རེ་ཡོད་པ།།
ཁྱོས་ནམ་ཡང་མ་བརྗེད་གཞིས་བྱ་འཇོལ་མོ།།

གླུ་གཞས།

Post navigation

Previous Post: ཟུར་ཞིག
Next Post: ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར།

Comments (10) on “༄༅། །ཁུ་བྱུག་གིས་འཇོལ་མོར་སྤྲིངས་པའི་འཕྲིན”

  1. བློ་བཟང་རྒྱལ། says:
    2009-09-14 at 9:21 am

    གཉན་མདང་ལགས
    ཁྱེད་ཀྱིས་དངོས་གནས་སྒྱུ་རྩལ་གྱི་དྲོ་བ་ཞིམ་པའི་གླུ་དབྱངས་སྙན་མོ་ཞིག་བྲིས་འདུག
    འདི་ནི་ཁྱེད་ཀྱིས་བླངས་པའི་གླུ་དབྱངས་ཤིག་དང་། ཁ་འཐོར་ནས་འཁྱམས་པའི་ང་ཚོ་བྱེས་པ་ཚོས་གྱེར་བཞིན་པའི་སེམས་ཀྱི་གླུ་དབྱངས་ཡིན།
    འདི་ཉིད་བཙན་བྱོལ་ནང་གི་གཞས་པ་ཞིག་གིས་ལེན་ཐུབ་ན་ཡག་པོ་འདུག
    ངེས་པར་དུ་འདི་ལེན་ཐུབ་པའི་ཐབས་ཤེས་ཞིག་འཐེན་དགོས་ཀི
    དྲྭ་ཐོག་འདིར་ངག་བདེ་མོ་དང་སྐད་སྙན་མོ་འདྲ་ཡོད་བས
    ་་་་་་་་་་་་་

  2. གསེར་ཆོས། says:
    2009-09-14 at 1:07 pm

    བློ་བཟང་རྒྱལ་ལགས་དྲྭ་ཐོག་འདི་ན་ངག་སྙན་མོ་ཅན་ཞིག་ལ་ང་ཡོད་ནི་རེད།

  3. བློ་བཟང་རྒྱལ། says:
    2009-09-14 at 2:33 pm

    ཨ་རོ་གསེར་ཆོས་ཁྱོད་ངོ་མའི་སྐད་ར་སྙན་མོ་ཟི་ཡིན་ན་གཞས་ཚིག་འདི་ལེན་རོགས།
    འདི་ནི་བྱེས་མིའི་ང་ཚོའི་ཚབ་མཚོན་རང་བཞིན་ཅན་གྱི་གླུ་ཚིག་ཅིག་འདུག
    དེ་མིན་ཁྱོད་ཀྱིས་ཉོག་གཏམ་མ་བཤད་མ་བཟང་ཀི
    བདེ་མོ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-14 at 6:00 pm

    ལུས་འདི་ཉིད་བྱེས་སུ་བསྡད་ན་ཡང་།།
    སེམས་བསམ་པ་གངས་ཅན་བོད་དུ་འཁོར།།
    ནང་དགོས་སུ་བོད་བཞུགས་སྤུན་ཟླ་དག།
    རྒྱ་དམར་པོས་ཉེས་མེད་སྡུག་ལ་གཏད།།
    དེ་བསམ་བཞིན་བསམ་བཞིན་སེམས་རྩ་གཟེར།།
    གཟེར་འདི་ཉིད་སངས་པའི་ཉི་མ་ཞིག།
    བོད་གངས་ཅན་ལྗོངས་སུ་ཤར་དུས་ཤིག།
    ཡོད་སོང་བའི་ཉིན་ནས་ཤི་སོང་ཡང་།།
    སེམས་བསམ་པའི་ནང་དུ་བློ་འགྱོད་མེད།།

  5. གཉན་མདང་ཕོ་ཉ says:
    2009-09-15 at 1:04 am

    དྲྭ་གྲོགས་བློ་བཟང་རྒྱལ་ནས་ཁོ་བོར་འདེགས་འཇོག་ཆེན་པོས་མཆན་བཏབ་པ་དགའ་བྱུང་།
    ཁོ་བོའི་རྨི་ལམ་ནང་དུའང་བཙན་བྱོལ་གླུ་བས་བོད་ནང་ལ་བརྡ་ལན་དང་གླུ་ལན་ཕུལ་ཐུབ་ན་བསམ་པ་ནི་ཉུང་ཞིང་གཏན་ནས་མིན།
    དེར་བརྟེན་གཞས་ཚིག་འདིས་ཐུགས་ཕན་སོས་ཐུབ་པ་སྣང་ན།
    ཁོ་བོས་ཀྱང་དགའ་བསུ་ཞུ་ངེས་ཡིན

  6. གཉན་མདང་ཕོ་ཉ says:
    2009-09-15 at 1:07 am

    གསེར་ཆོས་ལགས་ཀྱིས་ཁོང་ལ་སྐད་སྙན་མོ་ཡོད་གསུངས་འདུག
    བྱས་ན་ཁོར་འབྲེལ་བ་ཞིག་གནང་རོགས།

    ལྷ་ཀླུའི་དྲན་གདུང་ལ་གདུང་སེམས་མཉམ་བསྐྱེད་ཡོད།

  7. རིག་པའི་རལ་གྲི། says:
    2009-09-15 at 5:18 am

    སྒོམ་སྡེ་ལགས་ཉིད་ཀྱི་གསུང་པ་ནང་བཞིན་གུས་པས་ཀྱང་འགྲེལ་བཤད་བྱས་པ་ཡིན། སྔོན་པ་ཨ་རིས་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་ཞིག་གིས། chakra ལ་བོད་པས་ཙཀྲ་ཀློག་པ་དེ་འབྲི་ཀློག་གཉིས་ཆར་ནོར་བ་རེད་ཟེར་བྱུང་། གུས་པས་ལེགས་སྦྱར་སྐད་ཤེས་ཀྱི་མེད་ཀྱང་། སྔོན་ཀྱི་བོད་ཀྱི་ལོ་ཙཱ་བ་དེ་རྣམས་དེང་དུས་ཀྱི་ཕྱི་རྒྱལ་བས་ལོ་ཙཱ་སྦྱོང་བ་ནང་བཞིན་མ་རེད། མི་ལོ་ཉེ་ཤུ་རྩ་ལྔ་དང་། བཅུ་བདུན་ལ་སོགས་པར་ན་ལཎྜ་དང་བིར་ཀྲ་མ་ཤྲིའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་རྣམས་ལ་སློབ་སྦྱོང་བྱས་པ་རེད། དེ་རྣམས་ཀྱིས་chakra ཙཀྲ་ཞེས་པ་འདི་འབྲི་ཀློག་ནོར་ཡོད་རྒྱུ་མ་རེད། སྐད་དང་སྒྲ་མདངས་ནི་དུས་ཚོད་ཀྱི་འགྱུར་རིམ་ལྟར་འགྱུར་གྱིན་ཡོད་པ་མཐོང་གསལ་ལྟར་ལེགས་སྦྱར་ཀྱི་སྐད་ཡིག་དེ་རྣམས་ཀློག་ཚུལ་འགྱུར་བ་ཡིན་འགྲོ། བལ་ཡུལ་གྱི་སྐད་དེ་ཧིན་དྷུའི་སྐད་ལས་ཀྱང་ལེགས་སྦྱར་གྱི་སྐད་ལ་ཉེ་རབ་རེད། བལ་བོ་རྣམས་ཀྱིས chakra road ལ་ཅ་ཀར་བྷ་ཌོ་མི་ཟེར་ནས། ཙཀྲ་བྷ་ཌོ་ཟེར་གྱིན་འདུག་པ་འདིས་མཚོན་གྱིན་རེད་བྱས་པ་ཡིན། དགེ་རྒན་དེས་ལེགས་སྦྱར་སྐད་ཤེས་འདུག་རུང་ང་ལ་དེ་འདྲ་བོ་འདུག་ཟེར་གྱིན་འདུག

    གཞོན་ནུ་ལགས་ཁ་སེང་ང་ལ་ཨོ་ཙམ་འདུག་པ་བསམ་ཡོད་ས་རེད། ང་ཀླད་རྙིང་ཉིད་དང་ལྟ་བ་མཚུངས་པ་ཞིག་འདུག་བསམ་པས་ཡིན་འགྲོ ཧ་ཧ་ཧ་་ཧ ་ང་ཀླད་རྙིང་ལོ་ཆུང་ཞིག་ཡིན་རུང་། ཀླད་རྙིང་མཁྲེགས་བཟུང་ཅན་ཞིག་མིན། རྒྱུ་མཚན་དང་དགོས་པ་ཆེན་པོ་འདུག་ན། རང་རེ་བོད་ཀྱི་གྲ་ཆས་ལ་ཡང་འགྱུར་བ་ཞིག་གཏོང་དགོས་ས་བསམ་མཁན་ཞིག་དང་། མ་ཟད་སྐྱ་སེར་སུ་ཡིན་རུང་། མང་གཙོའི་འགྲོས་དང་མཐུན་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་སྐབས་ལེན་དགོས་ངེས་ཅན་རེད་དེ། རང་རེའི་གཞུང་གི་ཆབ་སྲིད་བ་སྐྱ་སེར་སུ་ཡིན་རུང་བུ་ཡིན་ན་བོད་པའི་སྐྱ་བོའི་བོད་གོས་དང་བུ་མེད་ཡིན་ན་སྐྱེ་དམན་གྱི་ཆུ་བ་དེ་གྱོན་དགོས་ས་རེད་བསམ་མཁན་ཞིག་ཡིན། གྲྭ་ཆས་ཞིག་གྱོན་ནས་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་དེ་ལ་ཡག་པོ་ཞིག་མཐོང་གིན་མེད།

    ང་ཀླད་གསར་ཆོས་ལ་དུག་དུ་ལྟ་བའི་མདོ་མེད་ཀླད་སྟོང་ཞིག་ཀྱང་ལར་ནས་མིན། རང་རེ་བོད་ལ་ངོམ་རིན་ཆོག་པ་དེ་བོད་ཀྱི་ཆོས་ཀྱི་རིགས་གཞུང་འདི་གཅིག་པུ་ཡོད། འདིའི་རིན་ཐང་མ་རླག་པ་ཞིག་བཟོ་ཡ་དེ་གནད་འགག་ཆེན་པོ་མཐོང་གི་ཡོད།

  8. རིག་པའི་རལ་གྲི། says:
    2009-09-15 at 5:19 am

    ངས་མཆན་འདེབས་ས་ནོར་འདུག་དགོངས་དག ཧ་དྲན་པ་རྣལ་དུ་མི་གནས་པའི་སྐྱོན་ལོས་ཡིན།

  9. གསེར་ཆོས། says:
    2009-09-15 at 7:17 am

    གཉན་མདང་ཕོ་ཉའི་རྩོམ་སྙན། །
    གསེར་ཆོས་ཞི་ལིའི་སྐད་སྙན། །
    སྙན་མོ་གཉིས་པོ་ནང་འཛོམ། །
    དེ་རིང་གཞས་ཞིག་ལོས་ལེན། །

  10. Avo Reayak says:
    2009-12-27 at 8:17 pm

    ᨏ ᩼་ᨻᨕᨵ᫥་᪇᪱᫥་᫞་᪠᨞ᨑ᫥་᪠᩶ᨓ་᫞ᨓᨵ᫥་᪠ᫎ་᪠་᫗ᨑ᪄ᨎ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme