Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། མི་མང་གི་དྲི་བ་ལ་གཡོལ་བའི་སྲིད་སྐྱོང་།

Posted on 2018-01-272018-01-27 By ཁ་བརྡ 4 Comments on ༄༅།། མི་མང་གི་དྲི་བ་ལ་གཡོལ་བའི་སྲིད་སྐྱོང་།

གྲགས་པ།

 

དེ་རིང་སྤྱི་ཚེས་ ༢༧ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་ནས་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་མི་མང་ལ་གཏམ་བཤད་སྤེལ་བའི་མཇུག་ཏུ་དྲི་བ་དྲིས་ལན་བྱས་འདུག སྐབས་དེར་ཧྥ་རན་སིར་བཞུགས་པའི་བོད་པ་ཞིག་གིས་སྲིད་སྐྱོང་ལ་དྲི་བ་འདི་འདྲ་ཞིག་དྲིས་འདུག

ཉེ་ཆར་ཨ་རིའི་སྐུ་ཚབ་དོན་གཅོད་ལས་མཚམས་བཞག་པའི་སྐོར་ལ་བཀའ་ཤག་གིས་གསལ་བཤད་དོན་ཚན་བཅུ་ཅན་ཞིག་གསུངས་འདུག དེ་ལ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༢ བའི་ཚེས་ ༥ ཉིན་བཞུགས་སྒར་རྡ་རམ་ས་ནས་གསལ་བཤད་ལན་འདེབས་དཔང་རྟགས་ཡིག་ཆ་དང་བཅས་བཏོན་འདུག་པ་དེ་ལ་དཔལ་ལྡན་བཀའ་ཤག་དང་སྲིད་སྐྱོང་གི་ངོས་ནས་ངོས་ལེན་ཡོད་དམ་མེད། ཡོད་ན་ཡོད་པའི་ལན་དང་།མེད་ན་མེད་པའི་བཀའ་ལན་མ་གནང་ན་བོད་པའི་སྤྱི་ཚོགས་འདི་ཧ་ཅང་གི་འཁྲུགས་ཆ་དོད་པོ་ཆགས་འདུག ཅེས་དྲིས་པའི་ལན་དུ་སྲིད་སྐྱོང་གིས། ང་ཚོའི་བཀའ་ཤག་གིས་དེའི་སྐོར་ལ་ཡིག་ཐོག་དང་ངག་ཐོག་ནས་གསལ་བཤད་བྱས་པ་དེ་ག་རང་ཡིན་ཟེར་པ་ཙམ་ལས་ལན་མ་གནང་བ་དེ་ནི། དྲི་བ་ལ་གཡོལ་བའི་གཡོ་སྒྱུ་རང་ལས་མ་འདས། དྲི་བ་ལ་ལན་མ་རྒྱབ་པར་སྤེན་པ་ཚེ་རིང་མཆོག་དོན་གཅོད་ནས་ལས་མཚམས་འཇོག་བཅུག་དགོས་དོན་བཀའ་ཤག་གིས་གསལ་བཤད་དོན་ཚན་བཅུ་ཅན་ཞིག་བཏོན་འདུག་པ་དེ་བསྐྱར་བཤད་ཅིག་བྱས་ནས་བཞག་སོང་། དེ་ནི་ཧ་ཅང་གཡོ་སྒྱུ་ཞིག་ཀྱང་རེད་ལ། ཕྱོགས་གཅིག་ནས་སྤེན་པ་ཚེ་རིང་གི་སྐད་ལ་ལན་མེད་པའི་མངོན་རྟགས་ཤིག་ཀྱང་གསལ་པོ་བསྟན་པ་རེད་སྙམ། དེ་ལས་གཞན་པའི་སྲིད་སྐྱོང་གི་སྐད་ནི་གལ་གནད་ཆེ་གང་ཡང་མི་འདུག ལར་ནས་སྲིད་སྐྱོང་ཡོ་རོབ་ནང་ཕྱོགས་བསྐྱོད་བྱེད་དགོས་དོན་དམིགས་བསལ་གང་ཡང་མི་འདུག གང་ལྟར་སྲིད་སྐྱོང་ཡོ་རབ་ནང་འབྱོར་བ་ལ་བརྟེན་ནས་ས་གནས་བོད་རིགས་མང་ཚོགས་ནང་འཁྲུགས་ཆ་དོད་པོ་དང་། ཆོལ་ཁའི་བར་ལ་སྔར་དང་མ་འདྲ་བའི་འགལ་ཟླ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་རེད་འདུག

དེ་ནི་ཧ་ཅང་གི་བློ་ཕམས་པོ་རེད། དེ་ནི་སྲིད་སྐྱོང་གི་རྩ་བའི་དམ་ཚིག་དང་ཡོངས་སུ་འགལ་བ་རེད། ཆིག་སྒྲིལ་ཟེར་པ་དེ་ནི་ད་ལྟའི་ལྟར་བྱེ་མའི་འཆང་བུ་ལྟར་དུ་གྱུར་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༧ ཉིན།

གསར་འགྱུར།

Post navigation

Previous Post: མོན་ཇོ་ནང་དགོན་པར་རིས་མེད་སྨོན་ལམ་ཆེན་མོ་འཚོགས་པ།
Next Post: ནམ་ཟླ་དབྱེར་མེད་ཀྱི་བརྩེ་དུང་།

Comments (4) on “༄༅།། མི་མང་གི་དྲི་བ་ལ་གཡོལ་བའི་སྲིད་སྐྱོང་།”

  1. ཀརྡོ་རབ་འབྱམས་པ་ says:
    2018-01-27 at 11:14 pm

    ང་ཚོའི་ད་ལྟའི་སྲིད་སྐྱོང་གི་མཚན་ལ། བློ་བཟང་སེངྒེ་རེད་དམ། བློ་བཟང་སངས་རྒྱས་རེད། ལགས། གྲགས་པ་ལགས།།

  2. འཇིགས་མེད་རྒྱ་མཚོ། says:
    2018-01-28 at 11:00 am

    ཞི་བའི་ལས་འགུལ་སྤེལ་བ་ལ་དམངས་གཙོའི་འགྲོ་སྟངས་ཙམ་ལ་ངོས་འཛིན་གནང་སྟེ་མི་མང་གི་མངོན་འདོད་མ་བསྒྲུབས་པ་ནི་མི་མང་གི་སྐྱིད་སྡུག་ལ་ཐུགས་ཁུར་མ་གནང་བ་དང་རང་འཁྲིས་ལས་དོན་མ་འགྲུབ་པ་ཞིག་རེད།
    ཐུན་མོང་གི་ཁེ་ཕན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་ལས་འགུལ་སྤེལ་བ་ལ་ཆབ་སྲིད་ཀྱི་གཞི་རྩའི་ལམ་སྲོལ་ཙམ་ལ་ངོས་འཛིན་གནང་ན་ག་ལ་འགྲིག
    མི་མང་གིས་ལས་འགུལ་སྤེལ་བ་དང་སྙན་ཞུ་ཕུལ་བ་ལ་བདག་སྤྲོད་གང་ཡང་མ་གནང་བ་འདི་ནི་མི་མང་ལ་མཐོང་ཆུང་བྱས་བ་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2018-01-29 at 7:50 am

    བློ་སེང་ལགས་དང་། དངོས་གྲུབ་ལགས་ཀྱིས།
    https://www.facebook.com/serkyiphonga/videos/885024351656882/?hc_location=ufi

  4. རྒྱ་ཞིང་མྱི་དཀར། says:
    2018-01-30 at 2:46 pm

    ད་མ་བཤད་ཁ་དྲོ་སེམས་མི་བདེ་ཀི་ཕན་ཐོག་ནི་ཁག་པོ་རེད་དེ་ལས་འཇམས་ཅག་གེ་བཞག་ན་མཐུན་སྒྲུལ་ལ་ཏོག་ཙམ་ཕན་འེ་ཡོང་སྙམ་གི་་་མ་གཏོགས་ད་ཇོ་བོ་རིན་པོ་ཚར་རྒྱུ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme