Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།

Posted on 2016-10-262016-10-26 By ཁ་བརྡ་ 13 Comments on བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།

རིགས་ཀྱི་བུ།

 
བདེ་སྲུང་འབྲོང་ཆུང་བདེ་སྲུང་ལས་ཁུངས་དང་བྲལ་མགོ་བརྩམས་པ་ནས། ཕྱོགས་སྣ་སྒོར་མོར་ཉམས་རྒུད་ཐེབས་གཞིའི་རྟགས་མཚན་ཁ་ཤས་ཐོན་པའི་ནང་ནས། མི་དམངས་རང་བཞིན་གྱི་ངོས་འཛིན་བྱུང་བའི་དཀའ་ངལ་གཅིག་གི་ RSསྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་ཕྱོགས་དང་། དེའི་སྐོར་ས་གནས་སོ་སོའི་སྐོར་སྲུང་པས་བཏང་བའི་གནས་ཚུལ་ཡ་ང་བ་དེ་རེད།
སྔོན་སྐལ་བཟང་མི་བཟང་གི་དུས་ལ་སྐྱབས་བཅོལ་ལག་དེབ་བཟོ་བའི་ཆ་རྐྱེན་སྐྱེས་ཚེས་ལག་ཁྱེར་རྫུན་མ་བཟོ་མ་དགོས་པར། ༢༠༠༣ ཡས་མས་ནས་བོད་མི་ཚོར་ཁྲིམས་མཐུན་སྐྱབས་བཅོལ་ལག་དེབ་བཟོ་ཐུབ་པའི་གནས་སྟངས་ཡག་པོ་དེ་བྱུང་། ཏག་ཏག་སྐབས་དེ་ཤེད་ནས་སྐབས་དེའི་བཀའ་ཤག་གིས་ལག་དེབ་དུས་འགྱངས་ཞུ་ཕྱོགས་ཐད་ཀྱང་། དུས་ཡུན་ལོ་གཅིག་ཙམ་མིན་པར། ལོ་གསུམ་ནས་ལྔ་བར་དུས་འགྱངས་ཞུ་རྒྱུའི་རེ་སྐུལ་རྒྱ་གར་དབུས་གཞུང་ལ་ཞུས་ཡོད།

གནས་ཚུལ་སྣ་མང་གི་རྐྱེན་པས་རེ་འདུན་དེ་ ༢༠༡༡ གི་རྗེས་སུ་མ་གཏོགས་ཕྱག་བསྟར་ཐུབ་མེད་ཀྱང་། སྐབས་དེའི་བཀའ་ཤག་གི་རེ་འདུན་ཏེ། དུས་འགྱངས་ལོ་མང་པོ་ཞུ་ཕྱོགས་ཐད་རྒྱ་གར་ནང་སྐྱེས་པ་དང་བོད་ནས་འབྱོར་བ་གཉིས་ཀར་འདྲ་མཉམ་ཡོང་རྒྱུའི་སྐོར་ད་ལྟ་ད་དུང་དོན་འབྲས་སོན་མེད་པར་ལྷག་ཡོད།

RSསྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་དེ་དམིགས་བསལ་གསར་འབྱོར་བོད་མི་ཚོར་ཕྱི་གསལ་ནང་གསལ་ཡིན་པས། དེའི་སྐོར་མི་རེ་རེར་སྒྲུང་རེ་རེ་བཤད་རྒྱུ་ཡོད། ད་བོད་རྒྱ་འབྲེལ་མོལ་མཐུད་པའི་ཐབས་ཤེས་མེད་ཀྱང་། སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་སྒྲུང་འདི་མཇུག་རྫོགས་བཅུགས་ན་རེད། དེང་སང་སྐྱབས་བཅོལ་ལག་དེབ་ཕར་འགྱངས་རྗེས་ལུས་ཐེབས་ཚེ་ཉིན་གཅིག་ནས་དགུ་བཅུ་བར་ཨ་སྒོར་ ༢༠ ནས་རྩིས་ཏེ་ལོ་གཉིས་བར་ཨ་སྒོར་ ༢༠༠ ལྷག་གི་ཆད་པ་གཅོད་རྒྱུ་གཏན་འཁེལ་གནང་འདུག
རྒྱ་གར་དབུས་སའི་གཞུང་ནས་ཅི་ཡང་གནང་སྲིད། ཐ་ན་བོད་མི་ཚོར་ཕྱིར་ཕུད་ཀྱང་གཏོང་སྲིད། འོན་ཀྱང་། དེ་འདྲའི་གནས་སྟངས་ཐབས་རྡུག་ཅིག་མི་ཡོང་ཆེད། བོད་མི་མང་གི་ཆེད་དུ་གཞུང་ཞིག་བཙུགས་ཡོད་པ་རེད། གཞུང་དེའི་བཀའ་ཤག་དང་ལྷག་པར་འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་དེའི་ཐད་ནུས་པ་མ་ཐོན་ཚེ། ད་གནས་སྟངས་ག་བ་སླེབས་སོང་། ཁྱད་མཚར་དང་། ཞེད་སྣང་ལངས་དགོས་པ་ཞིག་མ་རེད་དམ།

བསམ་ཚུལ།

Post navigation

Previous Post: ཨ་མར་བྲིས་པ།
Next Post: ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་བཏང་བ།

Comments (13) on “བདེ་སྲུང་ལས་ཁུངས་ནས་ཐབས་ཤེས་གནང་རོགས།”

  1. ཏི་སི། says:
    2016-10-26 at 12:23 am

    དང་པོ་ཁྱེད་ RC དང་ RS གཉིས་གང་ཡིན་མིན་ཡག་པོ་སྦྱོངས། དེ་ནས་ད་ནས་དྷ་སིའི་གངས་ཅན་འཁྲུགས་རྩོད་གཞུང་དེར་ལག་པ་འཆང་ནི་ལེགས་སམ

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-26 at 5:29 am

    གནས་ཚུལ་གསལ་པོ་ཤེས་ནས་དྲ་ནང་ཕེབས་རོགས་གནང་།
    ཕྱི་ལོ་2011ལོར་དགའ་ལྡན་ཕོ་བྲང་གི་གཞུང་ཕྱི་བསྡུ་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་གསར་གཏོད་གནང་ཡོད་པ་དང་ ( RS ) མ་རེད་ ( RC ) རེད་ (Registration. Certificate)

  3. གནམ་ says:
    2016-10-26 at 5:59 am

    གསར་འབྱོར་ཡིན་ན་འདྲ་གསར་སྐྱེས་ཡིན་ན་འདྲ། རྒྱ་གར་ཚང་ལ་རེ་བ་ཆེན་པོ་ཞིག་མེད་པ་ཤེས་དགོས། རྒྱུ་མཚན་ནི་རྒྱ་གར་གྱི་ཡུལ་མི་དམངས་ལ་སློབ་སྦྱོང་མེད། ཡོན་ཏན་ཅན་གྱི་ལས་སྣེ་ཚོ་ནི་རུལ་ཚར་རེད། ཁྲིམས་དང་ལུགས་ནི་དབང་ཤུགས་ཅན་ཚོས་ག་བར་བསྒྱུར་བསྒྱུར་རེད།

    ད་དེ་ལས་ཁྲིམས་དང་ལུགས་ཡོད་སའི་རྒྱལ་ཁབ་གཞན་ཞིག་ལ་གནས་སྤོར་ན་བཟང་། རང་དོན་དང་བོད་དོན་གཉིས་ལ་ཕན་ཆེན་པོ་ཐེགས་བའི་གོ་སྐབས་དང་རེ་བ་ཡོད་པ་རེད།

    གངས་སྐྱིད་དུ་ཁང་རྩེགས་གནམ་ལ་རེག་བ་དེ་འདྲ་བརྒྱབས་པ་ནི་ང་ཚོའི་ཆེད་དུ་མིན། དེ་ནི་སློབ་བཟང་སངས་རྒྱས་ལྟ་བའི་ཐོབ་ཐང་ལག་འཁྱེར་གཉིས་ལྡན་ཚོས་གསོལ་ཚིགས་མཆོད་ས་དང་། སློང་མོ་ཡི་མ་དངུལ་རྣམས་སོ་སོའི་ཤ་ཉེ་ཐུང་ལ་སྟེར་ས་ཙམ་ཡིན་པ་རེད།

    རེ་བ་ཞུ་ས་མེད་པ་ཤེས་དགོས།
    ང་ཚོ་ལ་དད་པ་བྱེད་ས་གོང་ན་མེད་པའི་བླ་མ་གནམ་གྱི་ཉི་མ་འདྲ་ཞིག་ཡོད་པ་ལས། ད་ལྟ་གཞན་ཅང་ལྷག་མི་འདུག་ཡ།

  4. ཁྱུང་སེ། says:
    2016-10-26 at 7:07 am

    རྒྱ་གར་གཞུང་ལ་བསྐུར་བ་མ་འདེབས་རོགས། རྒྱ་གར་ནི་ང་ཚོའི་ཆོས་རིག་གི་འབྱུང་གནས་ཙམ་དུ་མ་ཟད་ང་ཚོའི་དགེ་རྒན་ཡིན་ཞེས་གོང་ས་མཆོག་གིས་གསུངས་ཟིན། ཟམ་གདོང་བླ་མས་ཨ་རུ་ན་ཅལ་མོན་ཏ་དབང་སོགས་རྒྱ་གར་ལ་རྩིས་སྤྲད་ཟིན། ད་བོད་ས་ནི་ཤོར། བོད་ཀྱི་ཆོས་རིག་ནི་དཔལ་ན་ལཎྚ་ནས་ཡིན་པས་དེ་ནི་བོད་པས་ངོམ་རྒྱུ་ཞིག་མ་རེད་རྒྱ་གར་གྱིས་ངོམ་རྒྱུ་ཞིག་རེད། བྱས་ཙང་དགེ་ཕྲུག་གིས་དགེ་རྒན་ལ་བརྩི་བཀུར་ཞུ་དགོས་པ་ལས་ཁ་གཏོང་མི་རུང། ད་དུང་བོད་པའི་དགེ་རྒན་གཉིས་པ་དེ་རྒྱ་མི་ཡིན་ཞེས་ཀྱང་གསུངས་ཟིན། ད་དགེ་རྒན་གྱིས་ཅི་གསུངས་བཀའ་བསྒྲུབ་ཞུ་དགོས་པ་ལས་གཞན་ཐབས་ཤེས་མེད།

  5. གཡུ་ཐོག says:
    2016-10-26 at 7:09 am

    ༸རྒྱལ་བ་ཉིད་འཚོ་བཞུགས་མེད་པའི་དུས་སྐབས་སུ་རྒྱ་གར་གནས་སྡོད་ལག་འཁྱེར་RCཡོད་ཀྱང་རུང་མེད་ཀྱང་རུང་ང་ཚོ་སྐྱབས་བཅོལ་བོད་མིའི་ལས་དབང་གཅིག་རེད། དུས་དེ་དུས་སྲིད་སྐྱོང་མཁས་དབང་དང་སྤྱི་མཐུས་རྣམས་ཀྱི་ཕན་ཐོག་དང་མ་ཐོག་ཐེ་ཚོམ་རེད། ཚང་མ་རང་མགོ་ཐོན་རྩིས་བྱེད་ཀྱི་རེད་མ་ཏོག་བོད་མི་རིགས་དང་རིག་གཞུང་སོགས་ཀྱི་འབོད་སྒྲ་སྒྲོག་རྒྱུ་ཁག་པོ་རེད། སྐབས་དེར་རྒྱ་གར་ནང་ཡོད་པའི་བོད་མི་དབུལ་པོ་ཉམ་ཐག་དང་། རྒྱབ་རྟེན་མེད་པ། སེང་གེའི་ཉི་གདུགས་འོག་མེད་པ་རྣམས་ལ་དཀའ་ངལ་འཕྲད་ངེས་རེད། དེ་དུས་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡང་དགུང་གི་འཇའ་མཚོན་ལྟར་རེད་དོ།

  6. ཀརྡོ་རབ་འབྱམས་པ་ says:
    2016-10-26 at 9:27 am

    བོད་པ་ཚོ་དུས་ད་ལྟ་ཡང་གྲྭ་བཙུན་མིན་པ་ལ་གྲྭ་བཙུན་ཡིན་མདོག་མདོག་བྱས་ནས་མ་སྡོད། མཁས་པ་མིན་པ་ལ་མཁས་པ་ཡིན་མདོག་བྱས་ནས་མ་སྡོད། ཕྱུག་པོ་མིན་པ་ལ་ཕྱུག་པོ་ཡིན་མདོག་མདོག་བྱས་ནས་མ་སྡོད། བོད་སར་སྔར་རྒྱ་གར་ནས་ནང་ཆོས་ཡར་རྒྱས་བཏང་བ་ལྟར། དུས་ད་དུང་ཡར་རྒྱས་ཐོངས།
    བོད་ས་ལ་རྒྱ་ནག་ནས་སྔར་ཡང་། ཇ་དང་གོས་ཆེན་བླངས་ནས་བསྡད་པ་རེད། དུས་ད་དུང་ཡང་རྒྱ་ནག་ནས་ཚན་རིག་བཟོ་ལས་ཀྱི་རིགས་རྣམས་སྦྱོངས། བོད་ཕྱི་ནང་གཉིས་སུ་ག་བར་བསྡད་ཡོད་ཀྱང་ཁྱད་མེད། བོད་རིགས་ཡིན་ཕྱིན་ས་གནས་དེ་གའི་མི་རིགས་ལས་རྗེས་ལུས་མ་ཐེབས་པར་གྱིས་དང་། དེ་གས་འགྲིགས་པ་རེད་དོ།།

  7. ཀརྡོ་རབ་འབྱམས་པ་ says:
    2016-10-26 at 9:40 am

    བོད་རྒྱལ་ལོ།།
    སྲིད་སྐྱོང་རྒྱལ་ལོ།།
    བློ་སེང་རྒྱལ་ལོ།།
    ་
    ང་རང་རྒྱལ་ལོ།།ཧཧ།། །།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-26 at 9:58 am

    གནས་ལུགས་དྲང་པོ་བཤོད་ས་དྲ་རྒྱ་རེད་།
    དགེ་སྐྱོན་ཡོ་སྲང་བྱེད་ས་དྲ་རྒྱ་རེད་།
    དོན་མེད་སྐྱོན་འཛུགས་བྱེད་ས་དྲ་རྒྱ་མིན་།
    མ་ཉེས་ཁ་གཡོག་བྱེད་ས་དྲ་རྒྱ་མིན་།

    རང་མིང་གསལ་པོར་བཀོད་ནས་དྲ་ནང་ཕེབས་།
    ལྷག་བསམ་འགན་འཁུར་བླངས་ནས་དྲ་ནང་ཕེབས་།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-10-26 at 11:30 am

    རིགས་ཀྱི་བུ་ལགས། གནས་ལུགས་རྒྱུ་མཚན་གསལ་བཤད་བཟོ་ཐུབ་ན་ཡང་རང་མིང་དངོས་སུ་བྲིས་མི་ཕོད་པ་འདི་་་་་་ཧཧཧཧཧ་་་་་་བཤད་པའི་གཏམ་ལ་འགན་ཁུར་མི་འདོད་པ་ལས་གཞན་ཅི་ཡོད་རྒྱུ་མ་རེད་སྙམ།

  10. སེང་ཕྲུག་བརྟན་པ། says:
    2016-10-26 at 11:57 am

    ཁ་ནས་འདོན་པ་ཚང་མ་མ་འགྲིག་པ་དང་མ་བྱུང་བ་ཤ་སྟག་རེད། རང་སྐྱོན་གྱི་གོང་བུ་ཡིན་པའི་མིས་གཞན་ལ་སྐྱོན་མཐོང་བ་ཆོས་ཉིད་ཡིན་མོད། འོན་ཀྱང་དེ་འདྲའི་སྐད་ངན་རྐྱང་རྐྱང་བསྒྲགས་དང་སྒྲོག་བཞིན་པར་ཡིད་རེ་སྐྱོ། ད་བཤད་ནས་སྡོད་ཡ་ཡི་དུས་མ་རེད་མཁས་དབང་ཚོ། ཤེས་འཇོན་གྱིས་ཕྱུག་པ་ཡིན་བསམ་པའི་སྤོབས་པ་ཡོད་ན་སྟོན་པའི་དུས་ལ་བབས་འདུག དངོས་གནས་འོས་པར་མཐོང་ན་ངས་དང་ཤོས་རྒྱབ་སྐྱོར་ཞུ་ཆོག དེ་མིན་སོ་སོས་མི་འཇོན། མིས་འཇོན་གང་ཐུབ་ཀྱིས་བྱས་པར་ཁ་གཏོང་བའི་ལུགས་སྲོལ་ངན་པ་འདི་རང་གཞན་ཐམས་ཅད་མེད་པ་བཟོ་མཁན་གཙོ་བོ་ཞིག་ངོས་འཛིན་ཞུ་ཡི་ཡོད།

  11. འབོར་བློ་བཟང་རྒྱ་མཚོ། says:
    2016-10-26 at 12:44 pm

    སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ནི་སེལ་ཐུབ་པ་ཞིག་རེད་ལ་སེལ་ཡང་སེལ་གྱིན་རེད། སེམས་ཁམས་གདོན་ལ་ཞུགས་པའི་དཀའ་ངལ་འདི་སེལ་ཡ་ཧ་ཅང་ཁག་པོ་རེད།

  12. ཁུ་བྱུག says:
    2016-10-26 at 11:42 pm

    འབྲོང་ཆུང་འབྲོང་གི་བུ་རྒྱུད།།
    གངས་སྐྱིད་གཞུང་ལ་བྲལ་བས།།
    བདེ་འཇགས་བལྟ་སྲུང་ལས་ཁུངས།།
    ལྗིད་ཁོག་སྔར་བཞིན་རེད་དམ།།

    ད་ལྟ་བདེ་སྲུང་བཀའ་བློན།།
    རྟ་ཚབ་བོང་བུས་བཟུང་ཡོད།།
    སེམས་པ་གཏིང་ནས་སྐྱོ་ཡང་།།
    བྱེད་ཡ་གང་ཡང་མི་འདུག།

  13. ཅང་ཤེས་རྟ་མཆོག says:
    2016-10-27 at 6:41 am

    སློབ་བཟང་སངས་རྒྱས་མི་ངན་ཁྲམ་པ་དེས། །
    ལོ་ལྔའི་རིང་ལ་བོད་མིའི་སེམས་ཤུགས་བཅག །
    གྲོས་ཚོགས་ནང་དུ་མ་རབས་སྤྱོད་ངན་བསྟན། །
    ཆིག་སྒྲིལ་ལས་དོན་རྫབ་ནང་དུ་བརྫངས། །
    ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme