Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། དུས་འཁོར་དབང་ཆེན་དང་ངའི་སེམས་ཁྲལ།

Posted on 2016-12-282016-12-28 By ཁ་བརྡ་ 21 Comments on ༄༅།། དུས་འཁོར་དབང་ཆེན་དང་ངའི་སེམས་ཁྲལ།

ཤར་ཕྱོགས་ཁུག་རྟ།

 
བཞུགས་སྒར་ངྷ་སའི་བོད་མི་ཚོ་དུས་འཁོར་དབང་ཆེན་ལ་ཆས་པས། ཉིན་རེ་ནས་ཉིན་རེར་༸གོང་ས་ཐམས་ཅད་མཁྱེན་པའི་བཞུགས་སྒར་སྟོང་སེང་ངེར་འགྲོ་ཡི་ཡོད་པའི་རྣམ་པ་འདིས། ང་ལ་བྱིན་པའི་བསམ་གཞིགས་ཧ་ཅང་ལྕི་ནའང་། སྐབས་བབ་བརྗོད་འདོད་པ་ནི་དུས་དབང་དང་འབྲེལ་བའི་རང་ཉིད་ཀྱི་སེམས་ཁྲལ་ཁག་ཅིག་ཡིན།

ཚང་མས་མཁྱེན་གསལ་ལྟར། ད་ལོའི་དུས་འཁོར་དབང་ཆེན་ཞུ་བ་པོ་ནི་བཀའ་ཤག་སྟེ། སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་སྐབས་ ༡༤ པའི་བཀའ་ཤག་ཡིན་ཞིང་། སྐབས་དེའི་བཀའ་ཤག་གི་ལས་ཡུན་འཁྱུར་ལ་ཉེ་མཚམས་གསུངས་རྒྱུའི་གྲབས་བཤམས་པ་ཕྱིར་འགྱངས་ཀྱིས་ད་ཆ་སྐབས་ ༡༥ པའི་བཀའ་ཤག་གི་ལས་ཡུན་མགོ་བཙུགས་མ་ཐག་དུས་འཁོར་དབང་ཆེན་ཐེངས་ ༣༤ གནང་དུས་དང་འཁེལ་བ་འདི་རེད། ༢༠༡༡ ལོར་༸གོང་ས་ཆེན་པོས་རྒྱལ་སྲིད་བཙན་གྱིས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་གསོལ་བསྩལ་གནང་བ་ནས་ད་བར་ལོ་ ༥ ལྷག་འགོར་ཡོད་ཅིང་། གུས་རང་ཉིད་ལ་མཚོན་ནའང་འོས་འདེམས་བྱས་པའི་མགོ་ཁྲིད་ཀྱི་གྲས་སུ་ཚུད་ཡོད་སྟབས། སྒྲིག་འཛུགས་ཀྱི་ཕྱི་ནས་ནང་དང་། འགན་མེད་ནས་འགན་ཡོད། སྤྱི་འཐུས་ནས་སྤྱི་འཐུས་རྒྱུན་ལས་བཅས་ཀྱི་ལས་ཀྱི་རིམ་བརྒྱུད་འགྲོ་དུས། ༸གོང་ས་ཆེན་པོས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ལ་ཐུགས་རེ་གནང་བའི་ཚད་དང་། དབུ་ཁྲིད་དེ་དག་གི་དངོས་སུ་ལས་དོན་གནང་སྟངས་ཀྱི་ཕྱོགས་གཉིས་ལ་བསམ་གཞིགས་བྱེད་སྐབས། རང་ཉིད་ཀྱི་ཉིན་མཚན་ཁོར་མོ་ཡུག་ཐམས་ཅད་རི་བོང་གནམ་རྡིབ་ལྟ་བུའི་སེམས་ཁྲལ་གྱི་ཀློང་དུ་འཐིམས་འགྲོ་བ་དེ་རེད།

 
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་དང་། ཐུགས་འགན་ཅི་ཡིན་གྱི་ཁྲིམས་སྒྲིག་དགོངས་དོན་དང་ལམ་ལུགས་ལྟར་ན། ང་ཚོ་སྤྱི་འཐུས་རྣམས་ནི་འཛིན་སྐྱོང་བཀའ་ཤག་འཕོ་འགྱུར་དང་འོས་འདེམས། དེའི་ལས་དོན་ལ་རྗེས་འདེད་རྩིས་རྒྱག ཁྲིམས་སྒྲིག་སྲིད་བྱུས་གཏན་འབེབས་ལམ་སྟོན་གནང་མཁན་ཞིག་ཡིན་པ་བཅས་བསྙོན་དུ་མེད་གཤིས། ད་ལྟའི་འཛིན་སྐྱོང་བཀའ་ཤག་གིས་སྤྱི་ལྷན་ལ་ཚད་ལྡན་ཐུགས་འགན་བཞེས་ཀྱི་ཡོད་མེད་ལ་མ་ལྟོས་པར། གནད་དོན་ཅི་ཡོད་དུས་ལྟར་འཇིགས་ཞུམ་ཆགས་སྡང་མེད་པར་སྙན་གསེང་མ་ཞུས་ཚེ་འོས་འགན་འགྲུབ་ཀྱི་མེད་པ་གསལ་བོ་རེད།

 
དུས་དབང་ཐེངས ༣༤ པ་འདི་བཞིན་༸གོང་ས་ཐམས་ཅད་མཁྱེན་པ་༸སྟོན་པ་སླར་ཡང་བྱོན་པ་ལྟ་བུའི་བླ་མ་ཞིག་གི་དྲུང་ནས་དངོས་སུ་ཞུ་སྐལ་ཐོབ་པ་ནི་དགའ་བ་དང་བསོད་ནམས་ཀྱི་ཚད་གཞལ་དུ་མེད་པ་ཞིག་ཡིན་ཡང་། དུས་འཁོར་དབང་ཆེན་ཞུ་བ་པོ་བཀའ་ཤག་སྐབས ༡༤ པས་འདས་ཟིན་པའི་ལོ་ལྔའི་རིང་། མི་མང་དམ་བཅའ་ཕུལ་ཟིན་པའི་ཕྱག་ལས་དོན་འཁྱོལ་ཟིན་རིགས་གང་ཡིན་དང་། དེ་བཞིན་མ་འགྲུབ་པ། སྒྲུབ་ཀྱང་འགྲུབ་རེ་བྲལ་བ། སྒྲུབ་པའི་ཉམས་མྱོང་ཅི་ཐོབ། ད་ལྟ་སླར་ཡང་སྐབས ༡༥ པའི་བཀའ་ཤག་གི་ལས་དོན་མགོ་བཙུགས་ཟིན་སྟབས། དེའི་ལས་འཆར་དང་གྲ་སྒྲིག་ཅི་ཡིན་སོགས་ད་སྔ་གྲོས་ཚོགས་དང་མི་མང་གཉིས་ཀར་ཡིག་ངག་གང་རུང་ནས་ཞིབ་ཚགས་སྙན་གསེང་ཞུ་རྒྱུ་མེད་པའམ། ཡང་ན་ཞུས་མེད་པ་ཡིན་སྟབས། ༸རྒྱལ་སྲིད་བཙན་གྱིས་མི་མང་ངམ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་གནང་མཁན་གྱི་རང་ཅག་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དེའི་སྤྱན་གྱི་མདུན་ས་ག་ལ་བ་དེར་དུས་དབང་ཞུ་རྒྱུའི་ཐུགས་བློ་བདེ་བོ་ཞིག་འཛིན་སྐྱོང་བཀའ་ཤག་ལ་ཡོང་ཤེས་སྟངས་མེད་ཀྱང་། ཡིན་ནའང་དེ་ལྟའི་རྣམ་པ་ནི་ཅུང་ཙམ་ཡང་མཐོང་རེ་བྲལ་བས། གུས་པ་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། སེམས་ཁྲལ་སྨིག་སྤྲིན་འཐིབས་པ་ལྟ་བུ་ཞིག་ཡོང་གི་འདུག

 
༸གོང་ས་ཆེན་པོའི་རིང་ནས་སྙིང་ལ་བརྣགས་པའི་འདོད་དོན་གཅིག་སྟེ་༸རྒྱལ་སྲིད་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་བའི་ཐུགས་རེ་ནི། འཛིན་སྐྱོང་བཀའ་ཤག་གི་མགོ་འདོམས་སྲིད་སྐྱོང་དང་བཅས་པས་དུས་འཁོར་དབང་ཆེན་གྲ་སྒྲིག་ཐད་ཉིན་ནས་ཟླ་བ། ཟླ་བ་ནས་ལོ་བསྟུད་དེ་དུས་ཚོད་གཏོང་རྒྱུ་མིན་པར། དབུ་མའི་ལམ་ནས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་རང་སྐྱོང་གང་མགྱོགས་ཡོང་ཐབས་ཀྱི་རྩ་དོན་ཐད་དུས་ཚོད་ཆ་ཚང་གཏོང་དགོས་ངེས་ཀྱང་། དེང་སང་གཤམ་འོག་ལས་བྱེད་དང་། ཡང་ན་གཞུང་འབྲེལ་མིན་པའི་མི་སྣ་དྲག་གྲས་རིགས་འདེམས་སྒྲུག་གིས་ཚོགས་ཆུང་བཟོས་ཏེ་སྒྲུབ་ན་འགྲུབ་པའི་དུས་དབང་གོ་སྒྲིག་ཞུ་ཕྱོགས་ཐད་ལའང་། འཛིན་སྐྱོང་བཀའ་ཤག་སྲིད་སྐྱོང་གཙོས་བཀའ་བློན་འཁོར་དང་བཅས་པ་དུས་དབང་གི་ཆེད་དུ་གནམ་གྲུའི་ནང་ཡར་མར་ལན་མང་འཕུར་ཏེ་གཞུང་གྲོན་འཛེམ་མེད་བཏང་།

 
གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེའི་གནས་ཚུལ་གཏོང་རྐྱང་གིས་འཕྲལ་དུ་མི་མང་གི་དོ་སྣང་ཕྱོགས་སའི་མདུན་དེར་ཐོན་ཅི་ཐབས་བྱེད་པ་མཐའ་དག་ནི། དོན་དམ་པར་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཚད་ལྡན་དབུ་ཁྲིད་གོང་མ་རྣམས་ཐུགས་ཡིད་སྐྱོ་གཞི་ཞིག་ཆགས་རྒྱུ་རིགས་པས་གྲུབ་ཅིང་། ཉེ་སྔོན་བོད་ནས་གསར་འབྱོར་བ་ཚོ་རྒྱ་བལ་ས་མཚམས་དཀའ་ངལ་འཕྲད་པ་དང་། དེ་བཞིན་ཁོང་རྣམ་པའི་དངུལ་དམར་བརྗེ་བསྒྱུར་གྱི་དཀའ་ངལ་བཅས་ལ། གུས་སོགས་གཞུང་སྒེར་ཅི་རིགས་ཀྱིས་ནང་སྙན་ཕུལ་ཏེ་བཀའ་ཤག་ལ་དེར་ལྟ་རྟོགས་དཀའ་སེལ་ཡོང་བ་ཞུས་ཀྱང་། སྲིད་སྐྱོང་དབུར་བཞུགས་པའི་བཀའ་ཤག་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་དེ་དག་གི་དཀའ་ངལ་སེལ་གྱི་ཡོད་སྐོར་ཐ་ན་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་པས། བོད་ནས་འབྱོར་བ་མང་པོ་ཞིག་ལ་སྔར་ལས་ཀྱང་རྒྱ་ནག་གི་གནོན་ཤུགས་སླེབས་ཏེ་དུས་དབང་ཞུ་ནུས་བྲལ་ནས་ཕྱིར་ཕེབས་དགོས་ཐུག་ཡོད།

 
དེ་བཞིན་དེ་རེའི་དུས་དབང་ཞུ་བ་པོ་འཛིན་སྐྱོང་བཀའ་ཤག་ཡིན་ཡང་། སྔར་སྲོལ་བཞིན་གཞུང་འབྲེལ་ཆོས་ཕྱོགས་ཀྱི་བགྱི་སྒོ་ཆེ་གྲས་ལ་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་ལྷན་རྒྱས་མཉམ་བཅར་གནང་དགོས་ཀྱང་། སྔར་ཡིན་ན་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ལྟ་བུ་ཞིག་ལའང་ཀ་བ་གསུམ་དང་རང་དབང་ཅན་གྱི་མཛད་གཙོ་རྣམ་པ་ལྷན་རྒྱས་ཕེབས་ཀྱི་ཡོད་ནའང་། ད་ཐེངས་འཛིན་སྐྱོང་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་བོ་ཕུད་རྒྱུན་ལས་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པར་ཨ་ལན་བརྡ་ལན་གང་ཡང་གནང་མེད་ཀྱང་། སྤྱི་ཟླ ༡༡ པའི་ཟླ་མཇུག་ཙམ་ལ་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པར་ད་ཐེངས་དུས་འཁོར་དབང་ཆེན་གཞུང་འབྲེལ་གྱིས་ཞུས་ཤིང་སྦྱིན་བདག་ཀྱང་གཞུང་ཡིན་སྟབས། མཛད་གཙོ་རྣམ་པ་གཞུང་འབྲེལ་ཐོག་ཕེབས་ན་ཞེས་ཞལ་པར་བརྒྱུད་ལན་བརྡ་ཙམ་ཕུལ་བའི་རྣམ་འགྱུར་སོགས་ཀྱིས་དོན་དམ་བོད་སྤྱི་ཕན་གྱི་དུས་འཁོར་དབང་མོ་ཆེའི་སྦྱིན་བདག་གི་ཀུན་སློང་གཙང་མའི་བགྱི་སྒོར་ཞུགས་ཐུབ་ཀྱི་མེད་པ་མ་ཟད། ཀ་བ་གསུམ་དང་རང་དབང་ཅན་གྱི་མཛད་གཙོ་རྣམ་པ་མཉམ་རུབ་མཉམ་ཁྲིད་གནང་ཐུབ་ཀྱི་མེད་གསལ་བོ་ཆགས་ཡོད་པས། གནད་དོན་འདི་དག་མི་མང་གིས་དུས་ལྟར་མཁྱེན་དགོས་པ་ཞིག་ཆགས་ཡོད།

 
༢༠༡༢ ལོར་རྡོར་གདན་དུ་དུས་འཁོར་དབང་ཆེན་གནང་སྐབས། གུས་པ་དབུ་མའི་ལམ་གྱི་སྐོར་བརྙན་འཕྲིན་སྟོན་པ། ཡིག་ཆ་འགྲེམས་སྤེལ། སྦྱར་ཡིག་གསལ་བསྒྲགས། གསུང་བཤད་གོ་སྒྲིག་སོགས་ཀྱི་ལས་ལ་ཞུགས་སྐབས། སྐབས་དེའི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ལ་སྔ་ཚུན་ནས་ཆུ་ཚོད་ཞུས་ཏེ། བོད་རྒྱ་འབྲེལ་མོལ། དབུས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་གི་མཛད་འཕྲིན་ངོ་སྤྲོད་བཅས་ཀྱི་སྐོར་གཏམ་བཤད་གོ་སྒྲིག་ཞུས། དེའི་དམིགས་དོན་ཡང་སྐབས་དེར་འབྱོར་བའི་གསར་འབྱོར་ཚོར་ཆེད་དུ་དམིགས་པ་ཞིག་ཡིན།

 
ད་དུང་དྲན་ལམ་དུ་གསལ་བོ་ཡོད་པ་ཞིག་ནི། ཉིན་ཞིག་རལ་བ་རྒྱབ་ཏུ་འཕྱངས་པའི་ཕོ་ལོ་བཞི་བཅུ་ཡས་མས་ལྟ་བུའི་ཁམས་པའི་ཕོ་རྒོད་ཅིག་གིས་མིག་ཆུ་གཏོང་བཞིན། ཁུ་ཚུར་བསྡམས་བཞིན་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་ང་ཚོས་ཤུགས་རྒྱག་དགོས་ཞེས་དང་། དམིགས་བསལ་སྐུ་ཚབ་ཀྱི་གཏམ་བཤད་དེར་ཉན་འདོད་ཤིན་ཏུ་ཆེན་པོ་ཡོད་སོགས་གསུངས་སོང་། གུས་ནས་སྣེ་ལེན་ཁང་གི་སྡོད་གུར་དུ་གསལ་བསྒྲགས་སྦྱར་ཡོད་སྟབས། གསར་འབྱོར་བ་མང་པོས་དེ་ལྟར་ཐུགས་རེ་ཧ་ཅང་ཆེན་པོ་གནང་སོང་ཡང་། མཐར་སྲིད་སྐྱོང་མཆོག་གིས་སྣེ་ལེན་ཁང་དུ་གཏམ་བཤད་གནང་རྒྱུའི་བཀའ་འཁྲོལ་མ་གནང་བས། ཚོགས་གཙོ་མཆོག་གི་གཏམ་བཤད་ཞེ་ཆེན་དགོན་པའི་ཆོས་རར་གོ་སྒྲིག་གིས་གསར་འབྱོར་རྣམས་དེར་ཕེབས་ཤིང་། དམིགས་བསལ་སྐུ་ཚབ་ཀྱི་གཏམ་བཤད་དེ་མཐར་གནང་ཐུབ་མ་སོང་།

 
དེང་སང་གཞི་ནས་ཤེས་རྟོགས་བྱུང་བ་ནི། སྐབས་དེར་ཚོགས་གཙོ་མཆོག་ཇོ་ནང་གི་ཚོགས་འདུ་ཞིག་ཏུ་མགྲོན་གཙོར་གཞུང་འབྲེལ་ཕེབས་པ་ལས། དུས་དབང་ལ་བཅར་བ་རེད་མི་འདུག་ཅིང་། རྗེས་སུ་༸གོང་ས་མཆོག་གིས་གསར་འབྱོར་ཚོར་ཚོགས་གཙོ་དང་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་གཏམ་བཤད་གནོང་ཞེས་བཀའ་བསྩལ་སྟབས། ཚོགས་གཙོ་མཆོག་རྡ་ས་ནས་ཕྱིར་རྡོར་གདན་ལ་འཁོར་བ་རེད། གུས་ནས་གནས་ཚུལ་འདི་བསྐྱར་གླེང་ཞུ་དོན་ནི་བཀའ་ཤག་གིས་མང་གཙོའི་ཀ་བ་གཞན་གྱི་མཛད་གཙོ་རྣམ་པར་མཉམ་རུབ་མི་བྱེད་པའི་གནས་སྟངས་མི་མང་གིས་མཁྱེན་ཆེད་ཡིན་ལ། ད་ལོར་ཡང་གནས་ཚུལ་འདི་བཞིན་མུ་མཐུད་མི་ལྷག་ན་སྙམ་པའང་ཡིན།

༢༠༡༦། ༡༢། ༢༨། ཉིན།།

བསམ་ཚུལ།

Post navigation

Previous Post: མྱིག་ཆུ་དང་སྙིང་ནད་གསར་བ།
Next Post: ༢༠༡༦ ལོའི་བཙན་བྱོལ་ནང་ལ་ཕྱིར་ལྟ་བྱེད་པ།

Comments (21) on “༄༅།། དུས་འཁོར་དབང་ཆེན་དང་ངའི་སེམས་ཁྲལ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-12-29 at 1:05 am

    ་་་་་་་་་་་་་་་་ ་དོན་དམ་བོད་སྤྱི་ཕན་གྱི་དུས་འཁོར་དབང་མོ་ཆེའི་སྦྱིན་བདག་གི་ཀུན་སློང་གཙང་མའི་བགྱི་སྒོར་ཞུགས་ཐུབ་ཀྱི་མེད་པ་མ་ཟད། ཀ་བ་གསུམ་དང་རང་དབང་ཅན་གྱི་མཛད་གཙོ་རྣམ་པ་མཉམ་རུབ་མཉམ་ཁྲིད་གནང་ཐུབ་ཀྱི་མེད་གསལ་བོ་ཆགས་ཡོད་པས། གནད་དོན་འདི་དག་མི་མང་གིས་དུས་ལྟར་མཁྱེན་དགོས་པ་ཞིག་ཆགས་ཡོད། ་་་་་་་་་་་་
    ཡང་ཤར་ཁུག་གིས་ངུས་པ།། །།

  2. ཀརྡོ་རབ་འབྱམས་པ་ says:
    2016-12-29 at 1:38 am

    དུས་དབང་ཆབ་སྲིད་ཀྱི་ལག་ཆ་བཟོ་མཁན་ཤར་ཕྱོགས་ཁུག་རྟ་འདི་སྨོན་ལམ་ལོག་པ་ཅན་ཞིག་ཡིན་པ་འདྲ། ཡང་ན། བློ་སེང་འདི་སྨོན་ལམ་ལོག་པ་ཅན་ཞིག་ཀྱང་ཡིན་སྲིད། ནང་བཀྲ་མ་ཤིས་ན། ཕྱི་དོན་མི་གྲུབ་ཟེར་བ་ཆགས་གྲབ་འདུག་གོ། །།

  3. ཀརྡོ་རབ་འབྱམས་པ་ says:
    2016-12-29 at 1:40 am

    ད་སྤྱི་འཐུས་ཕོ་གསར་དེ་ཚོ་དང་། བཀའ་ཤག་ཕོ་གསར་དེ་ཚོ། མཐུན་པོ་དང་། གཟབ་གཟབ་བྱས་ན་ཡག་བགྱིད་རེད་དོ།།

  4. ཁུ་བྱུག says:
    2016-12-29 at 1:53 am

    གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་བོད་ནས་གནས་མཇལ་ལ་ཕེབས་མཁན་ཚོའི་སྐོར་ཅི་མི་སྙམ་པར་བཀོད་པ་དངོས་བདེན་རེད། མ་འོངས་པར་ཁོང་རྣམ་པར་གནས་ཚུལ་དེར་བསྙད་ནས་དཀའ་ཁག་བྱུང་ན་སྲིད་སྐྱོང་དང་བཀའ་ཤག ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་ཚན་པ་བཅས་ཀྱིས་འགན་འཁུར་དགོས་ཤིང་། དེ་བཞིན་གསར་པའི་ཆེད་དུ་གསར་འགྱུར་འདོན་གང་ཐུབ་བྱེད་པའི་དམིགས་ཡུལ་ངེས་གཏན་མེད་པའི་བོད་ཀྱི་དུས་བབ་དང་ནོར་ཝེ་རླུང་འཕྲིན་ཁང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་བཅས་ཀྱིས་འགན་འཁུར་དགོས།

  5. ནུབ་ཕྱོགས་གངས་ཕྲུག says:
    2016-12-29 at 2:49 am

    ད་ལྟའི་བཀའ་ཤག་གིས་དཔལ་འབྱོར་སྲི་ཚགས་ཡོད་ས་མ་རེད། ཡར་མར་ཕེབས་རྒྱུ་གནམ་གྲུ་དང་མོ་ཊ། མགྲོན་ཁང་སོགས་འགྲོ་སོང་མང་པོ་འདུག སྲིད་སྐྱོང་སྔོན་ཨ་རི་མ་Boston ལ་བཞུགས་པའི་སྐབས་སེར་སྣ་ཡོད་སྐད་འདུག ངའི་གོ་ཐོས་ལ་ཁོ་རང་གི་ན་བཟའ་ཡང་Costco ཟེར་བའི་ཚོང་ཁང་ནང་ལ་ཉོ་རེད་ཟེར།། ཚོང་ཁང་དེ་གཙོ་བོ་ཟས་རིགས་ཁེ་བོ་བཙོང་ས་རེད། མ་གཞི་བོད་པའི་གཏམ་དཔེར། མི་རྒྱུ་ལ་བྲོ་ཁྲབས་ཟེར་བ་དེ་ཡིན་ས་རེད།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-29 at 2:52 am

    ཤར་ཁུག་འདི་ཅི་འདྲ་ལས་མ་དག་པར་ཅིག་རེད་འདུག་ཨང་།

  7. ལྷ་ཐོ་ཐོ། says:
    2016-12-29 at 3:10 am

    ཏྲེ་བོ་ཁྱོད། ཅི་འདྲའི་ཐབས་སྐྱོ་བ་ལ། མིས་རྩ་དོན་བཤད་ན་ཁྱེད་མིག་ཚ་ནས་ཅི་བྱེད། སྐུ་ངོ་ཤར་ཕྱོགས་པས་གསུངས་པ་འགྲིག་མེད་ན་རིགས་པས་ཚ་འདེད་བྱོས་དང་། སྐུ་ངོ་སྒེར་ལ་ཁེ་ཕན་གང་ཡང་མེད་པའི་གནད་དོན་འདི་འདྲ་གླེང་བ་དྲིན་ཆེན་མ་རེད་དམ།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-29 at 3:42 am

    ལྷ་ཐོ་ཐོ་ཁྱོད་གཡང་ལ་མ་འཁྱོངས་ན་དགའ་རེད་གདའ། སྐྱགས་པའི་སྐུ་ངོ་། རྩ་དོན་བཤད་ཨང་། འཇོན་ན་གྱིས་དང་སྤྱི་འཐུས་ལ་བསྐོས་མི་འདུག་གམ།

  9. རླུང་ཐོག། says:
    2016-12-29 at 8:17 am

    དྲ་ལམ་དུ་བཀྲ་མི་ཤིས་མ་་ཀརྡོ་རབ་འབྱམས། ཆབ་སྲིད་ནང་བཀྲ་མི་ཤིས་ཤར་ཁུག་་་ད་འདི་གཉིས་ལ་བདེན་པ་དང་དྲང་པོ་བཤད་རྒྱུ་ཉིན་སྐར་རེད།

  10. གཡུ་ཐོག་རྒྱལ་པོ། says:
    2016-12-29 at 1:32 pm

    ང་ཚོའི་སྤྱི་ཚོགས་འདི་ཡང་དཔྱོད་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་ཚད་ལ་སླེབས་པར་ད་དུང་། མི་ལོ་ལྔ་བཅུ་ལྷག་ཙམ་འགོར་རྒྱུ་ཡིན་པ་གཏན་འཁེལ་རེད། སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། སྲིད་སྐྱོང་གིས་ནོར་འཛོལ་གྱི་བྱ་སྤྱོད་ཅི་འདྲ་ཞིག་སྤེལ་ཀྱང་དེར་སྐྱོན་བརྗོད་བྱ་རྒྱུའི་ཚབ་ཏུ། འགེབས་ག་ཐུབ་བྱེད་ཀྱི་ཡོད། ཐ་ན་སྲིད་སྐྱོང་གི་སྐྱག་པ་ཡང་མངར་མོ་རེད་ཟེར་གྲབ་འདུག དེ་བཞིན་དུ། སྲིད་སྐྱོང་ལ་རྒྱབ་སྐྱོར་མེད་མཁན་ཚོས། སྲིད་སྐྱོང་གིས་བཟང་ངན་གྱི་ལས་ཅི་བྱས་བདུད་ཀྱི་ཆཽ་འཕྲུལ་ལྟ་བུར་བལྟས་ནས་ནག་རྐྱང་དུ་བརྩི་བ་སོགས་མདོར་ན། དུམ་བུ་གཉིས་སུ་གྱུར་བའི་ང་ཚོའི་སྤྱི་ཚོགས་གཅིག་གི་མིག་ནང་སྲིད་སྐྱོང་ནི་སྐྱོན་སྣེ་གཅིག་ཀྱང་མེད་པའི་དཀར་རྐྱང་དང་། གཅིག་ཤོས་དེས་སྲིད་སྐྱོང་ནི་ཡོད་ཚད་སྐྱོན་གྱིས་སྦགས་པའི་ནག་རྐྱང་ཞིག་མཐོང་གི་ཡོད། མདོར་ན། ང་ཚོར་དེ་གཉིས་བར་དུ་བབ་སའི་ས་མཚམས་ཤིག་མེད་པ་རེད་དམ།

  11. ཟུར་གནས་ says:
    2016-12-29 at 2:07 pm

    ཤར་ཁུག་མི་གྲུ་བཞི་ལ། སྤྱོད་པ་སྒོར་སྒོར་ཡོང་མི་སྲིད། ཡང་ན། ཤར་ཁུག་ཟས་ལ་མི་གཙང་ཟ་མཁན་གྱི་ཁོག་ནས། དྲི་ཆེན་གཙང་མ་ཞིག་ཡོང་བ་མི་སྲིད་པ་རེད།

    ཡང་ན། ཤར་ཁུག་གི་རྐུབ་འཇག་མའི་འབུ་གའི་ནང་ནས། དྲི་ཆེན་རྒྱུ་མ་ལྟ་བུ་ཞིག་གཏོང་མི་སྲིད་པ་རེད། ཡང་ན། ཤར་ཁུག་ཆོལ་ཁའི་འཐེན་འཁྱེར་གྱི་དུག་ཕོགས་པའི་མིའི་ཁ་ནས། ཆིག་སྒྲིལ་སྨན་གྱི་མན་ངག་སྤྲོད་མི་སྲིད་པ་རེད། རེ་བ་རྒྱག་མཁན་ལྐུགས་པ་རེད།

    གསུང་བཤད་གྲ་སྒྲིག་སྐོར་དེ་ལ། སྲིད་སྐྱོང་དང་ཚོགས་གཙོའི་གནང་སྟངས་དེ་འགྲིགས་འདུག སྐབས་དེ་དུས་ཀྱི་དུས་དབང་ནི་ཆོས་ཕྱོགས་ཀྱི་བྱ་བ་འབའ་ཞིག་རེད། དེར་གོང་ས་མཆོག་གི་བཀའ་ཁྲོལ་མེད་པར་ཟུར་ལ་ཆབ་སྲིད་འཁྲབས་ན་ནོར་བ་རེད། རྗེས་མ་གོང་ས་མཆོག་གི་བཀའ་ཁྲོལ་ནས་ཚོགས་གཙོ་དང་སྲིད་སྐྱོང་གིས་ཆབ་སྲིད་གསུང་བཤད་གནང་བ་དེ་འགྲིགས་པ་རེད།

    གོང་ལ་བཀའ་ཤག་དང་ཚོགས་གཙོ་ཡོད་བཞིན་དུ། ཤར་ཁུག་ནས་ཟུར་ལ་སྣེ་ལེན་ཁང་གི་ནང་ལ་གསར་འབྱོར་བ་ཚོར་ཆབ་སྲིད་ཀྱི་གར་ཆུང་ཞིག་འཁྲབ་འདོད་པ་དེ་ལ་བར་ཆད་བྱུང་ནས། ཁོག་པའི་གཏིང་ལ་ན་ཚ་ཆེན་པོ་ཞིག་སྐྱེས། དེ་ལོ་ལྔ་ཉར། དི་རིང་ཡང་བསྐྱར་དུས་དབང་གི་གོ་སྐབས་བཟུང་ནས་སྲིད་སྐྱོང་ལ་རྨ་སྦྱིན་པ་ནི་ཀུན་ནས་མི་ལེགས་སོ།

  12. ཟུར་གནས་ says:
    2016-12-29 at 2:24 pm

    གོང་གི་ཤར་ཁུག་གི་རྩོམ་ཡིག་འདིའི་ནང་ལ། ཆོལ་ཁ་དང་སྲིད་དོན་གྱི་གཡོ་སྒྱུ་ནག་པོ་ཞིག་འདུག སྲིད་སྐྱོང་ལ་སྐྱོན་སྦྱིན་ནས་ཞར་ལ་སྤེན་ཚེ་སྐྱག་པས་རྐུབ་བཀྱག་པ་ལྟ་བུ་བྱས་ནས། གཙོ་བོ་ཤར་ཁུག་གི་དམིགས་ཡུལ་ངན་པ་ཞིག་སྒྲུབ་ཐབས་བྱེད་པ་དེ་རེད། འོ་ན་ཁོ་བོའི་དམིགས་ཡུལ་གང་རེད་དམ། དུས་འཁོར་འདི་ཆབ་སྲིད་དང་ཆོལ་ཁའི་འཐབ་བརྩོད་ཀྱི་གཡུལ་རྭ་ཞིག་ཏུ་ཁ་བསྒྱུར་ནས། བོད་མིའི་ཆིག་སྒྲིལ་ལ་གས་སྟོར་ཆེན་པོ་ཞིག་བཟོ་འདོད་པ་རེད། དུས་འཁོར་ལ་བོད་མི་ཚང་མ་བློ་གཅིག་ལ་གཏད་ནས་ཡོང་བཞིན་པ་དེ་རེད། དེའི་འོག་ལ་བོད་པ་ཚང་མ་ཉི་མ་གཅིག་གི་འོག་ལ་གནས་པ་ལྟ་བུའི་ཆིག་སྒྲིལ་ཞིག་ཡོད། རྒྱ་ནག་གིས་དེ་ཤེས་ནས། ལམ་གསེང་ཤར་ཁུག་ལ་ལས་འགན་སྤྲད་འདུག ཟུར་བལྟས་ལེབ་མཐོང་རེད། ང་ཚོ་ལྐུགས་པ་མ་རེད། ཤར་ཁུག་ལགས། འདི་འདྲའི་མཐོང་ཆུང་མ་བྱེད་རོགས།

    ང་རང་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན། ཁོང་ཅུང་མི་གཤིབ་བདེ་བ་དང་། ལས་ཀའི་ཉམས་མྱོང་ཆེ་བ་འདུག བློ་སེང་སློབ་གྲྭ་མང་བ་གྲིམས་ཡོད་རུང་། སྤྱི་ཚོགས་ཀྱི་ཉམས་མྱོང་མིན་འདུག ལྷག་པར་དུ་ང་རྒྱལ་ཆེན་པོ་འདུག འོན་ཀྱང་འདེམས་ཤོག་འཕེན་རྗེས། བློ་སེང་ལ་བོད་མི་མང་བས་རྒྱབ་སྐྱོར་ཐོབ་པས། ཁོང་རྣམ་པའི་འདུན་པར་རོགས་འདེགས་ཀྱིས་བློ་སེང་བོད་པའི་དབུ་ཁྲིད་ལ་བཀུར་བཞིན་ཡོད།

    སྐྱོན་ཆ་ཡོད་ན་འདོན་དགོས། དེ་ཡང་སྐྱོན་འདི་གང་ཟག་གཅིག་གི་སྐྱོན་རེད་དམ། ལམ་ལུགས་གཅིག་གི་སྐྱོན་རེད་བརྟག་དགོས།

  13. ཀརྡོ་རབ་འབྱམས་པ་ says:
    2016-12-29 at 2:41 pm

    ་་་་་་་་་་ #9 རླུང་ཐོག། ་ལགས་ཀྱིས་སྤེལ་དོན།:
    December 29th, 2016 at 8:17 am
    དྲ་ལམ་དུ་བཀྲ་མི་ཤིས་མ་་ཀརྡོ་རབ་འབྱམས། ཆབ་སྲིད་ནང་བཀྲ་མི་ཤིས་ཤར་ཁུག་་་ད་འདི་གཉིས་ལ་བདེན་པ་དང་དྲང་པོ་བཤད་རྒྱུ་ཉིན་སྐར་རེད། ་་་་་་་་་་་ ཟེར།
    བཀྲ་མི་ཤིས་པ་རླུང་འཁྱེར་གྱིས།

  14. རྣོ། says:
    2016-12-29 at 3:57 pm

    ཤར་ཁུག་ལ་གཤེ་བ་ལས་་་་་་ཁོས་བཤད་པའི་སྐད་ཆ་དག་བདེན་པ་མིན་པའི་ཁུངས་སྐྱེལ་ཐབས་པ་འབད་ན་ཡག་གི་མ་རེད་པས་་་་་དེ་མེད་ན་གླེན་བཤད་རྐྱང་པ་ཉིད་ལས་གཞན་ཅི་་་་

  15. ཨ་འབར་འཇིགས་དབང། says:
    2016-12-29 at 4:45 pm

    ༅༅། དུས་འཁོར་དབང་ཆེན་གནང་སྐབས་སུ་་་བཀྲིས་མི་པའི་གཏམ་འཆལ་བཤད་་བྲི་དགོས་།
    འཇོན་པོ་རྒོད་པོ་ཡིན་ན་ཟུར་དུ་འདོན་ནས་ཤོད།
    ག་དུས་ཡིན་ནའི་ཤར་ཁུག་དེས་མི་འདོད་པའི་སྐད་ཆ་བཤད་ཀྱི་འདུག།
    ཁོ་ལ་ག་རེ་དགོས་ཀྱི་ཡོད་པ་རེད། ཤེས་མདོག་འཇོན་མདོག་མ་བྱེད་་་ཡག་གི་རེད།
    རང་གི་བྱེད་རྒྱུ་སྤུ་ཙམ་མེད། གཞན་གྱི་བྱས་ན་མིག་ཚ།

  16. ཏི་སི། says:
    2016-12-29 at 7:51 pm

    ཤར་ཁུག་བློ་བཟང་ཆོས་འཛིན་གྱིས།།
    ཟབ་གདོང་བློ་བཟང་བསྟན་འཛིན་བསྟོད།།
    ལི་ཐང་བཟང་སེང་གེར་སྨད།།
    དོན་དུ་ཐམས་ཅད་བློ་བཟང་གི།
    ཞྭ་སེར་བསྟན་པའི་ནང་དོན་ཡིན།།
    ནུབ་ཕྱོགས་ཁྲི་བྱང་ཡང་སྤྲུལ་དང་།།
    ཤར་ཕྱོགས་ཚེམས་ཀྱི་ཡང་སྤྲུལ་སོགས།།
    བློ་བཟང་བསྟན་པའི་སྤྲུལ་སྐུ་དེས།།
    བོད་བསྟན་ཡོངས་ལ་གནོད་རྐྱེན་སློང་།།
    མདོར་ན་འཕགས་ཡུལ་རྫ་སྲེབ་དང་།།
    ཟོང་ཁྲི་བཤེས་གཉེན་ཆེན་པོ་རྣམས།།
    བལ་པོར་ང་འམ་གངས་ཅན་མིང་།།
    བོད་དུ་དགོས་སར་ཆོ་རྗེས་དང་།།
    རྒྱ་ཡུལ་སྐལ་སྐལ་བཟང་ཆོས་རྗེ་སོགས།།
    བློ་བཟང་བསྟན་ལ་དད་ནའང་།།
    གངས་ཅན་ཡོངས་ལ་གནོད་རྐྱེན་ལས།།
    ཕན་པར་བྱ་ཆེར་མ་མངོན།།
    ཞུས་ཐལ།།
    Yutub འདི་ལ་གཟིགས་དང་། བློ་བཟང་བསྟན་པའི་རྗེས་འབྲང་བ་་ལ་ལས། Appeal to the Dalai Lama

  17. ཏི་སི། says:
    2016-12-29 at 8:09 pm

    ཤི་འདྲེ་དམ་སྲི་འགོང་པོ་དེ།།
    དང་པོ་སྲོལ་གཏོད་བྱེ་པོ་དེ།།
    ཞྭ་སེར་རྗེས་འབྲང་བ་ཡིན་།།
    བར་དུ་ཁ་ཆེའི་ཏ་ལའི་བྷན་གྱིས།།
    སྟོན་པའི་རྡོ་སྐུས་བཤིགས་པ་བཞིན་།།
    ཏི་བྦ་ཏིའི་་ཞྭ་སེར་ལ་ལས་ཀྱང་།།
    ཨོ་རྒྱན་སྐུ་རྟེན་བཤིགས་པ་སོགས།།
    གངས་ལྗོངས་སྤྱི་འབངས་སེམས་ལ་རྨས།།
    ཐ་མར་མི་དགོས་མི་འགྲིག་སོགས།།
    ནང་འཁྲུགས་ཁྲག་ལྟར་བྱུང་བར་ལྟོས།།

  18. ཁུ་བྱུག says:
    2016-12-29 at 10:49 pm

    ང་ད་ཐེངས་སེམས་ཁྲལ་ཆེ་ཤོས་ཤིག་ལ། སྲིད་སྐྱོང་བློ་བཟང་སངས་རྒྱས་ལགས་ཀྱིས་རྩིས་གཙང་མ་ཞིག་བཟོ་ཐུབ་ཀྱི་ཡོད་མེད་ལ་དོགས་པ་འདུག ན་ནིང་དུས་དབང་གི་སྦྱིན་བདག་རེ་རེར་ཧིན་སྒོར་འབུམ་ ༣༠ རེ་འཁྱེར་ཤོག་གསུངས་པ་རེད། དེའི་སྒང་ལ་གཞུང་དངུལ་ནས་འབུམ་བརྒྱ་ཕྲག་འགའ་སྟོང་གི་ཡོད་ལབ་པ་རེད། མི་མང་ནས་ཞལ་འདེབས་འབུམ་སྟོང་ཕྲག་སླེབས་རྒྱུ་ཡིན་ཡིན་པ་རེད། དེ་དག་ཐམས་ཅད་གཅིག་དང་གཉིས་བྱས་ཏེ་མི་མང་རྩིས་ཁྲ་ཁམས་དྭངས་ཤིག་ངེས་པར་དུ་འབུལ་རོགས།།

  19. བློ་བཟང་། says:
    2016-12-30 at 12:21 am

    ཟུར་གནས་དང་ཁུ་བྱུག་གཉིས་ཀྱི་བཤད་པ་བདེན་པ་རེད། གཡུ་ཐོག་རྒྱལ་བོས་བཤད་པ་དེ་བས་ཀྱང་བདེན་པ་རེད་འདུག གཞན་ཚང་མ་གད་སྙིགས་རེད།

  20. ཀརྡོ་རབ་འབྱམས་པ་ says:
    2016-12-30 at 1:52 pm

    དུས་འཁོར་དབང་ཆེན་གྱིས། བློ་སེང་དབང་ཆེ་རུ་ཕྱིནན་། ཁུག་རྟ་ཕུར་ཡ་ཁག་པོ་བྱས་པ་དེ་ཤེས་འདུག

  21. བོད་ཀྱི་བུ། says:
    2016-12-31 at 2:34 pm

    ཁུག་རྟ་ལགས་ད་ངོ་མ་མི་ཁྱོད་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme