Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།

Posted on 2016-10-222016-10-22 By ཁ་བརྡ་ 4 Comments on ༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།

དཔལ་དགྱེས་པ་རྡོ་རྗེ

 
ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།།

སྙིང་དབུས་གཉུག་མའི་དོན་གྱི་དཀྱིལ་འཁོར་གྱི་དབུས་ནས།།
ངེས་དོན་འཇམ་དཔལ་དཔའ་བོའི་ཡེ་ཤེས་ཀྱི་རང་གཟུགས།།
བརྒྱུད་གསུམ་གསང་ཆེན་བསྟན་པའི་ཁྱབ་བདག་རྗེ་མཁྱེན་ནོ།།
སྒོ་གསུམ་མི་ཕྱེད་དད་པས་བླ་མ་ལ་ཕྱག་འཚལ།།

ཤ་རུས་གདུང་རྒྱུད་གཅིག་པའི་དབྲ་རིགས་ཀྱི་ཚོགས་དང་།།
སྦྲ་ཆེན་སྐྱིད་སྡུག་གཅིག་པའི་སྤུན་ཟླ་ཡི་ཕྱོགས་ལ།།
མན་ངག་ཡིད་བཞིན་ནོར་བུའི་ཕྲེང་བ་འདི་འབུལ་བས།།
གཉེན་ཉེའི་དགའ་བདེ་འཕེལ་བའི་སྙིང་གཏམ་ཞིག་ལགས་སོ།།

༡) འཇིགས་རུང་སྲིད་པའི་གྲོང་ཁྱེར་ཆེན་པོ་ཡི་གནས་ན།།
མི་བཟོད་འཁོར་བའི་སྡུག་བསྔལ་ཕ་མཐའ་ཞིག་ཡས་ཀྱང་།།
རྒུད་པ་ཀུན་སྐྱོབ་སྐྱབས་གནས་དཀོན་མཆོག་ལ་བཅོལ་ནས།།
ནམ་ཡང་མི་འདོར་དམ་ཆོས་སྒྲུབ་པ་ལ་རེམ་རེམས།།

༢) ཕྱི་ནང་གསང་བའི་དགེ་སྡིག་ཇི་སྙེད་ཀུན་ཡོད་ཀྱང་།།
བཟང་ངན་སྤྱོད་པའི་རྟེན་འབྲེལ་ཟབ་རྒྱས་ལ་དཔྱོད་དང་།།
བསླུ་མེད་ཡིད་ཆེས་རྙེད་པའི་ངེས་ཤེས་ཞིག་འཁྲུངས་ཕྱིར།།
ངེས་དོན་ལས་འབྲས་ཞིབ་མོའི་རྟུལ་ཞུགས་དེ་མ་བརྗེད།།

༣) དགེ་བཅུའི་སྲོལ་བཟང་འཛིན་པའི་ཆོས་སྡེ་ལ་འབོད་དང་།།
ལུགས་གཉིས་བླང་དོར་ཤེས་པའི་མཁྱེན་རབ་ལ་དབང་བས།།
འདི་ཕྱི་བར་དོར་སྐྱིད་པའི་སྤྲོ་སེམས་ཀྱིས་ཁེངས་ཕྱིར།།
དལ་འབྱོར་མི་ལུས་ཐོབ་པ་དོན་ལྡན་ལ་རེམས་རེམས།།

༤) ངེས་འབྱུང་རྣལ་མས་ཕྱུག་པའི་རབ་བྱུང་གི་སྡེ་དང་།།
ཕ་རོལ་ཕྱིན་དྲུག་སྤྱོད་པའི་རྒྱལ་སྲས་ཀྱི་སེམས་དཔའ།།
གསང་ཆེན་སྔགས་འཆང་རྒྱུད་པའི་རིག་འཛིན་གྱི་སྡེ་ཚོགས།།
མཁས་གྲུབ་དམ་པའི་གདན་ས་སྐྱོང་བ་དེ་སྙིང་གཏམ།།

༥) སྟོང་ཉིད་རྟེན་འབྲེལ་གོ་བའི་དབུ་སེམས་ཀྱི་རྒྱལ་སྲས།།
བདེ་སྟོང་ཕྱག་རྒྱ་མྱོང་བའི་སྒོམ་ཆེན་གྱི་རྣལ་འབྱོར།།
རྫོགས་ཆེན་གནས་ལུགས་རྟོགས་པའི་མཁས་གྲུབ་ཀྱི་རྒྱལ་པོ།།
རང་རིག་ཀུན་བྱེད་རྒྱལ་པོའི་ཐུགས་དམ་དེ་སྤེལ་མཛོད།།

༦) མདོར་ན་ཆོས་མཐུན་སྤྱོད་པ་ཡབ་མེས་ལྟར་བརྟེན་ཅིང་།།
བྱམས་བརྩེ་ཤེས་རབ་ཟབ་མོ་དེང་རབས་དང་འགྲོག་སྟེ།།
གནའ་དེང་ཟུང་གིས་སྒྱུ་རྩལ་འཕྲུལ་ཐབས་ཤེས་ཞིག་ལྡན་ནས།།
སྦྲ་ཆེན་མི་རབས་བསྐལ་བརྒྱར་བརྟན་པ་ཞིག་མཛོད་ཅིག།

ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་དབྲ་ཆེན་ཚོགས་པའི་གཉེན་ཉེ་ཡོངས་ལ་གྲོས་འདེབས་སུ་གང་ཤར་དུ་སྦྲ་ཆེན་དཔལ་དགྱེས་པ་རྡོ་རྗེས་ཨེ་ཝྃ་ཀུན་བཟང་ཆོས་གླིང་ནས་བགྱིས་པར་བི་ཛ་ཡནྟུ།། །།ཤི་བྷཾ།།

སྙན་ངག

Post navigation

Previous Post: «རྒྱལ་སྲས་ཆུང་ཆུང»ཞེས་པ་བོད་ཡིག་ཏུ་བསྒྱུར་མཁན་ལ་རྒྱང་འདྲི།
Next Post: སྔགས་པའི་བྱུང་རིམ་དང་འབྲེལ་བའི་གཏམ།༼དང་པོ༽

Comments (4) on “༄༅།། སྦྲ་རིགས་ཡོངས་ལ་གདམས་པའི་སྙིང་གཏམ་མ་ཎི་ཀ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-22 at 11:33 pm

    བོད་རིགས།
    སྦྲ་གུར་ནང་སྡོད་གྱི་བོད་རིགས། །
    ས་མ་འབྲོག་ས་ཡི་མི་རིགས། །
    ཀ་ཁ་གཅིག་མཚུངས་ཀྱི་མི་རིགས། །
    མ་སྐད་གཅིག་མཚུངས་ཀྱི་མི་རིགས། །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-23 at 12:03 pm

    འབྲོག་པའི་སྦྲ་གུར་ལ་གོ་དགོས་པ་རེད་དམ་།
    ལུང་པའི་མིང་ཧོར་སྦྲ་ཆེན་ལ་གོ་དགོས་པ་རེད་གསལ་
    བཤད་གནང་མཁན་ཡོད་ན་དགའ་བསུ་ཡོད་།

  3. ཀརྡོ་རབ་འབྱམས་པ་ says:
    2016-10-23 at 12:33 pm

    སྦྲ་དང་གཅིག སྦ་དང་གཉིས། སྦྲ་གུར་དང་གསུམ། སྦ་གུར་དང་བཞི། གུར་དང་ལྔ་རྣམས་ཕལ་ཆེར་མིངགི་རྣམ་གྲངས་སུ་གྲངས་མི་ཆོག་པ་མི་འདུག་སྙམ་ལགས།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-24 at 8:24 am

    ཆེས་སྔ་བའི་དུས་སུ་འཇིག་རྟེན་འདིར་མི་གི་འགྲོ་བ་འཕེལ་སྐབས་ད་ལྟ་ནང་བཞིན་ཁང་ཁྱིམ་མེད་པ་གདོན་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་ནས་རིམ་པས་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་ཕྱོགས་པ་དང་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ལའང་སྔོན་འཐོན་ཅན་ལ་ཞིང་པ་དང་རྗེས་ལུས་ཅན་ལ་འབྲོག་པ་ཞེས་མིང་བརྟགས་པ་ལྟར་ང་རང་ཡང་སྔོན་འཐོན་རྗེས་ལུས་ཀྱི་རྣམ་བཞག་ནང་རྗེས་ལུས་ཀྱི་མིང་ཐོབ་པའི་དཀྲུས་ནས་དག་རྒྱུ་མེད་པའི་འབྲོག་རྒན་ཞིག་ཡིན་པའི་ཆ་ནས་འབྲོག་གུར་ལ་མིང་མང་པོ་ཡོད་པ་གཡག་གི་སྤུ་ཙིད་ལས་བཟོས་པའི་གུར་ལ་སྦྲ་གུར་དང་རས་ཀྱི་བཟོས་པའི་གུར་ལ་རས་གུར་དང་མི་ཀྱང་སྡོད་སའི་གུར་ལ་བཅོག་པུ་སོགས་གུར་ནག་དང་རས་གུར་དང་བཅོག་པུ་སོགས་མིང་ཚིག་འདྲ་མི་འདྲ་ཡོད་ལ་བཟོ་ལྟ་ཡང་འདྲ་མི་འདྲ་ཡོད་ལ་བོད་ཆོལ་ཁ་གསུམ་གྱི་ནང་གུར་ལ་མིང་འདྲ་མི་འདྲ་ཡོད་པ་འབྲོག་གུར་དང་ཁམས་གུར་སོགསམང་པོ་ཡོད་ས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme