Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།།ཀུན་མཁྱེན་བླ་མ་མཇལ་བའི་སྐལ་བཟང་གི་ཉི་མ།

Posted on 2017-02-042017-02-05 By ཁ་བརྡ་ 2 Comments on ༄༅།།ཀུན་མཁྱེན་བླ་མ་མཇལ་བའི་སྐལ་བཟང་གི་ཉི་མ།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།། ནམ་རྒྱུན་ངོས་ནི་ཉམ་ཆུང་རང་ཚུགས་བཟུང་ནས་གལ་ཆེན་བླ་མ་དམ་པའི་འདས་མཆོད་དང་ཆོས་བཞིན་སྒྲུབ་པ་དག་ལ་གང་ཤེས་ཀྱིས་མདོ་སྔགས་དམ་པའི་ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ལ་བརྩོན་བཞིན་མཆིས། དམིགས་བསལ་གྱི་རབ་གནས་མེ་སྤྲེལ་ལོ་འདིའི་ནང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དུ་མར་དམ་ཆོས་དང་འབྲེལ་བའི་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགས། ཁྱད་པར་དུ་མེ་སྤྲེལ་མགོ་ཟླའི་ཚེས་པ་༼༢༠༡༧ ༡ ༡༢ ༽བཅོ་ལྔ་ནས་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་ཐེངས་བཅུ་གསུམ་པ་གནས་མཆོག་སེངྒྷ་གླིང་གི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་སུ་ཚད་ལྡན་ཞིག་འཚོགས་པ་དང་། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུམ་འབུམ་པོད་གསུམ་གྱི་ལུང་རྒྱུན་ཆ་ཚང་དག་སློབ་ཚོགས་དད་གུས་དམ་ཚིག་ཅན་ལ་མཎྡལ་མཆོད་པ་ཕུལ། ལྷག་པར་དུ་མེ་སྤྲེལ་མགོ་ཟླའི་ཚེས་པ་༼༢༠༡༧ ༡ ༢༧ ༽སུམ་ཅུ་སྟེ་གསོ་སྦྱོང་གི་ཉིན་མོར་ཉིན་གུང་ལ་གློ་བུར་དུ་ངོ་དེབ་རྒྱུད་ནས་རྒྱ་མོ་ཧན་དང་སྐྱེན་སྤྲུལ་འཇམ་དབྱངས་གྲགས་པས་ཀུན་མཁྱེན་བླ་མ་སེངྒྷ་གླིང་ལ་ཕེབས་ནས་བོད་རིགས་བླ་གྲྭ་ཡོངས་ལ་དམིགས་བསམ་བཀའ་སློབ་དང་འཚོགས་འདུ་ཆུ་ཚོད་དང་པོ་ཕྱེད་ནས་གསུམ་དང་ཕྱེད་བར་རེད་བཞག

སྔོན་མར་ངོས་ནས་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལ་ངོ་དེབ་ཏུ་འཕྲིན་སྐད་བཞག་པ་དེ་གསལ་བོ་དྲན་བྱུང་། ལམ་སོང་མགྱོགས་གྲུ་ཆུང་བ་ཞིག་ལ་སྐད་གཏོང་ཡང་ལམ་སོང་མ་ཐོན་ཡང་། སྟབས་ལེགས་པ་ཞིག་ལ་སྦྱིན་བདག་དྲིན་ཆེན་མས་སྒོ་རྡུང་བ་དུས་འགྲིགས། ངོ་དེབ་མགྱོགས་འཕྲིན་ནང་རིག་འཛིན་དབྱངས་ཅན་ལྷ་མོ་དང་སྐྱེན་སྤྲུལ་ལ་ཡང་སྐད་ཅིག་བཞགས་ནས་ལམ་དུ་ཆས། ཆུ་ཚོད་གསུམ་པར་རྒྱའི་ལྷ་ཁང་དུ་འབྱོར་མ་ཐག་རིག་འཛིན་དབྱངས་ཅན་ལྷ་མོ་ཡང་དེར་འབྱོར་འདུག ལྷ་མོ་ངེད་གཉིས་ལ་རྒྱ་གར་མི་ཞིག་མདུན་བསུས་ནས་ཐོག་ཁང་དུ་ཕྱིན་པ་རྒྱའི་དགེ་བསྙེན་མོ་ཞིག་སྒོ་བཀག་འདུག ལྷ་ཁང་ནང་དུ་༧ཀུན་མཁྱེན་བླ་མ་རིན་པོ་ཆེས་གསུང་བཤད་གནང་བཞིན་འདུག སྒོ་དྲུང་ན་ཕྱི་གླིང་གྲྭ་བ་སངས་རྒྱས་རྒྱ་མཚོ་དང་ཁ་བརྡ་བྱས། སྐྱེན་སྤྲུལ་ཡང་ཕེབས་སོང་། སྒོ་བཤམ་སྐས་ཁ་རུ་འཚོགས་གྲོལ་བ་དང་ཀུན་མཁྱེན་བླ་མ་མཇལ་སྒུག་བྱས། ཚ་བ་ཆེ་བ་དང་ངས་དགུན་ཆས་གྱོན་པར་མཐུས་ཚ་རླབས་རྔུལ་ཆུ་བཞུར་བཞིན་ཆུ་ཚོད་ཕྱད་གཅིག་སྒུག་རྗེས་འཚོགས་པ་གྲོལ་ཞིང་ལྷ་ཁང་སྒོ་ཡང་ཕྱེས་ནས་ནང་དུ་འགྲོ་ཆོག་སོང་། ལམ་སེང་གསེར་མདོག་གི་ཁ་བཏགས་སྲིད་ན་རིང་བ་བཟུང་ནས་༧ཀུན་མཁྱེན་བླ་མ་མཇལ་དུ་ཕྱིན། ཁོང་ནི་ཅི་འདྲའི་དགེ་སྦྱོང་ཉམ་ཆུང་བ་ཞིག་ཨར་སྟེགས་བསྡུ་ལེན་བྱས་ནས་ཁོང་རྣམས་པ་དཔར་རྒྱག་པའི་གྲལ་སྒྲིག་བཞིན་འདུག

unnamed-3ངོས་ནས་ཕྱག་ཅིག་འཚལ་དགོས་བསམ་ཡང་༧ཀུན་མཁྱེན་ཉིད་ལམ་སོང་ཕེབས་ནས་མཁན་པོ་དཔལ་དགྱེས་བདེ་མོ་ཡིན་ནམ། ཕེབས་པར་བཟང་་གསུངས་ནས་མདུན་དུ་ཕེབས། ཁ་བཏགས་འབུལ་ནས་སྐུ་ཁམས་བཟང་འདྲི་དང་མལ་ལྔ་ས་ལ་ཕབས་ཀྱང་ཁ་བཏགས་ངའི་ལག་ཏུ་གནང་ནས་ཚོགས་དཔར་གནང་རུ་ཕེབས་ཤོག་གསུངས། དེ་ན་ཤིན་ཏུ་ཉེ་བའི་དགེ་མང་མཁན་ཆེན་བསོད་ནམས་འོད་ཟེར་དང་ངོ་ཤེས་པ་འགའ་ཞིག་འདུག་ཀྱང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཙམ་ལས་གང་ཡང་ཞུ་ཁོམས་མ་བྱུང་། ཀུན་མཁྱེན་བླ་མའི་ཕྱག་ཏུ་འཇུས་ནས་འཚོགས་དཀྱིལ་དུ་སོང་ནས་དཔར་རྒྱབ་པར་ཙམ་པ་དང་། བཤང་པ་སྤྲུལ་སྐུ་ཟེར་བ་བར་དུ་ལྕེབ་ནས་མདུད་དུ་མཆོངས་སོང་། དེ་ནས་དཔར་ཆས་མཁན་ཚོས་འོད་ཚུབ་ཚུབས་ཀྱིས་མྱིག་གིས་ལྟ་མི་བཟོད་པ་ལྟ་བུས་དཔར་རྒྱབ་སོང་། བླ་གྲྭ་ཤ་ཆེན་དང་བརྗིག་མདོག་ཁག་པོ་ཚོས་ང་ང་ཟེར་ནས་ཀུན་མཁྱེན་བླ་མ་དང་མཉམ་དུ་སྒེར་དང་སྤྱི་མང་ཚང་མ་དཔར་འཕྲུལ་བཏབས་པ་ལས་བདག་ནི་ཕྱིར་ནུད་ནས་ལྷ་ཁང་མཐའ་ནས་ཀུན་མཁྱེན་བླ་མ་ལ་དམིགས་བསལ་མཇལ་སྒུག་བྱས་པ་དང་། སྐར་མ་ལྔ་ཙམ་སོང་རྗེས་༧ཀུན་མཁྱེན་བླ་མ་ཉིད་ཀྱི་སྐུ་མཛེས་པའི་ཚང་ཚོ་མཚན་དཔེས་རྒྱན་པ། ཕྱག་ཐལ་སྦྱར་གུས་པས་མཐོ་དམན་མེད་པར་མཉམ་པར་བསྟན་ནས། གསུང་ཚངས་དབྱངས་མཇམ་པོས་བདེ་མོས་བྱོས་ནས། ཐུགས་མཚུངས་མེད་བྱམས་བརྩེའི་རང་མདངས་བདག་ལ་བསྟན་ནས། དམིགས་བསལ་གྱིས་གཟིམས་ཁང་དུ་ཕྱིན། ཇི་འདྲའི་འདོད་ཆུང་ཆོག་ཤས་ཅན་གྱི་དགེ་སྦྱོང་ཞིག མི་ལོ་སྟོང་ཕྲག་གི་སྔོན་གྱི་ཤྰཀྱའི་དགེ་སྦྱོང་ནང་བཞིན་བཞུགས་འདུག ངའི་རིག་འཛིན་ལྷ་མོ་དང་སྤྲུལ་སྐུ་གཉིས་ཀྱང་ཧ་ལས་སོང་། ངོས་ཀྱང་ངོ་ཚ་འོས་པ་ཅིག་ཆགས་སོང་། ངོས་ནི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ནས་བསྡད་ནས་བདག་གི་བླ་མ་འདི་འདྲ་གནང་བར་མི་འོས་པ་ཞིག་ཅིས་ཕྱིར་མིན།

unnamed-1

ཀུན་མཁྱེན་ཉིད་ཀྱིས་བསྟན་པ་སྤྱི་དང་འགྲོ་ཁམས་ཕན་བདེ་སྒྲུབ་པའི་བཀའ་སློབ་དུ་མ་གསུངས། ངོས་ལ་དམིགས་བསལ་ཞུ་བྱ་གསུམ་ལས་ཁྱད་པར་རྗེས་དྲན་གསུང་སྒྱུར་ཁང་གི་ཚབ་ཞུས་ནས་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་ཚ་ལྕགས་ཁུང་ཚེ་དབང་བླ་མས་ལོ་ནས་ལོ་ཟླ་ནས་ཟླར་དཀའ་སྤྱད་སྐད་སྒྱུར་ལ་བརྩོན་པའི་གྲུབ་འབྲས། ཐུགས་བསྐྱེད་གཙང་མའི་བཀའ་འཕྲིན། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྗེས་དྲན་གསུང་སྒྱུར་ཁང་གི་སྐོར་ལ་ཞིབ་རྒྱས་ཞུས་པ་དང་། ཀུན་མཁྱེན་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་ཚེ་དབང་བླ་མའི་གསུང་འཕྲིན་རྗེས་དྲན་གསུང་སྒྱུར་ཁང་གི་འཆར་འགོད་ལ་གཟིགས་ནས། མཆོག་གིས་གསུངས་དོན ངེས་པར་ལོ་ཙྰ་བ་དེ་ཚད་ལྡན་ཞིག་དགོས། ལོ་ཙྰ་བ་འགའ་རེས་ཚིག་མཛོད་ལས་སྒྱུར་བ་འདུག དེ་རིགས་མིན་པར་ཚད་ལྡན་ཞིག་ངེས་པར་དགོས། གསུངས།

ངོས་ནས་ཞུ་དོན རྒྱལ་སྤྱི་རང་བཞིན་ལྡན་པའི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས་ནས་ཚད་ལྡན་ཞིག་བསྐལ་བ་ནམ་གནས་སུ་བརྟན་པའི་ཆེད་དུ་ཡིན་པ་དང་། རྒྱ་ཡིག་ལས་དབྱིན་ཡིག་ལ་སྒྱུར་བ་མིན་པར་བོད་ཡིག་རང་ནས་དབྱིན་ཡིག་ཏུ་སྒྱུར་ན་དགེ་མཚད་ཆེ་ཚུལ་དང་། དཔལ་འབྱོར་ཕྱོགས་ནས་མ་ལ་ཤ་ཡ་ན་འཐེབ་རྩ་ཞིག་དང། ལས་ཁང་དངོས་དེ་བལ་ཡུལ་ན་འཛུགས་འཆར་ཡིན། བལ་ཡུལ་དེ་ན་འགྲོ་གྲོན་གང་ས་ནས་ལས་སླ་བ་རེད། བྱ་བ་འདིས་སྦྱོར་དངོས་གསུམ་ཚང་མ་བླ་མ་ཚེ་དབང་ཡིན་པ་། གཙོ་འགན་བཞེས་འཁན་བླ་མ་ཚེ་དབང་དང་། ད་དུང་དེ་ན་ཡིག་ཐོག་ལ་བཀོད་མེད་པ་ཞིག་ལ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་བསོ་རྒྱལ་རིན་པོ་ཆེ་དང་གཟན་དཀར་རིན་པོ་ཆེ་ཡང་ཡོད་ཚུལ་ཞུས། ཀུན་མཁྱེན་ཉིད་ཀྱིས། དེས་ན་ཤིན་ཏུ་བཟང་། ཤིན་ཏུ་གལ་ཆེན་རེད། ཚད་ལྡན་ཞིག་ངེས་པར་འབྱུང་ཐབས་བྱ་དགོས་གསུངས། མུ་འཐུད་དུ་འབྲེལ་བ་ཞུ་ཆོག་གསུངས།

དེ་ནས་རིག་འཛིན་དབྱངས་ཅན་ལྷ་མོ་དང་སྐྱེན་སྤྲུལ་དང་ངོས་བཅས་ལ་ཆོས་འགྲེལ་ཞུས་ཞིང་། འབྱུང་འགྱུར་ཉིས་སྟོང་བཅོ་བརྒྱད་ལ་ནུབ་ཕྱོགས་ནས་མཇལ་བའི་སྨོན་འདུན་བཅས་དང་དམིགས་བསལ་སྐུ་སྒེར་འཕྲིན་འཕྲན་ཁ་བྱང་གནང་བ་དང་། ༧ཀུན་མཁྱེན་དམ་པ་དང་འབྲལ་མི་ཕོད་པའི་ངང་ནས་སྐུ་ཚེ་བརྟན་པའི་སྨོན་ལས་བཅས་ཁང་གསར་དུ་བསྐྱོད་དོ།། སེངྒྷ་གླིང་ནས་ཤྲྰིས་སོ། ཕྱི་ལོ་༢༠༡༧་༡ ་༢༧་ལའོ།།

སྣ་ཚོགས།

Post navigation

Previous Post: སུམ་རྟགས་ཐོན་མིས་བརྩམས་མིན་ལ་བརྒལ་ལན་དུ་ཕུལ་པ།
Next Post: ནང་ཆོས་ལ་བཅུད་ལེན་ཐུབ་པའི་ཀ་བཤད།

Comments (2) on “༄༅།།ཀུན་མཁྱེན་བླ་མ་མཇལ་བའི་སྐལ་བཟང་གི་ཉི་མ།”

  1. ཀླུ་སྨྱོན། says:
    2017-02-04 at 6:00 pm

    བཀླགས་ཟིན།

  2. བཀྲ་ཤིས། says:
    2017-02-04 at 9:10 pm

    ངས་ཀྱང་བཀླགས་པ་ཡིན། ཡུན་རིང་རྗེས་འགོ་ནས་འཇུག་བར་ཀློག་རྒྱུར་སྤྲོ་བ་དང་མོས་གུས་འཕེལ་བའི་ལྷུག་རྩོམ་གནང་མཁན་ཨེ་མ་ཧོ་མཆོག་ལ་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme