Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་བུམ་ཅན་འཛིན་སྟངས་དངུལ་དཀར་མེ་ལོང་ཞེས་བྱ་བ།

Posted on 2015-03-202015-03-20 By ཁ་བརྡ 9 Comments on རླུང་བུམ་ཅན་འཛིན་སྟངས་དངུལ་དཀར་མེ་ལོང་ཞེས་བྱ་བ།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡ། རབ་འབྱམས་རྒྱལ་ཀུན་འདུས་ཞལ་ཀུན་ཏུ་བཟང་།།ངེས་དོན་འོད་གསལ་རྫོགས་པ་ཆེན་པོའི་དཔལ།།བརྒྱུད་གསུམ་རིག་འཛིན་དཔལ་ལྡན་བླ་མ་ལ།།མི་ཕྱེད་སྒོ་གསུམ་དད་པས་གུས་ཕྱག་འཚལ།།ཕྱི་ནང་གསང་བའི་རྣལ་འབྱོར་ལ་གོམས་ནས།།སྙིང་པོའི་མི་ལུས་དམ་ཆོས་སྔགས་ཀྱིས་འཚོ།།ལུས་ངག་ཡིད་སྦྱོང་རྩ་རླུང་ཐིག་ལེའི་འགྲོས།།ཆེས་ཟབ་གདམས་པ་རླུང་འཛིན་བུམ་ཅན་བཤད།།དང་པོ་སྐྱབས་འགྲོ་བྱང་ཆུབ་སེམས་མཆོག་བསྐྱེད།།བར་དུ་རྣམ་སྣང་ཆོས་བདུན་ལུས་གནད་བཅས།།སྟེང་རླུང་ལྟེ་དཀྱིལ་འོག་རླུང་དལ་གྱིས་སྡོམ།།དྲན་ཤེས་བག་ཡོད་མི་འབྲལ་ཤིན་ཏུ་གནད།།གལ་ཏེ་ཡུན་རིང་དབུགས་རྒྱུ་དཀའ་དྲག་ན།།མཆུ་སོའི་མཚམས་ནས་མཁའ་དབུགས་དལ་གྱིས་གཏོང་།།དམིགས་གནད་སྐུ་གསུམ་གཟིགས་སྟངས་གང་དགར་རོལ།།ཁྱད་པར་རྩ་རླུང་དག་རྫོགས་སྨིན་པར་མཛོད།།འབྲོག་པའི་རྐྱལ་བ་གཡུག་བཞིན་ཐེངས་དགུ་དང་།།མཚམས་རེ་དལ་བུས་མཚམས་རེ་ཤུགས་མྱུར་གྱིས།།ཉི་ཟླའི་འགྲོས་བཞིན་རྩ་གནས་རླུང་འོད་ཕྲེང་སྤྲོས།།འཇའ་ལུས་འཕོ་ཆེན་འགྲུབ་པའི་རྫོགས་རིམ་སྒོམས།།མཚམས་རེར་གཏུམ་མོའི་དབང་ལྷའི་ཕུར་པ་བརྟས།།དུག་ལྔའི་ལས་རླུང་ངན་པ་རྒྱུན་གཅོད་ནས།།བདེ་ཆེན་ཡེ་ཤེས་བཅུ་དྲུག་དགའ་བདེའི་ཆར།།གྲོལ་ལམ་གདམས་པའི་གནད་བཟང་ཐུགས་སུ་གཏམས།།བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།འཁོར་ངན་ཞེན་ཆགས་བྲལ་བའི་ངེས་འབྱུང་སྨོན།།ཡང་དག་བྱང་ཆུབ་སེམས་ལ་ངེས་པར་འདུན།།སྣང་སྲིད་རྣམ་དག་བསྐྱེད་རྫོགས་དམ་ཚིག་བཅའ།།ཡང་གསང་རྫོགས་ཆེན་རྟོགས་པའི་གསོལ་འདེབས་མཛོད།།རྒྱལ་བ་སྲས་བཅས་དགྱེས་པའི་དགེ་སྒྲུབ་གཅིག།གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་རྗེ་གཉིས།།དག་རྫོགས་སྨིན་གྲོལ་བརྩོན་པའི་ཕྲིན་ལས་གསུམ།།སྦྱོར་དངོས་རྗེས་གསུམ་ཚང་བས་འབད་པར་གཅེས།།

ཅེས་པ་རབ་རྒྱན་ཤིང་ལུག་དབོ་ཟླའི་རྫོགས་པ་གསུམ་པ་འམ་ཉི་འཛིན་གྱི་སྐབས་སུ་སྔགས་པ་རྩ་རླུང་པ་མགོན་པོ་སྐྱབས་ཀྱིས་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གང་ཤར་ཏུ་སྐལ་བཟང་གི་སློབ་མ་ལ་ཕན་ཐབས་སུ་སྦས་གསང་མེད་པར་གདམས་ངག་གླུ་རུ་བླངས་པས་འགྲོ་བ་སེམས་ཅན་ཀུན་གྱིས་སོ་སོའི་རང་རྒྱུད་རྣམ་པར་དག་པའི་གསང་གསུམ་གྱི་དེ་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།

སྣ་ཚོགས།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་ལྔ་བ།༽
Next Post: སྤུན་ཟླ་ནང་ཁུལ་མཐུན་སྒྲིལ་དགོས།

Comments (9) on “རླུང་བུམ་ཅན་འཛིན་སྟངས་དངུལ་དཀར་མེ་ལོང་ཞེས་བྱ་བ།”

  1. སོག་མདའ། says:
    2015-03-20 at 12:57 pm

    བཀྲ་ཤིས་པར་གྱུར་ཅིག།ངོ་མཚར་སྐལ་་བ་བཟང་།དེ་རིང་གཟའ་སྐར་འཕྲོད་སྦྱོར་དུས་ཚེས་ཁྱད་པར་ཅན་ལ།ཀུན་མཁྱེན་བླ་མ་རིན་པོ་ཆེའི་རླུང་བུམ་ཅན་འཛིན་སྟངས་དངུལ་དཀར་མེ་ལོང་ཞེས་བྱ་བ།ཁོ་བོའི་གསོལ་འདེབས་ལྟར་འདིར་བཀོད་པ་བཀའ་དྲིན་ཆེ།སྐུ་ཚེ་བརྟན།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 1:00 am

    རླུང་བུམ་ཅན་འཛིན་སྟངས་དངུལ་དཀར་མེ་ལོང་ཞེས་བྱ་བ།
    ཨེ་མ་ཧོ།
    ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡ།
    རབ་འབྱམས་རྒྱལ་ཀུན་འདུས་ཞལ་ཀུན་ཏུ་བཟང་།།
    ངེས་དོན་འོད་གསལ་རྫོགས་པ་ཆེན་པོའི་དཔལ།།
    བརྒྱུད་གསུམ་རིག་འཛིན་དཔལ་ལྡན་བླ་མ་ལ།།
    མི་ཕྱེད་སྒོ་གསུམ་དད་པས་གུས་ཕྱག་འཚལ།།

    ཕྱི་ནང་གསང་བའི་རྣལ་འབྱོར་ལ་གོམས་ནས།།
    སྙིང་པོའི་མི་ལུས་དམ་ཆོས་སྔགས་ཀྱིས་འཚོ།།
    ལུས་ངག་ཡིད་སྦྱོང་རྩ་རླུང་ཐིག་ལེའི་འགྲོས།།
    ཆེས་ཟབ་གདམས་པ་རླུང་འཛིན་བུམ་ཅན་བཤད།།

    དང་པོ་སྐྱབས་འགྲོ་བྱང་ཆུབ་སེམས་མཆོག་བསྐྱེད།།
    བར་དུ་རྣམ་སྣང་ཆོས་བདུན་ལུས་གནད་བཅས།།
    སྟེང་རླུང་ལྟེ་དཀྱིལ་འོག་རླུང་དལ་གྱིས་སྡོམ།།
    དྲན་ཤེས་བག་ཡོད་མི་འབྲལ་ཤིན་ཏུ་གནད།།

    གལ་ཏེ་ཡུན་རིང་དབུགས་རྒྱུ་དཀའ་དྲག་ན།།
    མཆུ་སོའི་མཚམས་ནས་མཁའ་དབུགས་དལ་གྱིས་གཏོང་།།
    དམིགས་གནད་སྐུ་གསུམ་གཟིགས་སྟངས་གང་དགར་རོལ།།
    ཁྱད་པར་རྩ་རླུང་དག་རྫོགས་སྨིན་པར་མཛོད།།

    འབྲོག་པའི་རྐྱལ་བ་གཡུག་བཞིན་ཐེངས་དགུ་དང་།།
    མཚམས་རེ་དལ་བུས་མཚམས་རེ་ཤུགས་མྱུར་གྱིས།།
    ཉི་ཟླའི་འགྲོས་བཞིན་རྩ་གནས་རླུང་འོད་ཕྲེང་སྤྲོས།།
    འཇའ་ལུས་འཕོ་ཆེན་འགྲུབ་པའི་རྫོགས་རིམ་སྒོམས།།

    མཚམས་རེར་གཏུམ་མོའི་དབང་ལྷའི་ཕུར་པ་བརྟས།།
    དུག་ལྔའི་ལས་རླུང་ངན་པ་རྒྱུན་གཅོད་ནས།།
    བདེ་ཆེན་ཡེ་ཤེས་བཅུ་དྲུག་དགའ་བདེའི་ཆར།།
    གྲོལ་ལམ་གདམས་པའི་གནད་བཟང་ཐུགས་སུ་གཏམས།།

    བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།
    གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།
    དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།
    ༼དེས་ན་བུམ་ཅན་ཕྱག་རྒྱའི་བདེ་ལ་རོལ། །༽ཡང་ན།

    འཁོར་ངན་ཞེན་ཆགས་བྲལ་བའི་ངེས་འབྱུང་སྨོན།།
    ཡང་དག་བྱང་ཆུབ་སེམས་ལ་ངེས་པར་འདུན།།
    སྣང་སྲིད་རྣམ་དག་བསྐྱེད་རྫོགས་དམ་ཚིག་བཅའ།།
    ཡང་གསང་རྫོགས་ཆེན་རྟོགས་པའི་གསོལ་འདེབས་མཛོད།།

    རྒྱལ་བ་སྲས་བཅས་དགྱེས་པའི་དགེ་སྒྲུབ་གཅིག།
    ་
    གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་རྗེ་གཉིས།།
    དག་རྫོགས་སྨིན་གྲོལ་བརྩོན་པའི་ཕྲིན་ལས་གསུམ།།
    ༼འདིར་ཚིགས་བཅད་གཅིག་ཆད་པ་མིན་ནམ།༽
    སྦྱོར་དངོས་རྗེས་གསུམ་ཚང་བས་འབད་པར་གཅེས།།

    ཅེས་པ་རབ་རྒྱན་ཤིང་ལུག་དབོ་ཟླའི་རྫོགས་པ་གསུམ་པ་འམ་ཉི་འཛིན་གྱི་སྐབས་སུ་སྔགས་པ་རྩ་རླུང་པ་མགོན་པོ་སྐྱབས་ཀྱིས་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གང་ཤར་ཏུ་སྐལ་བཟང་གི་སློབ་མ་ལ་ཕན་ཐབས་སུ་སྦས་གསང་མེད་པར་གདམས་ངག་གླུ་རུ་བླངས་པས་འགྲོ་བ་སེམས་ཅན་ཀུན་གྱིས་སོ་སོའི་རང་རྒྱུད་རྣམ་པར་དག་པའི་གསང་གསུམ་གྱི་དེ་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 2:27 am

    བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།
    གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།
    དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།
    དེས་ན་བུམ་ཅན་ཕྱག་རྒྱའི་བདེ་ལ་རོལ། །

    འཁོར་ངན་ཞེན་ཆགས་བྲལ་བའི་ངེས་འབྱུང་སྨོན།།
    ཡང་དག་བྱང་ཆུབ་སེམས་ལ་ངེས་པར་འདུན།།
    སྣང་སྲིད་རྣམ་དག་བསྐྱེད་རྫོགས་དམ་ཚིག་བཅའ།།
    ཡང་གསང་རྫོགས་ཆེན་རྟོགས་པའི་གསོལ་འདེབས་མཛོད།།

    རྒྱལ་བ་སྲས་བཅས་དགྱེས་པའི་དགེ་སྒྲུབ་གཅིག།
    གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་རྗེ་གཉིས།།
    དག་རྫོགས་སྨིན་གྲོལ་བརྩོན་པའི་ཕྲིན་ལས་གསུམ།།
    སྦྱོར་དངོས་རྗེས་གསུམ་ཚང་བས་འབད་པར་གཅེས།།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 2:29 am

    ངའི་བྱུས་གཏོགས་ལ། དགག་བཞག་སྤོང་གསུམ་བྱས་ན་དགའ་བསུ་ཡོད་དོ།།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 4:00 am

    བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་ལས། ཆེན་པོ་གྲུབ་པས་ཚེ་སྲིང་བར་འགྱུར་ཏེ།
    རྡོ་རྗེ་སྙིང་འགྲེལ་ལས།
    ཉིན་མཚན་དུ་ནི་དབུ་མར་སྲོག །
    ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །
    ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ན། །
    འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། །
    ཟླ་གཅིག་སྲོག་བསད་སྙིང་གར་གནས། །
    རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །

  6. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 4:02 am

    ཡང་།
    བུམ་པ་ཅན་ཞག་གཅིག་འཆིངས་ནུས་པས་ནད་ལས་རྒྱལ་བ་དང་། ཟླ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པ་དང་། ཟླ་གཅིག་གིས་འཆི་མེད་འགྲུབ་པར་བཤད་འདུག

  7. པདྨ says:
    2015-03-21 at 6:45 pm

    ཀར་གཉེར་གྱིས་དག་བཅོས་མང་པོ་བྱས་འདུག ཨེ་མ་ཧོས་འདི་ན་བཀོད་འདུག དེར་གཟིགས། འོག་ལ་མཆན་འགོད་ཆོག་ས་རེད། http://blog.amdotibet.cn/Amaho/archives/119562.aspx

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 11:38 pm

    བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།༼྇འཁོར་འདས་ཆོས་ཀྱི་གནད་གསང་དེ་ཉིད་ལགས།།༽༼འདི་ཆད་འདུག་ག༽འཁོར་ངན་ཞེན་ཆགས་བྲལ་བའི་ངེས་འབྱུང་སྨོན།།ཡང་དག་བྱང་ཆུབ་སེམས་ལ་ངེས་པར་འདུན།།སྣང་སྲིད་རྣམ་དག་བསྐྱེད་རྫོགས་དམ་ཚིག་བཅའ།།ཡང་གསང་རྫོགས་ཆེན་རྟོགས་པའི་གསོལ་འདེབས་མཛོད།།རྒྱལ་བ་སྲས་བཅས་དགྱེས་པའི་དགེ་སྒྲུབ་གཅིག།གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་རྗེ་གཉིས།།དག་རྫོགས་སྨིན་གྲོལ་བརྩོན་པའི་ཕྲིན་ལས་གསུམ།།སྦྱོར་དངོས་རྗེས་གསུམ་ཚང་བས་འབད་པར་གཅེས།།
    བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།
    གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།
    དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།
    ༼དེས་ན་བུམ་ཅན་ཕྱག་རྒྱའི་བདེ་ལ་རོལ། །༽ཡང་ན།
    འདི།
    བུམ་ཅན་གཞོན་ནུའི་མཚན་དཔེའི་ལང་འཚོ་དར།།གཞན་ལུས་ཕྱག་རྒྱའི་བདེ་བ་ཆེན་པོའི་གར།།དགྱེས་པའི་དཔལ་ལ་རོལ་དང་སྐུ་ཚེ་རིང་།།༼འཁོར་འདས་ཆོས་ཀྱི་གནད་གསང་དེ་ཉིད་ལགས།།༽འཁོར་ངན་ཞེན་ཆགས་བྲལ་བའི་ངེས་འབྱུང་སྨོན།།ཡང་དག་བྱང་ཆུབ་སེམས་ལ་ངེས་པར་འདུན།།སྣང་སྲིད་རྣམ་དག་བསྐྱེད་རྫོགས་དམ་ཚིག་བཅའ།།ཡང་གསང་རྫོགས་ཆེན་རྟོགས་པའི་གསོལ་འདེབས་མཛོད།།རྒྱལ་བ་སྲས་བཅས་དགྱེས་པའི་དགེ་སྒྲུབ་གཅིག།གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་རྗེ་གཉིས།།དག་རྫོགས་སྨིན་གྲོལ་བརྩོན་པའི་ཕྲིན་ལས་གསུམ།།སྦྱོར་དངོས་རྗེས་གསུམ་ཚང་བས་འབད་པར་གཅེས།།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-03-22 at 3:04 am

    རླུང་བུམ་པ་ཅན་འདི། ཕྱི་ནང་མཐུན་མོང་བའི་ཉམས་བཞེས་ཅིག་ཡིན་པ་འདྲ། དེས་ན་བོད་རིགས་སློབ་གཉེར་བ་གཞོན་སྐྱེས་ཚོས། ཕྱི་རོལ་པའི་འཕྲུལ་འཁོར་རམ། ཡོ་ག་མས་ཊར་ཞབས་ནས་སྦྱང་རྒྱུ་ཡོད་མེད་ཤེས་རྒྱུ་གལ་ཆེ་བར་མཐོང་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme