Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །༧ཀུན་གཟིགས་པན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེའི་རྗེས་དྲན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།།

Posted on 2013-03-062013-03-06 By ཁ་བརྡ་ 2 Comments on ༄༅། །༧ཀུན་གཟིགས་པན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེའི་རྗེས་དྲན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།།

ཨེ་མ་ཧོ།

ན་མོ་མ་ཧྰ་གུ་རུ་པདྨ་ཛྙྰ་ན་ཡེ། །

གང་མཚན་ཐོས་པས་སྲིད་པའི་མུན་སེལ་བ། །
འཇམ་དཔལ་ཡིད་བཞིན་ནོར་བུ་རིན་པོ་ཆེ། །
བསམ་བཞིན་སྲིད་པར་བཟུང་བའི་དགེ་བའི་བཤེས།།
ཀུན་གཟིགས་པན་ཆེན་བླ་མས་དུས་ཀུན་སྐྱོངས། །
གང་གི་སྐྱེས་རབས་འོད་གསལ་སྙིང་པོ་ལས། །
བསྟན་པའི་ཕྲིན་ལས་མུ་མཐའ་རྒྱ་མཚོའི་འཇིངས། །
བླུན་རྨོངས་བདག་གིས་གཞལ་བར་མི་ནུས་ཀྱང་། །དད་གུས་ཆུ་ཐིགས་ཙམ་དུ་མཆོད་འབུལ་སྤྲོ། །
ཆུ་བཞི་སྒང་དྲུག་ནང་ཚན་ས་སྐྱོང་རྗེ། །སྡེ་དགེའི་རྒྱལ་ཁབ་འབྲོག་སྡེ་ལྷོ་བྱང་དུ། །
ཀུན་གཟིགས་པན་ཆེན་པདྨ་ཚེ་དབང་གི ། ལྷུན་གྲུབ་རིག་འཛིན་སྐུ་ཡི་རྡོ་རྗེ་བལྟམས། །
ངོ་མཚར་འབུམ་གྱིས་གཏམས་པའི་གངས་ཅན་ལྗོངས། །ཤར་ཕྱོགས་མདོ་ཁམས་བོད་ཡུལ་ཟླ་རྒྱུད་དུ། །
རབ་ཚེས་སྐྱེས་བདག་ཟླ་ཚེས་དགེ་བའི་ཆར། །གྲགས་པ་རྒྱལ་མཚན་དཀར་ལྷའི་རྟེན་འབྲེལ་སྨིན། །
ཆུང་ནས་དགེ་བའི་བག་ཆགས་ཡོངས་སད་དེ། །དགེ་སློང་གནས་བརྟན་རྗེ་ལྟར་ཞི་དུལ་གྱི། །
བག་ཡོད་བཟང་པོ་སྤྱོད་པའི་རྣལ་འབྱོར་པ། །ཆོས་མཆོག་བཟོད་པའི་ཏིང་འཛིན་ངང་དུ་བཞུགས། །

དགུང་བརྒྱད་སོན་སྐབས་སློབ་དཔོན་དཀོན་བསྟན་ལས། །ཟླ་གཅིག་རིང་དུ་བོད་ཡིག་ཀློག་འདོན་གྱིས། །
དཀའ་ཚེགས་མེད་པར་སློབ་སྦྱོང་བྱང་ཆུབ་ནས། །བདེ་ཆེན་ཆོས་འཁོར་ལྷུན་པོའི་ཚོགས་གྲལ་ཞུགས། །
ཤེས་རབ་དད་བརྩོན་ཆེ་བའི་ཚད་དུ་གླེང་། །སྔ་འགྱུར་བཀའ་འབུམ་སྨིན་གླིང་སྐུ་མཆེད་གསུང་། །
ཡོངས་རྫོགས་དབང་ལུང་ཁྲིད་རྒྱུན་མན་ངག་བཅས། །ཞེ་ཆེན་ཀོང་སྤྲུལ་མདུན་ནས་ཆ་ཚང་གསན། །
ཁྱད་པར་བརྟན་མཁས་ཡོན་ཏན་རྒྱ་མཚོའི་བདག །མཁན་ཆེན་དགེ་ལེགས་གྲགས་པའི་ཞལ་སྔ་ནས། །
ངེས་འབྱུང་རྣལ་མའི་རབ་བྱུང་སྡོམ་པ་ཞུས། །དགེ་ལེགས་ཆོས་འཕེལ་མཚན་གྱི་ཅོད་པན་བཞེས། །

དེ་ནས་བཟུང་སྟེ་སྐུ་ཚེ་གང་བོར་རུ། །སོ་ཐར་བསླབ་གཞི་ཕྲ་མོའི་གནང་བཀག་ཀུན། །
ཚུལ་བཞིན་ཉམས་སུ་བཞེས་པའི་དགེ་བའི་བཤེས། །དམ་པ་གོང་མའི་རྣམ་ཐར་བདག་གིར་མཛད། །
དྲན་པའི་མཁར་རྫོང་བརྟན་པའི་དགྲ་བཅོམ་པ། །ཤེས་བཞིན་བྱ་ར་མཁས་པའི་བྱང་ཆུབ་སེམས། །
གསང་ཆེན་སྦས་པའི་རྣལ་འབྱོར་རྡོ་རྗེ་འཆང་། །ངེས་དོན་རྒྱལ་བའི་སྲས་པོ་ཡོངས་སུ་གྲགས། །
ཡེ་རྫོགས་གདོད་མའི་མགོན་དུ་སངས་རྒྱས་ཀྱང་། །ཕྱི་ནང་གསང་བའི་ཟབ་གནད་ཡོངས་ཁེལ་བའི། །
ཀློང་ཆེན་སྙིང་ཐིག་སྔོན་འགྲོར་བསགས་སྦྱང་ཀུན། །མ་ནོར་ཉམས་ལེན་མཛད་པ་མཐར་ཕྱིན་གནང༌། །
བརྒྱུད་པའི་ཕྱག་བཞེས་ཀུན་ལ་བྱང་ཆུབ་ནས། །རྩིས་གཞུང་རྒྱས་པ་བཻ་དཀར་ཆ་ལག་བཅས། །
མཁས་ཤིང་མཛུབ་ཁྲིད་བྱེད་གྲུབ་ཟུང་འབྲེལ་གྱི། །དབྱངས་འཆར་རིག་པའི་གཏེར་མཛོད་ཁྱེད་ལ་དབང་། །
རྫ་རྒྱུད་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །གྲུབ་དབང་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས། །
འོད་གསལ་གསང་བའི་སྙིང་ཐིག་ཆོས་སྐོར་ཀྱི། །སྨིན་གྲོལ་མན་ངག་བཀའ་དབང་ཡོངས་རྫོགས་གནང་། །
སེམས་དཔའི་རིགས་རྒྱུད་དམ་པའི་སྐྱེས་བུ་ཉིད། །སྒྲ་ཚིག་རང་མཚན་སྦྱང་པར་མི་དགོས་ཀྱང་། །
ཀ་ཙན་དབྱངས་ཅན་སྡེབ་སྦྱོར་ལེགས་སྦྱང་ནས། །ཚད་མའི་དེ་ཉིད་མཁྱེན་པ་ཕུལ་བྱུང་གྱུར། །
གར་ཐིག་སྒྱུ་འཕྲུལ་བཟོ་ཡི་རིག་གནས་དང་། །གསོ་བྱེད་རིག་པའི་གཞུང་ལུགས་དེ་ཉིད་མཐོང་། །
མདོ་རྒྱུད་རིག་གནས་ཀུན་ལ་བྱང་ཆུབ་པས། ། མ་ཧཱ་པཎྜི་ཏ་ཞེས་ཡོངས་སུ་གྲགས། །
མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་ཞུ་བསྐུལ་ལྟར། །དབྱངས་ཅན་སྒྲ་མདོའི་འགྲེལ་མཆན་ཆེན་མོ་བརྩམས། །
སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་ནང་། །གསུང་འབུམ་བདེན་དཔུང་ཆོས་ཀྱི་སྤྲུལ་སྐུ་བཞུགས། །
བཤད་གྲྭ་གསར་བཞེངས་ལུང་གི་འཆད་ཉན་དང་། །རྩ་གསུམ་བསྙེན་སྒྲུབ་བསྟན་པའི་ཕྲིན་ལས་ཉིད། །
ཚུལ་བཞིན་མཛད་པའི་རྣམ་ཐར་བདུད་རྩིའི་མཛོད། །མཐའ་དག་གཞལ་བའི་ཡུལ་ནི་བློ་ལས་འདས། །

མདོ་ཕྱོགས་རྒྱ་གཞུང་ཆེན་པོ་བཅུ་གསུམ་དང་། །སྔགས་ཕྱོགས་མདོ་རྒྱུད་སེམས་ཀློང་མན་ངག་ཀུན། །
ཀུན་མཁྱེན་རོང་ཀློང་མི་ཕམ་བཀའ་སྲོལ་བཞིན། །རྨད་བྱུང་འཆད་རྩོད་རྩོམ་པས་འཛིན་སྐྱོང་སྤེལ། །
བོད་ཡུལ་གྲུབ་མཐའི་ཕྱོགས་ལ་རིས་མེད་པར། །གཞུང་ལུགས་འགྲེལ་བཤད་ཐོས་བསམ་དཔྱིས་ཕྱིན་པས། །
རང་གཞན་གྲུབ་མཐའ་རྒྱ་མཚོར་ནང་བྱན་ཆུད། །རྒྱལ་བསྟན་རིན་ཆེན་དག་སྣང་ཕྱོགས་མེད་རྒྱས། །
ཁྱད་པར་རིན་ཆེན་གཏེར་ཆོས་སྨིན་གྲོལ་དབང་། །བཀའ་མ་རྒྱུད་འབུམ་ཟབ་རྒྱས་གདམས་ཁྲིད་ཀུན། །
ཀུན་བཟང་བརྒྱུད་གསུམ་ཡེ་ཤེས་བླ་མའི་སྐུ། །མངོན་སུམ་གྲུབ་པའི་དབང་ཕྱུག་ཁྱེད་མིན་སུ། །
ངེས་དོན་མཁས་གྲུབ་རིག་འཛིན་རྒྱལ་པོ་ཆེ། །ཐུབ་དགའ་ཡིད་བཞིན་ནོར་བུ་གཙུག་ཏུ་བཀུར། །
ནང་རྒྱུད་གདམས་པའི་བཀའ་གཏེར་མ་ལུས་དང་། །བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ལེགས་པར་གཏམས། །
ཕྱི་རོལ་ཆོས་བརྒྱད་ཨོ་ཟོབ་གྲགས་འུར་བྲལ། །ནང་ནས་སེམས་རྒྱུད་དམ་པའི་ཆོས་དང་འདྲིས། །
གསང་བར་རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ། །མཁན་ཆེན་སྨྲ་བའི་ཉི་མ་སྙིང་ནས་གུས། །
འདུལ་བར་མཁས་བཙུན་ཆོས་ཀྱི་རྩ་བ་བརྟན། །བྱང་ཆུབ་སེམས་དཔའི་ཕྱག་སྲོལ་བཟང་སྤྱོད་མཛད། །
གསང་སྔགས་ཡིད་བཞིན་ནོར་བུའི་མཛོད་འཛིན་པའི། །མཁན་ཆེན་རྡོ་རྗེ་འཆང་དབང་གུས་པས་དྲན། །
འདུལ་བའི་དགོངས་དོན་མཛད་པའི་དགེ་སློང་ཆེ། །མདོ་སྡེའི་ཏིང་འཛིན་བརྙེས་པའི་བསམ་གཏན་པ། །
མངོན་པའི་དེ་ཉིད་རྟོགས་པའི་ཤེས་རབ་ཅན། །ངེས་དོན་མཁན་ཆེན་དམ་པ་སྙིང་ནས་དྲན། །

སྡེ་སྣོད་གསུམ་གྱི་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །བསླབ་པ་གསུམ་ལྡན་ངུར་སྨྲིག་རྒྱལ་མཚན་བསྒྲེངས། །
ཁམས་གསུམ་འཁོར་བའི་འགྲོ་ཀུན་འདྲེན་མཛད་པའི། །སྐུ་གསུམ་བསྟན་པའི་བདག་པོ་གཙུག་ན་རྒྱལ། །
མཁས་པའི་གཙུག་རྒྱན་ཟླ་མེད་མཁྱེན་པའི་གཏེར། །བཙུན་པའི་ཁྱུ་མཆོག་མཚུངས་མེད་འགྲོ་བའི་མགོན། །
གྲུབ་པའི་དབང་ཕྱུག་གྲངས་མེད་འདྲེན་མཛད་དཔལ། །ངེས་དོན་གསང་ཆེན་བླ་མའི་རྣལ་འབྱོར་ཅན། །
ཐུབ་བསྟན་སྙན་གྲགས་མདུན་ནས་བསྙེན་པར་རྫོགས། །ཀུན་མཁྱེན་བོད་པས་ཤེར་ཕྱིན་ལྟ་གྲུབ་གདམས། །
འགྱུར་མེད་རྡོ་རྗེས་རྫོགས་ཆེན་མན་ངག་བསྩལ། །མདོ་སྔགས་བསྟན་པའི་སྙིང་པོ་བདག་གིར་བཞེས། །
ཐུབ་དགའ་ཡིད་བཞིན་ནོར་བུའི་ཐུགས་སྲས། །བཅུ་ཕྲག་རིག་གནས་མཁས་པའི་པན་ཆེན་དངོས། །
དབྱངས་ཅན་དགའ་བའི་གོ་ཆ་རིན་པོ་ཆེ། །འཇིགས་བྲལ་སྨྲ་བའི་སེང་གེ་ཡོངས་སུ་གྲགས། །
དུས་ངན་སྙིགས་མའི་རང་འཚང་མངོན་བརྡོལ་ནས། །དགེ་འདུན་ཕལ་ཆེར་རྩ་མེད་བཏང་བའི་ཚེ། །
འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་ངང་། །ནམ་ཡང་མི་འདའ་ཐོས་བསམ་སྒོམ་པར་མཛད། །
གངས་ལྗོངས་མདོ་ཁམས་བསྟན་པ་ཡང་དར་གྱི། །དུས་བཟང་ཐོག་མའི་རྟེན་འབྲེལ་ཤར་བའི་ཚེ། །
བཅུ་ཕྲག་རིག་གནས་སླར་གསོའི་འོད་སྣང་ཞིག །སླར་ཡང་ཞིང་འདིར་བསྐྲུན་པའི་བཀའ་དྲིན་ཅན། །
རྫོགས་ཆེན་ཤྲཱི་སེང་ཧར་འཆད་ཁྲིད་དང་། །ཞེ་ཆེན་བསྟན་གཉིས་གླིང་དུ་སྒོམ་སྒྲུབ་སྤེལ། །
ཕྱོགས་བཅུའི་དགེ་འདུན་དད་ལྡན་སློབ་ཚོགས་རིགས། །དྲི་ཞིམ་པདྨའི་ཚལ་ན་སྤྲིན་ལྟར་འདུས། །

ཁྱད་པར་ཟླ་རྒྱུད་ཨ་རིག་ཆོས་གྲྭ་མཆོག །ངེས་དོན་བཤད་སྒྲུབ་ཆོས་གླིང་གསར་དུ་བཞེངས། །
ལུང་རྟོགས་བསྟན་སྒྲུབ་པའི་སྙིང་པོ་ཉིད། །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཕྱོགས་ཀུན་ཁྱབ། །
གཞུང་ཆེན་བཀའ་པོད་རྣམ་ལྔའི་བཤད་ཁྲིད་བསྩལ། །མདོ་སྔགས་རིག་གནས་ཚད་ལྡན་བཤད་སྒྲུབ་གླིང་། །
ཕ་མེས་རིག་འཛིན་བརྒྱུད་པའི་བསྟི་གནས་ཆེ། །ཆེ་ཆོས་ཕུན་ཚོགས་ངེས་དོན་བསྟན་འཛིན་རྒྱལ། །
ཟླ་རྒྱུད་པཎྜི་ཏ་ཡི་མཚན་བཟང་ཉིད། །ཀུན་ཁྱབ་དབྱིངས་སུ་སྙན་ཅིང་གྲགས་པའི་ཚེ། །
ཀུན་གཟིགས་པན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས། །གངས་ཅན་བསོད་ནམས་ཡིན་པར་གསལ་བཤད་མཛད། །
ཀཿ་དཔལ་རྡོར་སྨིན་ཞེ་རྫོགས་དགོན་ཆེན་དང་། །ས་དགེ་བཀའ་ཇོ་གྲུབ་མཐའ་རིས་མེད་པར། །
འཕགས་བོད་ཀུན་ཏུ་ཟབ་རྒྱས་བཀའ་ཆོས་བསྩལ། །སྨིན་གྲོལ་བཀོད་པའི་གདུལ་བྱ་གྲངས་ལ་འདས། །
འཛམ་གླིང་ཤར་ནུབ་སྐལ་ལྡན་སློབ་མའི་ངོར། །མཐོང་ཐོས་གྲོལ་བའི་གདམས་ངག་ཡོངས་སུ་གནང་། །
ཁྱད་པར་ཕྱི་གནང་གསང་བའི་དུས་འཁོར་ལོ། །དབང་ཁྲིད་ཟབ་རྒྱས་གངས་ལྗོངས་ཡོངས་ལ་ཕུལ། །
རྒྱལ་དབང་དོན་གྱི་བདག་པོས་བསྔགས་བརྗོད་མཛད། །དད་ལྡན་འགྲོ་བ་ཡོངས་ཀྱི་དཔལ་དུ་བཞད། །
མཚན་ཉིད་ཀུན་ལྡན་དྲིན་ཆེན་བླ་མ་རྗེ། །འཇིག་རྟེན་མགོན་དུ་བྱོན་པའི་བསྐལ་བཟང་འཆར། །
སྐུ་མཆོག་མི་དལ་དཀའ་སྤྱད་ཆོས་ལ་མཛད། །གསུང་དབྱངས་ཟབ་རྒྱས་ཆོས་འཆད་འགགས་པ་མེད། །
ཐུགས་རྗེ་མཚུངས་མེད་ཀུན་མཁྱེན་རྒྱལ་བ་དངོས། །མཁན་ཆེན་ཆོས་ཀྱི་ཉི་མ་ཞིང་འདིར་ཤར། །
འཕགས་ཡུལ་མཁན་ཆེན་ཆོས་རྒྱལ་ཞི་བ་འཚོའི། །གཟུགས་སྐུ་འཁྲུལ་མེད་རྡོ་རྗེ་ལུང་གིས་ཕྱུག །
མཛད་ཕྲིན་སྐུ་ཚེའི་འདུ་བྱེད་བཏང་ན་ཡང། །འཚོ་བའི་འདུ་བྱེད་བྱིན་རླབས་ཟླ་ཕྱེད་མཛད། །
མཁའ་འགྲོ་རྒྱ་མཚོའི་བསུ་མའི་བརྡ་རྟགས་དང་། །འབུམ་འགྱུར་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །
སྐུ་མཆོག་རྣམ་སྣང་ཆོས་བདུན་བཞུགས་སྟངས་བཅས། །རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བསྡུས། །

མཆིམས་ཕུ་བྲག་དམར་ཀེ་ཚང་དཔལ་རིའི་མགུལ། །དབོ་ཟླའི་ཉ་ལ་རྡོར་སྨིན་བསམ་ཡས་པའི། །
དད་ལྡན་འདུས་པས་ཞི་རྒྱས་དབང་མཆོག་གིས། །སྐུ་གདུང་རིན་ཆེན་ཞུགས་མཆོད་ཕུལ་བར་མཛད། །
ལྷོ་བྱང་སྣ་ལྔའི་མཇའ་ཚོན་དྭངས་གསལ་དང་༌། ཤར་ནུབ་ནམ་མཁའི་མདངས་དང་མ་འདྲེས་པའི། །
མཇའ་འོད་སྔོན་པོ་བ་ཐག་རྐྱང་བཞིན་པ། །དེར་ཡོད་གདུང་མཇལ་ཡོངས་ཀྱིས་སྐལ་བར་གྱུར། །
འབྱུང་འགྱུར་གདུལ་བྱའི་བསོད་ནམས་རྟེན་སྐལ་དུ། །དབུ་ཐོད་བུམ་རིལ་སྐྱོན་གྱིས་མ་གོས་པར། །
ཡི་དམ་དཔལ་ཆེན་སྐུ་གསུང་རང་བྱོན་གསལ། །མཐོང་ཐོས་རྣམ་དག་གྲོལ་བའི་དབུགས་འབྱིན་མཛད། །
སྐྱེ་ཀུན་ཡང་དག་བླ་མ་དམ་པར་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །
ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ཞིང་། །ཀུན་བཟང་བླ་མའི་ཐུགས་དང་དབྱེར་མེད་ཤོག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ནམ། བདག་གི་༧སྐྱབས་རྗེ་པན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་འདས་མཆོད་སྐབས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉམས་ཐག་པའི་སྐབས་སུ་སླར་གསོ་མཛད་པའི་མཁས་གྲུབ་པན་ཆེན་དམ་པའི་ཕྲིན་ལས་ཀྱི་ཆ་ཤས་འཆད་ཉན་དང་སྒོམ་སྒྲུབ་ཀྱི་རིག་པས་བོད་གངས་རིའི་ལྗོངས་སུ་རྒྱལ་བསྟན་ཉི་མ་ཤར་བ་མཛད་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཡིད་རྟེན་དུ་རིག་འཛིན་དཔལ་དགྱེས་པ་རྡོ ་རྗེས་ཨེ་ཝྃ་ཀུན་བཟང་ཆོས་གླིང་གི་རང་ཤག་བཀའ་གཏེར་རྩེན་པའི་ལྡིང་ཁང་ནས་བྲིས་པ་དགེའོ།། །།

རྩོམ་རིག

Post navigation

Previous Post: ཨ་རིག་མཁན་ཆེན་པདྨ་ཚེ་དབང་རྗེས་སུ་དྲན་པ་སྤེལ་མའི་ངག་ཅེས་བྱ་བ།
Next Post: གླེང་དགོས་པ་དག

Comments (2) on “༄༅། །༧ཀུན་གཟིགས་པན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེའི་རྗེས་དྲན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།།”

  1. ཨོ་རྒྱན་ཉི་མ། says:
    2013-03-07 at 1:23 am

    རིག་པ་འཛིན་ཡིན་མིན་མི་ཤེས་མོད། དེ་རིང་བསྟོད་ཡུལ་ནོར་མི་འདུག དོན་མེད་ནག་ཉོག་རྐྱང་རྐྱང་བསྟོད་བསྡད་ན་་་་་་་་་་་་་་་་་་་་་་་་་་་་་དོན་མེད་རེད། ཧཧཧཧཧཧཧཧཧཧཧཧཧཧ

  2. ཨ་ཕྱི་ཆོས་སྒྲོན says:
    2013-03-07 at 2:30 am

    སྐྱབས་སུ་མཆི། སྙན་ངག་དང་བླ་མའི་ཡོན་ཏན་སློབ་མའི་དད་པ་ལ་ཡི་རང་ཞུ། ཁོང་ལ་འཇམ་དཔལ་མཚན་བརྗོད་ཀྱི་ཁྲིད་ལུང་རྒྱུད་རིམ་དེ་ཇི་འདྲ་བྱུང་བ་ཡིན་ནམ། རྩོམ་པ་པོས་གསུང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme