Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།།གཉན་ཞེས་པ་ལ་རགས་ཙམ་དཔྱད་པ།

Posted on 2021-08-212021-08-21 By འཚོ་བྱེད་བུ No Comments on ༄༅།།གཉན་ཞེས་པ་ལ་རགས་ཙམ་དཔྱད་པ།

གོ་འཇོ་དབང་འདུས།
ལུས་ཀྱི་ཁྲག་སྲིན་འཁྲུགས་པའམ་ཕྱི་རོལ་གྱི་གཉན་སྲིན་པརྤ་ཏ་ཞུགས་པ་ལས་བྱུང་བའི་གཞན་ལ་འགོས་མགྱོགས་ཤིང་བཅོས་དཀའ་བའི་གདུག་པ་ཅན་གྱི་ནད་ལ་བྱ་ཞིང་། དེའང་ལུས་ཀྱི་ཁྲག་སྲིན་འཁྲུགས་པ་ལས་གཉན་ནད་འབྱུང་བར་བཞེད་པ་ཞིག་དང་། ཕྱི་རོལ་གྱི་དུག་ཅན་སྲིན་བུ་པརྤ་ཏ་ལུས་ལ་གཉན་ནད་འབྱུང་བར་བཞེད་པ་ཞིག

དེ་གཉིས་ཀ་ཟུང་དུ་སྦྲེལ་བ་ལས་གཉན་ནད་འབྱུང་བར་བཞེད་པ་ཞིག་བཅས་གསུམ་མཆིས་ཏེ། དང་པོ་ནི། རྒྱུད་ལས། རྒྱུ་ནི་ཁྲག་གནས་དུག་ཅན་སྲིན་བུ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟས་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས། །ཞེས་དང་། ཡང་དེ་ཉིད་ལས། ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་སྟེ། ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུག །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་དང་། འབྱུང་བ་ལུས་འཁྲུགས་གེགས་སེལ་ལས། གཉན་གྱི་ནད་ཅེས་བྱ་བ་ནི། རང་གི་ལུས་ལ་གནོད་བྱ་བཅུ་ཡོད་པའི་ལུས་ཟུངས་ཀྱི་ནང་ནས་ཁྲག་གང་དུ་གནས་པའི་སར་ལྷན་ཅིག་སྐྱེས་པའི་སྲིན་བུ་ཟངས་ཀྱི་མདོག་ཅན། ཤིན་ཏུ་ཕྲ་བ་མིག་གིས་ལྟར་མི་མངོན་པ་བདུན་མཆིས་པས་སྐད་ཅིག་ཡུད་ཙམ་ལ་སྤྱི་གཙིག་ནས་རྐང་མཐིལ་ཡན་ཆད་ཀྱི་ལུས་ཟུངས་བདུན་པོའི་སར་རྒྱུ་ནུས་པས་རྣམ་པར་མ་གྱུར་ན་ལུས་ཟུངས་ཀྱི་གྲོགས་སུ་འགྱུར་ལ། དུས་གདོན་ཟས་སྤྱོད་ཀྱི་རྐྱེན་པའམ་གྲིབ་དང་གཞན་ན་བ་ལ་འབགས་ནས་འགོས་པ་སོགས་ཀྱིས་བསྐྱེད་དེ་སྲིན་ཁྲོས་ལུས་ལ་ཟོས་པས་གག་ལྷོག་གཟེར་གསུམ་ཡ་མ་དང་། འབྲས་ཀྱི་རིགས། ཉྭ་ལོག་འཁྲུ་སྐྱུག ཕོ་ལོག་གླང་ཐབས་ལ་སོགས་པའི་ཉེས་པ་རྣམས་བསྐྱེད་པས་རྒྱུ་མཚན་དེས་ན། དཀར་མངར་ཟོས་ན་དེའི་ནུས་པས་སྲིན་གྱི་གསོས་སུ་གྱུར་ནས་ནད་པའི་ལུས་ལ་གནོད་ལ། དུག་རིགས་རྣམས་ནུས་པ་རྣོ་བས་སྲིན་གྱི་གསོས་སུ་གྱུར་ནས་ནད་པའི་ལུས་ལ་གནོད་ལ། དུག་རིགས་རྣམས་ནུས་པ་རྣོ་བས་སྲིན་མྱུར་དུ་གསོད་ཐབས་དང་ལྡན་པས་དུག་རིགས་ཐམས་ཅད་གཉེན་པོ་ལ་བཏང་བའོ། །ཞེས་དང་། གསོ་དཔྱད་རྒྱན་གྱི་མེ་ཏོག་ལས། གག་ལྷོག་གཟེར་གསུམ་རྒྱུ་ནི་ཁྲག་གནས་པའི། །ཟངས་ལྟར་དམར་བའི་དུག་ཅན་སྲིན་བུ་བདུན། །སྐད་ཅིག་ཙམ་ལ་རྩ་ནས་ལུས་ཀུན་རྒྱུ། །གདོན་གྱིས་དེ་བསྐུལ་དེ་སྤྲུལ་ལུས་ཟོས་པས། །གཉན་ནད་ཀུན་འབྱུང་མགོར་བབས་ཀླད་གཟེར་ཡིན། །གྲེར་བབས་གག་པ་སྟོད་བབས་གཟེར་ཐུང་སྟེ། །ཕོར་བབས་གཉན་གླང་རྒྱུར་བབས་རྒྱུ་གཟེར་ཡིན། །པགས་བབས་མེ་དབལ་ཚིལ་བབས་རྨེན་བུ་ཡིན། །ཉྭར་བབས་ཉྭ་ལོག་ཤར་བབས་ལྷོག་པར་བཤད། །ཤར་རུས་རྩར་བབས་འདྲུལ་ལ་འབྲས་ཞེས་ཟེར། །དེ་ཕྱིར་དཀར་མངར་དམར་གནོད་དུ་དུག་གིས་འཇོམས། །ཞེས་གསུངས་པས་སོ། །གཉིས་པ་ནི། བདུད་རྩི་བུམ་ཆུང་ལས། ཁོང་ལྷོག་ནག་པོ་གཉན་གྱི་ནད། འདི་ལ་གནས་ནི་ནམ་མཁའ་ལ་གནས། མི་ལ་བབས་ན་ནད་རིགས་བཞི་ཡོད། དོན་གཅིག་ལས་མེད། གཉན་ནད་ཡིན། འདི་ལ་བབས་ས་བཞི་ཡོད། ནད་གཞི་གང་ཡོད་པར་འབབ། མིང་ནི་སྲིན་བུ་པརྤ་ཏ་བྱ་བ་ཡིན། རྒྱུ་ནི་གདོན་གྱིས་བྱེད། འཇུག་ནི་བ་སྤུའི་བུ་ག་དང་སྣ་ནས་འཇུག །ཅེས་དང་། མན་ངག་བྱེ་བ་རིང་བསྲེལ་ལས། རྒྱུ་ལ་རྐྱེན་དེས་སྲིན་གྱི་གཟུགས་སུ་སྤྲུལ། །བར་སྣང་ཁམས་ནས་བ་སྤུའི་སྒོར་འཇུག་ཅིང་། །འདི་ཞུགས་ལུས་ཀྱི་སྲིན་གཞན་ལྷན་སྐྱེས་རྣམས། །སྤྲིན་དང་རླུང་ལྟར་སྐད་ཅིག་ཉིད་ལ་བྱེར། །ཕྱི་རུ་དོན་ནམ་ཡང་ན་ནང་དུ་གུམ། །བབས་སུ་སྤྱི་ནི་ནད་གཞི་གང་ཡོད་སྟེང་། །སྒོས་སུ་སྲོག་རྩ་མཆིན་པ་མཁལ་མ་དང་། །རྒྱུ་ལོང་རྣམས་ལ་ཕལ་ཆེར་བབས་པ་མང་། །ཞེས་དང་། ནག་པོ་སུམ་བསྒྲིལ་གྱི་བཅོས་བདུད་རྩིའི་བུམ་སྙིང་ལས། ཧ་ལམ་ཅོག་འགྱེལ་ཞེས་བྱ་བ། །ཤིན་ཏུ་མ་རུང་འཇིགས་པའི་ནད། །སྲིན་བུའི་གཟུགས་ཅན་མཁའ་ལ་འགྲིམས། །སྟོང་པའི་གཟུགས་ཅན་རླུང་ལ་ཞོན། །དྲི་མར་ཞོན་ནས་སྣ་སྒོར་འཇུག །གྲགས་པའི་སྣང་བས་རྣ་བར་འཇུག །མཐོང་སྣང་འཁྲུལ་སྟབས་མིག་རྩར་འཇུག །ཟས་རོར་འཁྲིལ་ནས་ལྕེ་རྩར་འཇུག །རེག་པར་འཁྲིལ་ནས་བ་སྤུར་འཇུག །གྲིབ་གདོན་ལ་བརྟེན་བུ་ག་དགུར། །ལན་ཆགས་ལ་བརྟེན་སྲིན་མཛུབ་རྩ། །དེ་སོགས་མ་ངེས་རྩ་ཞུགས་ནས། ཁོང་པར་ཚུད་ནས་ལྡང་བས་བསོད། ཁ་འཛུམ་ལྟག་དགྱེ་སོ་བརྩེགས་ནས། །ན་ལོང་མེད་པར་སྲོག་དང་ཕྲལ། །ཡང་ན་ཞག་ལྔ་ཞག་དྲུག་དང་། །ཞག་བདུན་ལས་མི་འདའ་བར་བཀུམ། །དེས་ན་མཁྲིས་ནད་གཉན་གྱི་རིགས། །རླུང་གི་རྟར་ཞོན་སྲོག་རྩར་རྒྱུ། །ཚད་པའི་དཔལ་ལྡན་དོན་སྣོད་འཇོམས། །དོན་སྣོད་ཀླད་མཁྲིས་གཉན་ཉྭར་འབབ། །དེ་ཕྱིར་ནག་པོ་སུམ་བསྒྲིལ་ཟེར། །སྲིན་གྱིས་སྣ་ཁྲིད་ཀུན་ཏུ་རྒྱུག །དེ་ཕྱིར་པརྤ་ཏ་ཞེས་ཟེར། །ཞེས་གསུངས་པས་སོ། །གསུམ་པ་ནི། མན་ངག་ལྷན་ཐབས་ལས། རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་པ། །རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི། །མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང་། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་པའི་དུག་ཅན་སྲིན་བུ་རྣམ་བདུན། །ཟངས་ལྟར་དམར་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུགས་ལུས་ཟུངས་བཟས་པས་གཉན་ནད་འབྱུང་། །དེ་ཕྱིར་དཀར་དམར་གནོད་ཅིང་དུག་གིས་འཇོམས། །ཞེས་དང་། ཉེར་མཁོའི་དོན་གསལ་ལས། གཉན་ཞེས་བྱ་བའི་གདུག་ཅན་ནད། །རྒྱུ་ནི་ལུས་ལ་ལྷན་སྐྱེས་སུ། །གནས་པསི་ཁྲག་སྲིན་དམར་ཟླུམ་དང་། །ཕྱི་རོལ་གཉན་སྲིན་པར་པ་ཏ་གཉིས། །འདོམ་པའམ་གང་རུང་འཁྲུགས་ཞུགས་ཡིན། །ནད་འདི་ལུས་ལ་ཕོག་པའི་ཚེ། །ཚབས་ཆེ་ཞག་གསུམ་ལྔ་བདུན་དང་། །ཚབས་ཆུང་བདུན་གསུམ་ཚུན་ཆད་དུ། །བཅོས་མ་ཐུབ་ན་སྲོག་ལ་རྒོལ། །ནད་གཞན་དག་ལས་ཉེན་ཆེ་ཞིང་། །གཉན་པས་གཉན་ནད་ཅེས་སུ་འབོད། །འདི་ཉིད་བབས་སའི་དབང་བྱས་ནས། །རིགས་ཀྱི་དབྱེ་བ་སྣ་ཚོགས་འབྱུང་། །ཞེས་གསུངས་པས་སོ། །གོང་དུ་སྨོས་པའི་གཉན་ནད་དེ་ལ་སྤྱི་མིང་དུ་ནག་པོ་སུམ་བསྒྲིལ་ཞེས་ཟེར་ཞིང་དེ་ཉིད་བབས་ས་གནས་ཀྱི་དབང་གིས་ཀླད་པར་བབས་ན་ཀླད་གཟེར་དང་། རྒྱུངས་པར་བབས་ན་འཛུམ་བུ་ལྟག་དགྱེ། མཁལ་མར་བབས་ན་ཁ་མེད་སོགས་ནད་ཀྱི་དབྱེ་བ་མང་དུ་འབྱུང་བ་ཡིན་ཏེ། བདུད་རྩི་བུམ་ཆེན་ལས། ནག་པོ་སུམ་སྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ འཕོག་ས་འབེན་གྱིས་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ ཞེས་དང་། ཡང་དེ་ཉིད་ལས། རྒྱ་ནད་མིག་སེར་ཞེས་ཀྱང་བྱ༔ བལ་ནད་རིམས་ཚད་ཅེས་ཀྱང་བྱ༔ གཉན་ནད་ཐོག་བབས་ཞེས་ཀྱང་བྱ༔ ནག་པོ་རྒྱུག་འགྱེལ་ཞེས་ཀྱང་བྱ༔ ཅོག་འགྱེལ་ལྟག་དགྱེ་ཞེས་ཀྱང་བྱ༔ ནག་པོ་སུམ་བསྒྲིལ་ཞེས་ཀྱང་བྱ༔ མིང་གི་རྣམ་གྲངས་བརྗོད་མི་ལང༔ ཞེས་དང་། ཐེངས་གསོས་ཟླ་ཐིགས་ལས། གཉན་སྲིན་པར་པ་ཏ་དང་ནི། །ཚད་པ་ཏྲེ་ཏྲེ་ཧོ་ཞེས་པ། །རླུང་རིམས་ཐོལ་པ་མགོ་འཁོར་གསུམ། །བསྡོངས་ལ་ནག་པོ་སུམ་སྒྲིལ་ཟེར། །གཉན་ཆེ་ཞག་དྲུག་ཚད་པས་བདུན། །མི་བརྒལ་འཆི་ལ་རླུང་ཆེ་ན། །ཟླ་བར་ནད་ཡུན་བྱེད་པ་ཡིན། །ཞེས་གསུངས་ཤིང་། དེའི་བཅོས་ཚུལ་ནི། བདུད་རྩི་བུམ་ཆེན་ལས། གཉན་དང་ཚད་པ་རླུང་དུ་བཅོས༔ དང་པོ་གཉན་གྱི་བོ་བསྙིལ༔ བར་དུ་ཚད་པའི་མེ་དབལ་བསད༔ ཐ་མ་རླུང་བཅོས་ལུས་པོ་གསོ། །ཞེས་གསུངས་སོ། །གོང་དུ་བཀོད་པ་དེ་དག་ངེས་པར་དུ་ཤེས་དགོས་པའི་གཉན་ནད་ཀྱི་སྤྱི་ཆིངས་ཡིན་པས་ཡིག་ཚོགས་ལ་མ་བལྟོས་པར་ཕྱོགས་བསྡུས་བྱས་པ་ཡིན་ནོ། །

གསོ་རིག

Post navigation

Previous Post: ཨབ་རྒན་དུས་འགྱུར།
Next Post: བོད་རྒྱ་གཉིས་ཀྱིས་འཛམ་གླིང་ལ་བཞག་པའི་ལག་རྗེས་ཀྱི་ཁྱད་པར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme