Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།།བྷོ་ཊའི་ལྗོངས་ཀྱི་མཚན་བྱང་ལ་དཔྱད་པ་ཉུང་ངུ་།

Posted on 2012-09-16 By ཁ་བརྡ་ 10 Comments on ༄༅།།བྷོ་ཊའི་ལྗོངས་ཀྱི་མཚན་བྱང་ལ་དཔྱད་པ་ཉུང་ངུ་།

ཨོ་རྒྱན་ཉི་མ།

བོད་ཆེན་པོའི་མཚན་གྱི་རྣམ་གྲངས་ལ། བྷོ་ཊ། བོད། ཐུ་བཱོད། ཤི་ཙང་སོགས་འགའ་ཞིག་ཡོད་ཀྱང་། དང་པོ་དང་གཉིས་པ་གཉིས་ལེགས་སྦྱར་དང་། བོད་རང་གི་བཏགས་པ་ཞིག་རེད། གཉིས་པ་དང་། གསུམ་པ་གཉིས་རྒྱ་ནག་པ་དག་གིས་བཏགས་པ་ཞིག་ཡིན་པས། བོད་རང་གི་མིང་ངོ་མ་དེ་སེང་འབྲུག་དང་། འབྲས་ལྗོངས་སུ་འགའ་ཞིག་གིས་བེད་ཆོད་བཏང་བ་ལས། འཛམ་གླིང་སྤྱི་དང་། སྐད་རིགས་གཞན་དབྱིན་ཡིག རྒྱ་ཡིག་གཙོར་བྱས་པའི་ཡིག་རིགས་རྣམས་ཀྱི་ནང་དུ་བོད་དང་། བྷོ་ཊ་ཞེས་པའི་མིང་གཉིས་ཕལ་ཆེར་གཏན་དུ་བརླག་པ་ནང་བཞིན་གྱུར་ཟིན་པ་རེད། དེང་སང་དབྱིན་ཇིའི་ནང་དུ་<> ཞེས་བོད་ཀྱི་མི་རིགས་དང་། སྐད་ཡིག ཡུལ་ལུང་གསུམ་ཆར་གོ་བཞིན་པའི་མིང་བརྡ་འདི་ཡང་རྒྱ་ནག་བརྒྱུད་ནས་བྱུང་བ་ཞིག་རེད། རྒྱ་ནག་སྔ་རབས་པ་ཚོས་བོད་ལ། ཐུ་བཱོད་ཞེས་རྒྱ་ཡིག་ནང་དུ་བྲིས་པ་དང་། ཐུ་ཞེས་པ་དེ་མཐོན་པོ་དང་། བཱོད་ཅེས་པ་དེ་བོད་རང་གི་ཐ་སྙད་ཀྱི་ཟུར་ཞིག་བཞག་པ་མིན་ནམ་བསྙམ། གང་ལྟར་ཡང་དེང་སང་དབྱིན་ཡིག་ནང་འབྲི་བཞིན་པ་འདི་རྒྱ་ནག་བརྒྱུད་ནས་བྱུང་བའི་མིང་ཞིག་ལས། བོད་རང་ནས་ཐད་གར་དབྱིན་ཡིག་ཏུ་སོང་བ་ཞིག་མ་རེད། བོད་རང་གི་སྐད་ཡིག་ནས་ཐད་གར་དབྱིན་ཡིག་ཏུ་བསྒྱུར་ཐུབ་ཡོད་ན། བོད་ཀྱི་མིང་དེ་ཡང་རྫིག་པོ་ཞིག་དང་། ཆེས་ངོམ་རིན་ཡོད་པ་ཞིག་ཏུ་གྱུར་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། དཔེར་ན་རྒྱལ་ཁབ་ཀྱི་མིང་ལ་ <> དང་། མི་རིགས་ཀྱི་<> བཏགས་ཐུབ་ཡོད་ན་གཟི་བརྗིད་ཅིག་ཡོད་པར་འདོད། རྒྱལ་ཁབ་དེ་ཚོའི་མིང་མཐར་ <> ཞེས་པ་དེ་ཡོད་ས་ཚང་མ་ཉམ་ཆུང་དང་། དབུལ་པོ། སྟོབས་ཆེན་པོ་མེད་པ་མཚོན་བྱེད་འདྲ་བོ་ཞིག་ཏུ་མཐོང་སོང་། དེ་ཕྱིར་བོད་ཀྱི་ལུང་པ་བདག་པོ་རྒྱག་མ་ཐུབ་པ་མ་ཟད། མིང་ཡང་བདག་པོ་མ་ཐུབ་པ་དང་། ད་ཕལ་ཆེར་རིག་གཞུང་ཡང་མི་མངོན་པའི་དབྱིངས་སུ་བསྡུ་ལ་ཉེ་བ་རེད། དེ་དག་ཚང་མ་ཕྱིའི་རྐྱེན་ངན་གཅིག་པུ་མ་ཡིན་པར་ནང་གི་འཛིན་སྐྱོང་དང་། འཆམ་མཐུན། སྤྱི་སེམས་ཡོད་དགོས་པར་འདོད། དེ་མིན་ཡོད་ཚད་ཕྱི་རོལ་གྱི་རྐྱེན་ངན་དང་། བཙན་འཛུལ་རྐྱང་རྐྱང་ལ་ཁག་བཞག་ན་ཅུང་ཟད་ཐལ་དྲགས་པའི་ཚོར་སྣང་ཞིག་བསླེབ་སོང་། སྔོན་གྱི་དུས་སུ་བོད་རང་བཙན་ཡིན་པ་སྨོས་མེད་རེད། ཡིན་ན་ཡང་དེང་སང་རང་དབང་དང་། རང་བཙན་ལེན་ཐུབ་མིན་དང་། རང་གི་འཇོན་ཐང་། འཛམ་གླིང་གི་གནས་སྟངས་ཚང་མར་བསམ་བློ་གཏོང་དགོས་པ་ལས། སྔོན་གྱི་ལོ་རྒྱུས་རྟགས་སུ་བཀོད་པ་ཙམ་གྱིས་རང་ལ་རྒྱུ་མཚན་རྣམ་དག་ཏུ་འགྲོ་སྲིད་ཀྱང་། གཞན་ཚོས་རྟགས་ཡང་དག་ཏུ་འཛིན་པ་ཁག་པོ་རེད་ལ། ལོ་རྒྱུས་དོན་མཐུན་ཁེ་ལེན་པ་ཁག་པོ་རེད། དེ་ཕྱིར་དུས་དང་གནས་སྐབས་ལ་ལྟོས་པའི་བསམ་བློ་དང་། ཀུན་སྤྱོད་སོགས་ལ་གཞིགས་ཏེ། ད་ལྟ་ལུས་ཡོད་པའི་མི་རིགས་དང་། རིག་གཞུང་སྐྱོབ་ཐུབ་པའི་ཐབས་ལམ་ཞིག་འདིང་དགོས་པ་ལས། རང་ལ་མི་དབང་དང་། རང་གིས་མི་ནུས་པ་ཞིག་ལ་རེ་བ་དང་། ཡིད་ཆེས་ཡོད་ཚད་བཅོལ་བཞག་ནས་མཐར་ཕམ་ཁ་རག་རྒྱུ་ཉག་གཅིག་རེད།

དཔྱད་རྩོམ།

Post navigation

Previous Post: མི་ཚེ་འགྲུལ་བཞུད་ཀྱི་ཁ་དོག
Next Post: ཁྱེད་བྱོན་ནས་ད་བར་གྱི་ཕ་ཡུལ། ༼བོད་འབྱོར།༽

Comments (10) on “༄༅།།བྷོ་ཊའི་ལྗོངས་ཀྱི་མཚན་བྱང་ལ་དཔྱད་པ་ཉུང་ངུ་།”

  1. ལེགས་བཤད། says:
    2012-09-16 at 8:38 am

    ཁྱེད་ཀྱི་མཇུག་རྩོམ། དེས་ཕྱིར་དུས་དང་གནས་སྐབས་ལ་ལྟོས་པའི་བསམ་བློ་དང་། ཀུན་སྤྱོད་སོགས་ལ་གཞིགས་ཏེ། ད་ལྟ་ལུས་ཡོད་པའི་མི་རིགས་དང་། རིག་གཞུང་སྐྱོབ་ཐུབ་པའི་ཐབས་ལམ་ཞིག་འདིང་དགོས་པ་ལས། རང་ལ་མི་དབང་དང་། རང་གིས་མི་ནུས་པ་ཞིག་ལ་རེ་བ་དང་། ཡིད་ཆེས་ཡོད་ཚད་བཅོལ་བཞག་ནས་མཐར་ཕམ་ཁ་རག་རྒྱུ་ཉག་གཅིག་རེད། ཅེས་བཤད་པ་འདི་གོང་ས་མཆོག་གི་དགོངས་གཞི་དང་མཐུན། ལོ་རྒྱུས་དཔེ་ཆ་ཁ་ཤས་ན་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བ་དང་། བོད་ཅེས་པ་བོན་ཞེས་པའི་ཟུར་ཆག་ཡིན་པ་ཡང་འགྲེལ་འདུག །སློབ་དཔོན་མིའི་མཚན་ལ་རྒྱ་གར་བས་སམ་བྷོ་ཊ་སྟེ་ཡང་དག་པའི་བོད་ཅེས་བརྗོད། དེང་སང་ལ་དྭགས་དང་གར་ཞ་སོགས་སུ་བོད་ཀྱི་སྐད་ཡིག་ལ་བྷོ་ཊི་ཟེར་བ་དང་འབྲུག་པ་རྣམས་ཀྱིས་ལྷོ་ཡིག་ཟེར་བ་དང་མོན་པ་རྣམས་ཀྱིས་མོན་ཡིག་ཟེར། །

  2. ཨོ་རྒྱན་ཉི་མ། says:
    2012-09-16 at 9:32 am

    དེང་སང་དབྱིན་ཇིའི་ནང་དུ་tibetan and tibet.ཞེས་བོད་ཀྱི་མི་རིགས་དང་། སྐད་ཡིག ཡུལ་ལུང་གསུམ་ཆར་གོ་བཞིན་པའི་མིང་བརྡ་འདི་ཡང་རྒྱ་ནག་བརྒྱུད་ནས་བྱུང་བ་ཞིག་རེད། རྒྱ་ནག་སྔ་རབས་པ་ཚོས་བོད་ལ། ཐུ་བཱོད་ཞེས་རྒྱ་ཡིག་ནང་དུ་བྲིས་པ་དང་། ཐུ་ཞེས་པ་དེ་མཐོན་པོ་དང་། བཱོད་ཅེས་པ་དེ་བོད་རང་གི་ཐ་སྙད་ཀྱི་ཟུར་ཞིག་བཞག་པ་མིན་ནམ་བསྙམ། གང་ལྟར་ཡང་དེང་སང་དབྱིན་ཡིག་ནང་འབྲི་བཞིན་པ་འདི་རྒྱ་ནག་བརྒྱུད་ནས་བྱུང་བའི་མིང་ཞིག་ལས། བོད་རང་ནས་ཐད་གར་དབྱིན་ཡིག་ཏུ་སོང་བ་ཞིག་མ་རེད། བོད་རང་གི་སྐད་ཡིག་ནས་ཐད་གར་དབྱིན་ཡིག་ཏུ་བསྒྱུར་ཐུབ་ཡོད་ན། བོད་ཀྱི་མིང་དེ་ཡང་རྫིག་པོ་ཞིག་དང་། ཆེས་ངོམ་རིན་ཡོད་པ་ཞིག་ཏུ་གྱུར་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། དཔེར་ན་རྒྱལ་ཁབ་ཀྱི་མིང་ལ་Botiaདང་། མི་རིགས་ཀྱིBotianབཏགས་ཐུབ་ཡོད་ན་གཟི་བརྗིད་ཅིག་ཡོད་པར་འདོད།

  3. དགེ་འདུན་རྒྱ་མཚོ། says:
    2012-09-16 at 10:19 am

    བོད། བྷོ་ཊ། ཐུ་པོད། Tibet

  4. དགེ་འདུན་རྒྱ་མཚོ། says:
    2012-09-16 at 12:05 pm

    རྒྱ་གར་བས་བོད་ཞེས་བའི་མིང་ཚིག་འདིའི་གདངས་ཀློག་སྐབས་བོད་སྐད་གི་སྒྲ་གདངས་ཇི་བཞིན་ཀློག་མི་ཐུབ་པ་མ་ཟད་བོད་རྣམས་ཀྱིས་རྒྱ་གར་པའི་སྒྲ་གདངས་དེར་ཉན་ནས་བྷོ་ཊ་ཞེས་བར་གོ་ནས་དེ་ལྟར་བྲིས་པས་འདི་བོད་ཅེས་པའི་སྒྲ་འགྱུར་བ་ཙམ་ཞིག་ཡིན་པ་མ་ཟད་གདངས་འདི་འབྲི་མཁན་དང་མིང་འདི་འདོགས་མཁན་ཡང་བོད་རང་ཉིད་རེད། དབྱིན་ཇི་བས་རྒྱ་གར་གི་གདངས་ལ་གཏུགས་ནསTibet ཞེས་མིང་འདི་བཏགས་པ་རེད་ལ་བོད་ཀྱིས་དབྱིན་ཚིག་འདིའི་གདངས་ཐུ་བྷོད་ཞེས་བྲིས་པས་འདི་ཡང་བོད་རང་གི་བྲིས་བ་རེད། བྷོ་ཊ་དང་ཐུ་བྷོད་གང་ཡིན་རུང་བོད་ཞེས་བའི་སྒྲ་གདངས་བོད་སྐད་བཞིན་མ་ཐོན་པ་ཙམ་ཞིག་ལས་མི་འདུག་སྙམ་མོ།

  5. དགེ་འདུན་རྒྱ་མཚོ། says:
    2012-09-16 at 12:14 pm

    Botianཞེས་པའི་དབྱིན་ཚིག་འདི་བོད་ཞེས་པའི་གདངས་ཡིན་པར་འདོད་

  6. གསེར་འབྲུག་སྡེར་ལྔ་ says:
    2012-09-16 at 12:56 pm

    ད་ཡིན་ན་གདོད་མའི་གདོང་དམར་མི་རིགས་དང་ས་ཐོག་རྡོ་ཐོག་རང་ནས་བྱུང་བ་ཚང་མ་རྒྱ་ནག་ནས་ནས་བྱུང་ཚུལ་དང་རྒྱ་སྐད་ནས་མིང་བཏགས་པ་རྐྱང་རྐྱང་བསྒྲུབ་ཉེན་འདུག།
    Botia ཞེས་པའི་མིང་འདི་གཟི་བརྗིད་ཞིག་མ་རེད་ལ་བཀའ་རྡོར་སྒང་གསུམ་དུ་གནས་བཅའ་བའི་བོད་པ་རྙིང་པའམ་རྒྱ་གར་ཁམས་པ་ཞེས་པར་མིང་འདི་འབོད་སྲོལ་ཡོད་པ་ཞིག་རེད། གཟི་བརྗིད་ཅན་གྱི་མིང་ཞིག་འདོག་དགོས་ན་སྐབས་རེ་དབྱིན་ཡིག་འགའ་རེའི་ནང་Snowland. རིག་རྒྱུ་འདུག་ན་མིང་འདི་འབོད་ན་མིང་དོན་མཚུངས་པ་རེད་ལ་གཟི་བརྗིད་ཆེ་ལ་རྒྱལ་ཁབ་ཞིག་མཚོན་པའི་མིང་ཞིག་ཀྱང་རེད། བོད་སྐད་རང་ནང་སྔར་ནས་ཡོད་ཡོད་པ་ཞིག་ཀྱང་རེད།

  7. གསེར་འབྲུག་སྡེར་ལྔ་ says:
    2012-09-16 at 1:01 pm

    ཟུར་རྒྱན། Snowland. ཞེས་པའི་མིང་འདི་བོད་སྐད་ནས་དབྱིན་ཡིག་ཏུ་ཐད་བསྒྱུར་བྱས་པ་ཞིག་མཚོན་འདུག་ལ་མིང་དོན་གཉིས་ཀ་འདྲ་མཚུངས་ཞིག་རེད། མིང་འདི་སྙན་མོ་ཨེ་འདུག།

  8. གསེར་འབྲུག་སྡེར་ལྔ་ says:
    2012-09-16 at 3:24 pm

    དགོངས་དག་ཐད་བསྒྱུར་མ་རེད་དོན་བསྒྱུར་ལ་བཅོས་རོགས།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-18 at 3:10 am

    ལ་དྭགས་དང་གར་ཞ་སོགས་སུ་བོད་ཀྱི་སྐད་ཡིག་ལ་བྷོ་ཊི་ཟེར་བ་དང་། བྷོ་ཊིཡ། ཞེས་པ་དེ་ལུང་པ་དེ་དག་གི་ཁ་སྐད་མིན་ཀྱང་། རྒྱ་གར་སྐད་དུ། བོད་ལ་བྷོ་ཊཡ་ཞེས་པ་རི་བོ་ཧི་མཱ་ལ་ཡའི་ལྗོངས། བོད་ཆེན་པོའི་མཐའ་མཚམས་ཀྱི་སྐད་དེ། བོད་དང་སོ་སོ་ཡིན་འཁུལ་གྱིས་བྷོ་ཊིཡ་ཞེས་་མིང་བཏགས་ཀྱང་། རི་བོ་ཧི་མཱ་ལ་ཡའི་ལྗོངས་དེ་ལ་དཔག་ཚད་སྟོང་ཕྲག་ལྷག་ཡོད་པ། སྔར་གྱི་མེས་པོའི་སྐད། བཀའ་བསྟན་གསུང་འབུམ་བཅས་ན་བྲིས་ཡོད་པ་ལ་མ་བརྟེན་པར་སྐད་ཡིག་གཅིག་ཏུ་སྒྲིལ་བ་སླ་བ་མ་ཡིན་ཏེ། དཀའ་བ་བྱུང་། བྷོ་ཊིཡ་སྐད་རྒྱབ་པ་པོ་རྣམས་བཅིག་སྒྲིལ་མ་བྱུང་བས། སྐད་དེ་ལ་རྒྱ་གར་གཞུང་གི་ངོས་འཛིན་བྱེད་པ་ལ་མི་གྲངས་ལྡངས་མེད་པར་གཞུང་གི་ངོས་འཛིན་མ་རྙེད་པའི་གནས་ཚུལ་ཐོས་སོ།།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 3:38 am

    བོད། ཅེས་པའི་ མིང་འདི་ བོན་གྱི་ ཚིག་དེ་ཡི་ རྗེས་འཇུག་ ན་ཡིག་ ད་རུ་ འབོད་སྲོལ་ ཡོད་པ་ དཔེར་ན་ བཙད་པོ་ལ བཙན་པོ་ ལྟར་ བོན་ཆོས་ཀྱི་ བོན་ཞེས་ ཆོས་མིང་ དེ་ ཡུལ་ལ་ ཆགས་པ་ རེད། ཊི་བེཊ་ནི། མཐོ་བོད་ལས་ སྒྲ ་ཟུར་ ཆགས་པར་ འདོད་ ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme