Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 


Posted on 2019-06-262019-06-26 By ཁ་བརྡ 2 Comments on ༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 


ཡོང་ཁུངས། རྩེ་ཆབ་རིག་གནས། མགོན་པོ་སྐྱབས།

གུས་པར་འོས་པའི་འགོ་ཁྲིད་དང་དགེ་གྲོགས། སྙིང་ཉེ་བའི་སློབ་གྲོགས་རྣམ་པ། ཁྱེད་རྣམ་པའི་སྐུ་ཁམས་བཟང་།
དེ་རིང་ནི་ལོ་ངོ་གསུམ་ལ་དཀའ་སྤྱད་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེ་ཕུགས་འདུན་དང་རེ་སྙེག་གི་ཞིང་སར་གཏོར་ནས་རྩལ་དྲུག་གི་ཁོ་ལག་ཀུན་ནས་རྫོགས་པའི་མི་རབས་གསར་བ་ཞིག་འཚར་ལོངས་བྱུང་བའི་ཉིན་མོ་ཡིན་ལ། དེ་རིང་ནི་ང་ཚོའི་གངས་ཅན་ཁ་བ་རི་བའི་མ་འོངས་རེ་ལྟོས་ཀྱི་ཁྱུང་ཕྲུག་དར་མ་སྐོར་ཞིག་རྫོང་མི་རིགས་སློབ་འབྲིང་གི་ཕང་བ་ནས་རྒྱང་རིང་གི་ཤེས་བྱའི་མཁའ་མཐར་སྙེག་པའི་མཐར་ཕྱིན་གྱི་ཉིན་མོ་ཡིན། བཀྲ་ཤིས་ཤིང་ཁྱད་པར་ཅན་གྱི་ཉིན་མོ་འདི་ལ། ངས་མཐོ་འབྲིང་རིམ་པའི་དགེ་རྒན་རྣམས་ཀྱི་ཚབ་བྱས་ནས་ད་ལོའི་མཐོ་གསུམ་གྱི་སློབ་མ160ལྷག་བདེ་བླག་གིས་སློབ་མཐར་ཕྱིན་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན།

སྙིང་ཉེ་བའི་སློབ་གྲོགས་རྣམ་པ། ལོ་ངོ་གསུམ་གྱི་དཀའ་སྤྱད་ཀྱི་འཚོ་བའི་ཁྲོད་ནས་ང་ཚོས་ཁྱོད་ཅག་གི་འཕེལ་རྒྱས་མཐོང་ནས་དགའ་སྤྲོ་སྐྱེས་མྱོང་ལ། སློབ་གྲོགས་ལ་ལའི་འཕེལ་མེད་སོར་གནས་ཀྱི་གནས་བབ་མཐོང་ནས་གདུང་སེམས་ཀྱང་སྐྱེས་མྱོང་། ཡང་ཁྱོད་ཅག་གིས་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་རིམ་བཞིན་བསམ་ཤེས་ཤིང་གནས་ལུགས་རྟོགས་པ་ལ་བློ་བདེ་ཞིང་། སློབ་གྲོགས་ལ་ལའི་པྲ་ཚགས་དང་ཞེ་གྱོང་གི་རང་གཤིས་ལ་སེམས་ཁྲལ་ཀྱང་བྱས་མྱོང་། ཡིན་ནའང་། ད་ལྟ་དེ་དག་མིག་རྡེབ་དབང་ཙམ་དུ་སྐད་ཅིག་གིས་ཡལ་ཏེ་ལོ་ངོ་གསུམ་གྱི་མཐོ་འབྲིང་གི་འཚོ་བ་ཡོངས་སུ་མཇུག་བསྡུ་བའི་དུས་ལ་སླེབས་སོང་།

སློབ་གྲོགས་རྣམ་པ། ཁ་སང་ཁྱོད་ཚོས་འུ་ཅག་གི་མ་ཡུམ་སློབ་གྲྭ་འདི་རུ། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ངལ་བ་མཐའ་དག་སྟོབས་སུ་བསྒྱུར་ཏེ་མི་ཚེ་ཧྲིལ་བོ་མི་རིགས་སློབ་གསོའི་ལས་དོན་གྱི་ཆེད་དུ་བསྟིམས་པའི་དགེ་རྒན་རྣམས་ཀྱི་གསོ་སྐྱོང་འོག་ཏུ་འབད་པ་གང་ལེགས་བྱས་ཏེ་ནར་སོན་པ་ཡིན་ལ། སང་ཉིན་རེ་བ་གསར་བ་དང་ཕུགས་འདུན་གསར་བ་ཞིག་གི་ཆེད་དུ་མུ་མཐུད་རྩལ་དྲུག་རྫོགས་པའི་སེང་ཕྲུག་ཇི་བཞིན་གནས་འདི་དང་ཁ་གྱེས་ཏེ་ཤེས་རིག་གི་སྐྱེད་ཚལ་གསར་བ་ཞིག་ཏུ་འགྲིམས་དགོས་པས། དགེ་རྒན་དམ་པའི་བཀའ་སློབ་དང་དྲིན་ཅན་ཕ་མའི་རེ་བ་ཡོད་ཚད་སེམས་སུ་བཅངས་ནས་མི་གཤིས་ལེགས་ཤིང་བརྩོན་སེམས་ཆེ་བ། གཤིས་རྒྱུད་འཇམ་ལ་ངང་རྒྱུད་རིང་བ། ཤེས་རིག་ལ་དགའ་ཞིང་སྤྱི་སེམས་ཡོད་པ། དཀའ་སྡུག་གི་མདུན་དུ་མགོ་བོ་མི་སྒུར་ཞིང་དུས་རབས་ཀྱི་ཁ་ཕྱོགས་དང་འགན་འཁྲི་ཐེག་པའི་མི་རབས་གསར་བའི་ཤེས་ལྡན་པ་ཞིག་བྱེད་པར་རེ་བ་ཞུས་པ་ཡིན།

སྙིང་ཉེ་བའི་སློབ་གྲོགས་རྣམ་པ། ཁྱེད་ཚོ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རྒྱུད་འཛིན་པ་ཡིན་པས། ཁྱེད་ཅག་གི་རྒྱབ་ཏུ་ང་ཚོ་བོད་མི་ས་ཡ་དྲུག་གི་རེ་ལྟོས་ཀྱི་འདུན་པ་འཁྱིལ་ཡོད་ལ། ཁྱེད་ཅག་གི་མདུན་དུ་མ་འོངས་གངས་ལྗོངས་གསར་བའི་དར་རྒུད་ཀྱི་ལས་དོན་གྱིས་སྒུག་ཡོད་པས། ཁྱེད་ཅག་གི་འགན་ཁུར་རི་རབ་ལས་གཏོས་ཆེ་ཞིང་རྒྱ་མཚོ་བཞིན་གཏིང་ཟབ། དེར་བརྟེན། ཁྱོད་ཚོ་ཤེས་བྱ་རིག་པའི་གཏེར་བརྒྱ་བརྡོལ་བའི་སློབ་གླིང་གང་དུ་བསྐྱོད་ཀྱང་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་བརྩོན་པས་རི་བོ་ཐལ་བར་བརླག་ཅིང་དཀའ་བས་ལྕགས་དབྱུག་ཁབ་ཏུ་གཏོང་བའི་ཡབ་མེས་གོང་མ་རྣམས་ཀྱི་སྙིང་སྟོབས་ཀྱི་གོ་ཆ་ལེགས་པོར་བགོས་ཏེ། ཤེས་བྱ་རིག་པའི་གནས་མཐའ་དག་ལ་འབད་པ་ལྷོད་མེད་ཀྱིས་ཕ་ཡུལ་འཛུགས་སྐྲུན་དང་སྟོབས་འབྱོར་ལྡན་པ་ཞིག་ཏུ་གཏོང་བའི་ཆོད་སེམས་དང་དམ་བཅའ་སྙིང་ལ་བཅངས་པར་རེ་བ་ཞུས་པ་ཡིན།

རེད་ཡ། གནའ་ནས་ད་ལྟའི་བར་དུ་ང་ཚོ་བོད་མི་རིགས་ནི་ཤེས་རིག་ལ་དགའ་ཞིང་བརྩོན་སེམས་ཆེ་བ་ཞིག་ཡིན་པས། ང་ཚོའི་མི་རིགས་འདིའི་ཁྲོད་དུ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་དམ་པ་མང་པོ་བྱོན་མྱོང་སྟེ། དཔེར་ན། འཛམ་གླིང་ཤར་ཕྱོགས་རིག་པའི་ཤེས་རབ་ཀྱི་མཚོན་བྱེད་དུ་བགྲངས་པ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལྟ་བུ་དང་། འཛམ་གླིང་ཐ་གྲུ་ཡངས་པོའི་ཁྱོན་ཀུན་ཏུ་བསྟན་བཅོས་བརྩམས་པའི་གྲངས་འབོར་ཆེས་མང་བ་པོད་ཉིས་བརྒྱར་ཉེ་བ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལྟ་བུ། སྐུ་ཚེ་གང་བོར་གཙུག་ལག་རྩིས་ཀྱི་རྣམ་གཞག་ཁོ་ནའི་ཕྱོགས་ལའང་ལྕགས་ཀྱི་ཐུར་མ་བཅུ་གསུམ་ཟད་པའི་བུ་སྟོན་ཐམས་ཅད་མཁྱེན་པ་ལྟ་བུ། གཞན་ཡང་མི་གཡོ་བའི་བསྙེན་པ་དུང་བྱུར་བཅུ་གསུམ་གྲུབ་ཅིང་མི་ཚེ་གང་བོར་གཉིད་ཡེ་མ་ལོག་ཟེར་བ་བཀའ་གདམས་པའི་དགེ་བཤེས་སྤྱན་སྔ་བ་ལྟ་བུ། ཉེ་ཆར་ཡང་འཛམ་གླིང་ཞི་བདེ་ཡི་ནོ་འབེར་གཟེངས་རྟགས་ཐོབ་པའི་སྐྱེས་ཆེན་དམ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྟ་བུ། ཁང་ཆེན་ཀ་བརྒྱད་མ་བྱུར་བར་གཏམས་པའི་བོད་ཀྱི་གསུང་རབ་གླེགས་བམ་མཐའ་དག་ལ་སྤྱན་གཟིགས་གནང་ཚར་མཁན་སྙིགས་དུས་ཀྱི་པཎྚི་ཏ་ཆེན་མོ་དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ལྟ་བུ། གནའ་དེང་ཤེས་རིག་ཀུན་ལ་མཁྱེན་དཔྱོད་ཀྱི་ནམ་ལངས་ཤིང་རྒྱལ་ཁམས་རིག་པས་བསྐོར་བའི་མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་སོགས་ལྕེ་བརྒྱར་སྤྲུལ་ནས་སྨྲས་ཀྱང་བརྩིས་མི་ཚར།

ང་ཚོས་སྔོན་བྱོན་དམ་པ་འདི་དག་གི་དཀའ་སྤྱད་ཀྱི་སྙིང་རུས་དང་བརྩོན་སེམས་ལ་སློབ་སྦྱོང་བྱས་ནས་དུས་རབས་དང་འཚམ་པའི་བོད་མི་རབས་གསར་པ་ཞིག་བྱེད་པར་དམ་བཅའི་རི་མོ་སེམས་ལ་བརྐོས་ཏེ་འབད་པ་བྱེད་རྒྱུ་ལས་ཕྱི་བྱོལ་སྤུ་ཙམ་བྱས་ན་ཡིད་ཆེས་ལུག་ཙམ་ཉམས་ཤིང་གོ་སྐབས་གཡག་ཙམ་འཆོར་ངེས་ཡིན།

དེར་བརྟེན། བོད་མི་རབས་ཚ་རྒྱུད་ཀྱི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བའི་གཞོན་ནུ་ཁྱེད་ཅག་གིས་ད་ལོ་སློབ་མཐར་ཕྱིན་རྗེས། དོན་གཉེར་གྱི་ལམ་བར་ནས་སློབ་བྱོལ་དང་ཕྱིར་བཀྱེད་མི་བྱེད་པར་མུ་མཐུད་དུ་སློབ་གྲྭར་འགྲིམས་ཏེ་ཤེས་བྱ་རིག་པའི་གནས་མཐའ་དག་ལ་འབད་པ་རེ་བྱེད་རྒྱུ་སྙིང་གི་ཁོང་དང་རུས་པའི་གསེང་། སེམས་བསམ་པའི་གཏིང་ནས་ངས་རེ་བ་ཞུས་པ་ཡིན།

མཇུག་མཐར། འདིར་བཞུགས་ཀྱི་སློབ་གྲོགས་རྣམས་ཀྱི་ལུས་ལ་ནད་ཚ་མེད་ཅིང་བསམ་དོན་ཡིད་བཞིན་དུ་འགྲུབ་པ། སྒོས་སུ་ད་ལོའི་མཐོ་རྒྱུགས་ཀྱི་ཁྲོད་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཏེ་ང་ཚོ་རྩེ་ཁོག་རྫོང་གི་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

དོན་ལྔ་སྣོད་དྲུག་བོད་དང་འབྲེལ་བས་བོད་ཀྱི་ཆས་ཀུན་གཅེས་སུ་ཟུངས།།
ཤ་དང་རུས་པ་བོད་ཀྱིས་བསྐྱེད་པས་བོད་ཀྱི་ལས་དོན་འབད་པས་སྒྲུབས།།
ཟུངས་ཁྲག་དྭངས་མ་བོད་ཀྱིས་གསོས་པས་བོད་ཀྱི་སྐད་ཡིག་བླ་རུ་སྐྱེད།།
མདོར་ན་ཆོལ་གསུམ་འཛིན་མའི་ཁྱོན་ལ་ཚེ་དང་སྲོག་གི་གན་རྒྱ་ཕྲིས།།

སློབ་གྲོགས་རྣམ་པ། ཁ་བྲོ། བཀྲ་ཤིས། ལམ་ཡངས།

སྤྱི་ལོ༢༠༡༩ལོའི་ཟླ༥པའི་ཞེས༣༡ཉིན། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ། མགོན་པོ་སྐྱབས།

གསུང་བཤད།

Post navigation

Previous Post: ཐོལ་བྱུང་།
Next Post: ཁ་ཁུ་སིམ་པའི་ནང་གི་རྒྱལ་བ་ཀརྨ་པ།  

Comments (2) on “༄༅།།མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད། 
”

  1. AྀBHARU JIGWANG says:
    2019-06-26 at 2:51 pm

    ༄༅། མགོན་པོ་སྐྱབས་ལགས།
    བཀྲིས་བདེ་ལེགས་ཡོད།
    གངས་ཅན་བོད་མི་རིགས་དང་སྐད་ཡིག་སྲུང་སྐྱབས་གནང་ནས་གསར་
    སྐྱེས་གཞོན་ནུ་མང་པོར་བདག་སྐྱོང་གནང་ནས་སློབ་མཐར་སོན་པར་སྙིང་ཐག་པ་
    ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། བོད་ཕྱི་ནང་དུ་གནས་པའི་བོད་རིགས་རྩམ་ཟན་རྣམས་
    ཁྱིམ་ཚང་གཅིག་ནི་ནང་མི་ཡིན་པས་དཀའ་སྡུག་གང་འཕྲད་ཀྱང་མི་རིགས་ཀྱི་ལ་རྒྱ་བརྗེད་
    མི་རུང་བ་ཐུགས་ལ་ཞོགས་རོགས།

  2. ཇ་མ་ says:
    2019-07-01 at 9:08 pm

    མགོན་པོ་སྐྱབས་ལགས་གསུང་བཤད་གསེར་ནག་འདྲ་བོ་ནང་ནས་༼ཉེ་ཆར་ཡང་འཛམ་གླིང་ཞི་བདེ་ཡི་ནོ་འབེར་གཟེངས་རྟགས་ཐོབ་པའི་སྐྱེས་ཆེན་དམ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྟ་བུ། ༽ཚན་པ་འདི་ནི་རྡོ་རྗེ་ཕ་ལམ་ལས་ལྷག་པ་ཞིག་རེད། བཀའ་དྲིན་ཆེའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme