Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། འཁྲུངས་སྐར་བསུ་བའི་སྙན་རྩོམ་ཏི་སེའི་གཟི་འོད།

Posted on 2020-07-252020-07-26 By ཡེ་ཤེས་ 5 Comments on ༄༅།། འཁྲུངས་སྐར་བསུ་བའི་སྙན་རྩོམ་ཏི་སེའི་གཟི་འོད།

ཀླུ་སྨྱོན་ཧེ་རུ་ཀ

རྒྱལ་ཀུན་གསང་གསུམ་ནམ་མཁའི་ཀློང་དུ་ཐབས་ཤེས་རྡོར་དྲིལ་ཉི་ཟླའི་ཕྱག་རྒྱ་གཟུང་འཛིན་མུན་པའི་གཤེད་དུ་སྤྲོས།།
དག་པའི་སྣང་བར་སྒྱུ་འཕྲུལ་ཟློས་གར་གངྒྰའི་འགྲམ་དུ་ཅིར་ཡང་འཕྲུལ་པ་མཁས་གྲུབ་ནྰ་རོ་མཻ་ཏྲི་སོགས།།
རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་སྒྲ་སྒྱུར་ཆེན་པོ་མར་པ་མི་ལ་སྒམ་པོ་པ་སོགས་སྒྲུབ་བརྒྱུད་ཆེ།།
གངས་རིའི་ལྗོངས་ན་མཁས་དང་གྲུབ་པའི་འཁོར་སྒྱུར་མི་ཡི་ཉི་མ་གང་དག་སྤྱི་གཙུག་ཅོད་པཎ་གདན་དུ་ལེན།།

སྔོན་བྱོན་ལོ་པཎ་གངས་རིའི་གདོང་ལྔ་འཇིགས་མེད་ཆོས་ཀྱི་ང་རོ་ཆེར་སྒྲོགས་ལྟ་ངན་རི་དྭགས་ཚོགས་ཀུན་འཇོམས།།
མ་རིག་མུན་པའི་གཡུལ་ངོ་མཐར་བྱེད་ཐོས་བསམ་སྒོམ་པའི་འོད་སྟོང་འབར་བ་གང་ཞིག་ཀུན་གྱི་སྙིང་གནས་པ།།
སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་ཞེས་སྙན་པའི་རོལ་མོ་སྲིད་ཞིར་ཁྱབ་པ་གང་དེའི་ཁྲི་ལ་དབང་སྒྱུར་བ།།
འབྲི་གུང་གདན་རབས་སོ་བདུན་པ་གང་འཁྲུངས་སྐར་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་སྐྱེ་དགུ་དགའ་བའི་གསོས་སུ་ལེན།།

རྒྱལ་རིགས་སྰ་ལ་ཆེན་པོའི་མཚོ་རུ་ཐུགས་བསྐྱེད་བསོད་ནམས་མནྡྷ་རས་བསྲུབས་ལུང་རྟོགས་ཉི་ཟླའི་འོད་རླབས་འབར།།
མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཁའ་རུ་རྩེན་ཅིང་མཁས་བཙུན་བཟང་པོའི་བཅུད་ཀྱིས་གཏམས།།
གནའ་དེང་རིག་པའི་ཤེས་བྱའི་ཕ་མཐའ་གུས་རྟག་བརྩོན་པའི་རླུང་གིས་བསྐྱོད་ཅིང་གདུལ་བྱའི་པད་ཚལ་རྒྱས་མཛད་པ།།
གང་ཁྱེད་འགྲོ་བའི་ཉེར་འཚོའི་རྟེན་དུ་རྫོགས་ལྡན་སྐྱ་རེངས་གསར་པས་ལེགས་དྲངས་ཨེ་མ་བདག་ཅག་སྐལ་བ་བཟང་།།

མཚན་ལྡན་བཤེས་གཉེན་དུ་མས་རྗེས་བཟུང་སྒྲུབ་བརྒྱུད་གདམས་པའི་བདུད་རྩི་ལ་རོལ་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས།།
དུས་འགྱུར་ཡོ་ལངས་དྲག་ཏུ་འཕྱུར་ཡང་དམ་པའི་རང་བཞིན་རྡོ་ཡི་རི་མོ་རྐྱེན་ངན་ཆར་ཆུས་འཇིག་པ་མེད།།
ཕྱག་རྒྱ་ཆེན་པོའི་ལྟ་བའི་ཀློང་དུ་བདེ་སྡུག་ལས་འབྲས་སྒྱུ་མའི་གཟུགས་བརྙན་དྲི་བྲལ་ཐུགས་ཀྱི་མེ་ལོང་ངོར།།
ལག་མཐིལ་རྫས་བཞིན་ཆུ་ནང་ཟླ་བའི་ཟློས་གར་མ་ངེས་ཅི་ཡང་སྒྱུར་བའི་རང་བཞིན་རོལ་བའི་ཏིང་འཛིན་བསྟེན།།

རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་དུས་སུ་སྨིན་ཚེ་ཧི་མ་ལ་ཡ་འཕྲེད་ཀྱིས་བཅད།།
འཕགས་ཡུལ་ཆོས་ཀྱི་ཞིང་ས་ཆེན་པོར་བཀྲ་ཤིས་མཚན་མས་ཀུན་ནས་མཛེས་པའི་ཞབས་མཐིལ་འཁོར་ལོའི་རི་མོ་བཀོད།།
རིས་མེད་བཤེས་གཉེན་གངས་ཀྱི་རི་ལས་དམ་ཚིག་གཙང་མའི་སྒྲ་དབྱངས་དང་བཅས་ལྷུང་ལྷུང་བབས་པའི་བདུད་རྩི་བཞེས།།
ནུབ་གླིང་ཡུལ་དུ་འཁོར་བའི་བདེ་སྡུག་སྒྱུ་མའི་སྨྱུ་གུས་འདོད་དགུར་འབྲི་བའི་མ་ངེས་ཟློས་གར་ཡང་དག་གཟིགས།།

སྣ་ཚོགས་སྐད་དང་རིག་གཞུང་དག་ཀྱང་ཅུང་ཟད་འབད་པས་ཐུགས་སུ་ཆུད་དེ་ཤེས་བྱའི་སྒོ་མོ་ཕྱོགས་སུ་ཕྱེས།།
ཤར་ནུབ་ལོ་རྒྱུས་རིག་གཞུང་གླེགས་བམ་བྲག་རིའི་ཟོལ་དུ་བརྩིགས་པའི་འཁྲིས་སུ་ཁྱོད་ཡོན་མཚོ་མོ་དགུང་དུ་འཕྱུར།།
སྐུ་ཕྲེང་གོང་མའི་རྣམ་ཐར་ཙམ་གྱིས་ཆོག་ཤེས་མ་གནང་སྐུ་ཚེ་འདི་ཉིད་མཁས་གྲུབ་གོ་འཕང་ཆེན་པོར་གཤེགས།།
བསྟན་པའི་རྩ་བ་འདུལ་བའི་སྡེ་ཆེན་བཤད་སྒྲུབ་ཆོས་ཀྱི་འཁོར་ལོའི་གཟི་འབར་དགོན་སྡེ་ཆེ་ཆུང་འཛུགས་སྐྲུན་མཛད།།

ཐོས་བསམ་སློབ་གཉེར་ཕྱིར་བལྟས་མ་སོང་སྒྲུབ་པའི་བཀའ་བབ་སྒོམ་ཆེན་བཞུགས་སའི་རི་སུལ་རས་པའི་སྒྲུབ་ཁང་བཞེངས།།
ཕྱི་ནང་ཐུན་མོང་ཐུན་མིན་རིག་པའི་གཞུང་ལུགས་ཀུན་ལ་སློབ་གཉེར་བྱེད་སའི་སྲོང་བཙན་དཔེ་མཛོད་ཁང་ཆེན་བསྐྲུན།།
གངས་རིའི་ལྗོངས་ཀྱི་ཉི་ཟླ་སྐར་གསུམ་རྒྱལ་བློན་སེམས་དཔའི་མཛད་འཕྲིན་མེ་ལོང་དེབ་ཐེར་བཙན་པོའི་རྒྱལ་རབས་བརྩམས།།
སྣོད་བཅུད་དགེ་བའི་ཐབས་ལམ་ཉག་གཅིག་ཤིང་འཛུག་ཁོར་ཡུག་གཙང་སྦྲ་ལ་སོགས་སྐྱེ་དགུའི་སྲོག་གི་གསོས་སུ་བཞུགས།།

འཛམ་གླིང་ཤར་ནུབ་གདུལ་བྱའི་ཚོགས་ལ་ཐེག་གསུམ་རྒྱུད་སྡེ་བཞི་ཡིས་བསྡུས་པའི་མདོ་སྔགས་ཆོས་ཀྱི་ཆར་ཆེན་ཕབས།།
ཆེ་རྒུ་ཀུན་གྱི་གཙུག་ན་མཛེས་ཀྱང་ཞི་དུལ་བག་ཡོད་སྤྱོད་པར་གནས་པས་བསླབ་གསུམ་རྒྱ་ལས་འདའ་བ་མེད།།
འདུ་བ་རྣམ་གསུམ་མཚོ་ལྟར་འཕྱུར་ཀྱང་འདོད་ཡོན་ཟང་ཟིང་དུག་ལྟར་གཟིགས་པས་སྒྱུ་མའི་དངོས་ལ་ཆགས་ཞེན་མེད།།
ཕྱི་རུ་ཉན་ཐོས་ནང་དུ་བྱང་སེམས་གསང་བ་སྔགས་ཀྱི་ཐུགས་དམ་ཟབ་མོར་ཉིན་མཚན་དུས་དྲུག་གཞོལ་བའི་མགོན།།

སྤྱི་དང་བྱེ་བྲག་རྒྱལ་བའི་བསྟན་པ་ཁྱད་པར་སྒྲུབ་བརྒྱུད་འབྲི་གུང་བ་ཞེས་བཤད་སྒྲུབ་རྒྱུན་བཟང་མ་ཉམས་པ།།
འདི་ཉིད་འཛམ་གླིང་ཕྱོགས་མཐར་ཁྱབ་ཅིང་སྐྱེ་རྒུ་འཁོར་བའི་མཚོ་ཆེན་ཀློང་ནས་ཐར་བའི་སྐམ་སར་མ་ཕྱིན་བར།།
མགོན་ཁྱེད་ཞབས་པད་གསེར་གྱི་རྩིབས་སྟོང་སྲིད་ཞིའི་མཁའ་རུ་ཐོགས་མེད་འཕགས་ཏེ་ཇི་སྲིད་བསྐལ་པ་མ་སྟོངས་བར།།
བསྟན་དང་འགྲོ་བའི་མགོན་དཔུང་གཅིག་བུར་རྡོ་རྗེའི་ཁྲི་ལ་བཞུགས་པར་འཚལ་ཞེས་གསོལ་འདེབས་སྙན་ངག་འདི་འབུལ་ལོ།།

མེ་ཏོག་ཆུང་ཡང་ལྷ་ཡི་རྫས་དང་གུར་གུམ་ཉུང་ཡང་སྨན་གྱི་རིགས་སུ་མགོན་པོ་ཁྱེད་ཀྱིས་ལེགས་གཟིགས་ཏེ།།
ད་དུང་འཁོར་བའི་ཕྱི་མཐའ་བར་དུ་ཐུགས་བསྐྱེད་དམ་བཅའི་མདུད་རྒྱ་མ་ལྷོད་སྐུ་གཟུགས་ཚེ་ལྷའི་ངོ་བོར་བཞུགས།།
ཟབ་རྒྱས་ཆོས་ཀྱི་གདམས་པ་དཔག་ཡས་འཆད་རྩོད་རྩོམ་པའི་དཔལ་ལ་དབང་འབྱོར་གསུང་སྙན་ཚངས་པའི་དབྱངས་སུ་བཞུགས།།
ཐོས་བསམ་སྒོམ་པའི་གཏིང་མཐའ་ཟབ་ཅིང་རིམ་གཉིས་ཟེགས་མའི་རྩེ་དགའ་འཕྱུར་བའི་ཐུགས་དགོངས་རྒྱ་མཚོའི་ངོ་བོར་བཞུགས།།

ཞེས་པའི་སྙན་ངག་ཤོ་ལོ་ཀ་སྟོབས་བཅུའི་གྲངས་ལྡན་འདི་ཡང་། དཔལ་རྒྱལ་བ་འབྲི་གུང་བའི་༧ སྐྱབས་མགོན་ཆེན་པོ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གི་དགུང་གྲངས་དོན་ལྔའི་སྐུའི་འཁྲུངས་སྐར་འཆར་ལ་ཉེ་བའི་དུས་སུ། ལུང་རྟོགས་ཡོན་ཏན་དུ་མས་ཐུགས་རྒྱུད་གཏམས་ཤིང་། སྤྱི་ཚོགས་ཞབས་ཞུ་སོགས་ཕྱི་ནང་གི་མཛད་སྤྱོད་ཁྱད་དུ་འཕགས་པའི་འབྲི་གུང་བླ་མ་མགོན་པོ་རྡོ་རྗེས་གསུང་སྐུལ་བཞིན། དུས་མཐའི་སྙན་ངག་པའི་གྲལ་མཇུག་པ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་སམ་སྔགས་བཙུན་ཀླུ་སྨྱོན་ཧེ་རུ་ཀས་དང་བའི་བློས་སྦྱར་བ་དགེ་ལེགས་འཕེལ།།

སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༧ ཚེས་ ༡༠ ལ།

སྙན་ངག

Post navigation

Previous Post: ཆོས་འཁོར་དུས་ཆེན།
Next Post: ངའི་བརྩེ་བ་ལ་འགྱུར་བ་མེད།

Comments (5) on “༄༅།། འཁྲུངས་སྐར་བསུ་བའི་སྙན་རྩོམ་ཏི་སེའི་གཟི་འོད།”

  1. ཁ་བའི་རྣམ་ཤེས། says:
    2020-07-26 at 1:13 pm

    རྡོ་རྗེ་འཆང་དང་གྲུབ་ཆེན་ཏི་ལོ་པ།
    མར་པ་མི་ལ་མཉམ་མེད་དྭགས་པོ་སོགས།།
    ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་རྣམས།།
    བདག་སྙིང་ཆོས་ཀྱི་འཁོར་ལོའི་མགྲོན་དུ་བསུ།།

    ཀླུ་སྨྱོན་ལགས།རྗེས་སུ་ཡི་རང་ཞུ།ཚིག་སྙན་པོ་དང་དོན་འཐད་པོ་ཞིག་བྲིས་འདུག་སྙམ།

  2. ཅོག་རོང་བ says:
    2020-07-27 at 10:20 am

    ཀླུ་སྨྱོན་སྙན་ངག་གི་རྟ་རྒོད་དེ་ཆོས་བརྒྱད་སྒྲོག་གིས་ཐུལ་བས་བོང་གུ་ལྟར་གྱུར།

  3. ཀརྡོ་རབ་འབྱམས་པ་ says:
    2020-07-27 at 3:09 pm

    རྡོ་རྗེ་འཆང་དང་གྲུབ་ཆེན་ཏི་ལོ་པ། །
    ན་རོ་མར་པ་མི་ལ་དྭགས་པོ་སོགས། །
    ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་ཡིས། །
    བདག་གི་སྙིང་ལ་གྲུབ་ཆོས་བྱིན་གྱིས་རློབས། །
    ་
    ཆོས་རྒྱལ་མར་པ་རྒྱལ་སྲས་དར་མ་མདོ། །
    ཏི་ཕུ་པ་དང་རས་ཆུང་རས་ཚོགས་དང་། །
    འབྲི་གཡུང་སྐྱོབ་པ་མགོན་གྱི་བརྒྱུད་འཛིན་པ། །
    འབྲི་གུང་༸སྐྱབས་མགོན་སྐུ་ཚེ་ཡུན་བརྟན་ཤོག །

  4. གདོང་དམར་བོད། says:
    2020-07-30 at 12:14 pm

    བཙན་བྱོལ་ན་ཀླུ་སྨྱོན་ལས་ལྷག་པའི་སྙན་ངག་མཁན་ཧ་ཅང་ཉུང་ཉུང་རེད། དྲ་འབུ་ཚོའི་ནང་ན་ཨ་ཅང་ཅང་།

  5. འབྲོང་གི་བུ་བརྒྱུང། says:
    2020-07-30 at 10:34 pm

    རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་།།
    མར་པ་མི་ལ་ཆོས་རྗེ་སྒམ་པོ་པ།།
    ཕག་མོ་གྲུ་པ་རྒྱལ་བ་འབྲི་གུང་སོགས།།
    བཀའ་བརྒྱུད་གོང་མ་རྣམས་ལ་གསོལ་བ་འདེབས།།
    རིགས་རུས་གཙང་ཞིང་ལྷ་ལྡན་ཡུལ་དུ་འཁྲུངས།།
    ཕྱི་ནང་རིག་པའི་གཞུང་ལུགས་མཐའ་དག་སྦྱངས།།
    ལྷག་པར་རྒྱལ་བ་འབྲི་གུང་བསྟན་འདི་ཉིད།།
    ཤར་ནུབ་ཡོངས་ལ་སྤེལ་མཛད་ཁྱེད་ལ་འདུད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme