Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༄། །དབང་དྲག་འཕྲིན་ལས་ལ་བསྐུལ་བ།

Posted on 2012-09-032012-09-03 By ཁ་བརྡ་ 16 Comments on ༄༄། །དབང་དྲག་འཕྲིན་ལས་ལ་བསྐུལ་བ།

པདྨ་གདུང་བཙན།

ཕྱི་ནང་སྟོད་སྨད་བར་གསུམ་ན་བཞུགས་པའི་བོད་མི་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་བ།

བོད་རབ་གནས་ཆུ་འབྲུག་ལོ་འདི་ཚེས་པ་ནས་བཟུང་། རྒྱ་དམར་དབང་འཛིན་པ་གཙོ་གྲས་ཀྱི་བར་དང་། རྒྱ་ནག་སྤྱི་ཚོགས་ཡོངས་སུ། དེ་སྔ་བྱུང་མ་མྱོང་བའི་འགལ་བ་རུ་འཛིང་སྐྱ་འཐབ་ཀྱིས། ནང་འཁྲུག་ནང་དམེའི་ཛ་དྲག་རྣོ་ངར་གྱི་འགལ་འདུའི་ཕུང་བོ་མངོན་གསལ་ཆེ་བ་རིམ་བསྟུད་དུ་བྱུང་དང་འབྱུང་བཞིན་པ་དང་། བོད་གཞིས་བྱེས་གཉིས་སུའང་ལོ་རྒྱུས་སུ་བྱུང་མ་མྱོང་བའི་རང་ལུས་གསོན་སྲེག་གི་ལས་འགུལ་རྒྱུན་མི་ཆད་པར་འབྱུང་བཞིན་པའི་དུས་འདིར། གལ་བོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་ལྟར། ཐམས་ཅད་ལ་གསལ་འདེབས་གཞེན་སྐུལ་ཞུ་བར་བྱ་བ་ལ།
ཐོག་མར་དཀོན་མཆོག་གསུམ་པོ་སྐྱབས་གནས་ཡང་དག་ཏུ་འཛིན་པ་དང་། ལས་འབྲས་བསླུ་བ་མེད་པའི་ཚུལ་ལ་རྒྱུ་མཚན་ལྡན་པའི་ངེས་པ་བརྟན་པོ་ཐོབ་ཅིང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་། གྲུབ་པའི་རྟགས་སུ་འཕྲིན་ལས་རྣམ་བཞིར་རང་དབང་འབྱོར་བའི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་རྣམས་གཙོ་བོར་གྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་ཡོངས་ལ་ཞུ་གསོལ་འདེབས་སྙིང་ནི། ད་ནི་རྒྱ་ནག་དམར་ཤོག་པའི་ཁ་རྗེ་དབང་ཐང་དངོས་སུ་ཉམས་མགོ་ཚུགས་པའི་རྟགས་མཚན་ཇེ་གསལ་དུ་འགྲོ་བ་སྟེ། ནག་ཕྱོགས་ཕམ་ཞིང་དཀར་ཕྱོགས་དབུ་འཕང་མཐོ་རུ་འགྲོ་བཞིན་པའི་སྐབས་འདིར། རབ་བྱུང་ན། ད་ལོ་ལོ་འདིའི་ནང་། རྒྱ་ནག་དམར་ཤོག་སྡེར་གཏོགས་ནག་པོའི་རྩ་ལག་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པ་ལ་ཆེད་དུ་དམིགས་པའི་དབང་དང་དྲག་པོའི་འཕྲིན་ལས་ནམ་རྒྱུན་ལས་མང་ཙམ་གནང་ན། ནག་ཕྱོགས་པ་རྣམས་ཀྱི་དབང་བསོད་ཀླུང་རྟ། བླ་ཚེ་སྲོག་གསུམ་ཉམས་ཤིང་རྒུད་བཞིན་པའི་སྐབས་སུ་འཁེལ་བས། མཐུ་ནུས་ཐོན་སླའི་མངོན་མཚན་ཆེ་བར་མཐོང་ཞིང་། བསྙེན་སྒྲུབ་ལས་གསུམ་ལ་དབང་འབྱོར་བ་རྣམས་སྨོས་ཅི། སྤྱིར་བཏང་ཉིན་རེའི་ཞལ་འདོན་ཆད་མེད་དུ་བརྩོན་པ་རྣམས་ནས་ཀྱང་། རང་རང་གི་ཉིན་རེའི་ཞལ་འདོན་གྲུབ་སྟེ། བཟློག་སྒྱུར་གནང་སྐབས། ཚང་མས་རང་ཉིད་བཞུགས་ས་ནས། རང་གི་ཞལ་རྒྱ་ནག་པེ་ཅིང་ཕྱོགས་སུ་འཁོར་ཏེ། ད་ཡོད་ཀྲུང་ནན་ཧེའི་བདུད་པོ་དགུ་དང་། དེའི་རྒྱབ་ཀྱི་བདུད་སྤྲུལ་ཤི་བོ་མའོ་ཙེ་ཏུང་དང་། ཀྲའུ་ཨེན་ལེ། ཏིང་ཞོ་ཕིན། ཤི་མ་གསོན་དུ་གནས་པ་ཅང་ཙེ་མེན། ལི་ཕང་། ད་དུང་ནུབ་ཕྱོགས་ཀྱི་བདུད་གཏེ་མར་ཀེ་སི། ཨིང་ཀེ་སི། ལེ་ཉིན། སི་ཏ་ལིན་སོགས་བདུད་སྤྲུལ་ཆེ་ཕྲ་ཤི་གསོན་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་རང་གི་མདུན་དུ་རང་དབང་མེད་པར་བཀུག་ནས་འདར་སིག་སིག་ཏུ་ཡོད་པར་གསལ་བཏབ་སྟེ། མ་རིག་ལོག་པའི་བསྟན་དགྲ་འདི་དག་སྙིང་རྗེ་དྲག་པོའི་རྩིས་ཟིན་པའི་སྒོ་ནས་བསྒྲལ་བར་བྱ། ཞིང་བཅུ་ཚང་བའི་དགྲ་བོར་བཟུང་ནས་བསྒྲལ་བར་བྱ། བསྒྲལ་ནས་ཞིང་ཁམས་དག་པར་འཕེན་པར་བྱ། བྱིངས་རྣམས་ཀྱིས་ཀྱང་ཉིན་རེའི་བཟློག་སྒྱུར་སྐབས། དམིགས་པ་དེ་འདྲ་བ་བྱས་ན། ནུས་པ་ཐོན་ཁྱད་ཆེ་བར་བསམ། ནམ་རྒྱུན་ཆོས་ཉམས་ལེན་མི་གནང་བ་དང་། ཆོས་ལ་དད་པ་མེད་ཀྱང་རུང་གི བོད་མི་རིགས་འདི་ལ་སྙིང་ནས་བརྩེ་བ་དང་དགའ་ཞེན། རིགས་མཐུན་གྱི་ལ་རྒྱ་བཅོས་མིན་ཡོད་མཁན་སུ་ཡིན་ཡང་། གོང་གི་བདུད་སྤྲུལ་དེ་དག་གི་འདྲ་པར་བྱུང་ན་དང་། དེ་མ་བྱུང་རུང་དེ་དག་གི་འདྲ་གཟུགས་ཤོག་བུར་བྲིས། དེའི་ངོས་སུ་དེ་དག་གི་རུས་མིང་བོད་དང་རྒྱ་ནག་ཡི་གེ་གང་རུང་དུ་བྲིས་ཏེ། བདེན་པ་བདར་ནས་དམོད་བོར། རྐང་འོག་དང་དགོན་པའི་སྒོ་ཐེམ་འོག་སོགས་སུ་མནན་ན། འདྲེ་ཚོགས་ཇག་རྐུན་རྒྱ་དམར་གུང་བྲན་གྱི་སྲིད་དབང་མྱུར་དུ་ཚར་གཅོད་པར་ཕན་ནུས་གང་ལས་ཀྱང་ཆེ་བ་ཐོན་རྒྱུ་ངེས་པ་ཡིན། ཚང་མས་མཁྱེན་ཆུབ་ལྟར། གལ་ཏེ། རྒྱ་གུང་བྲན་ཏང་འདི་ཚར་མ་ཆོད་པར་ཉི་མ་གཅིག་དང་། ཆུ་ཚོད་གཅིག་ཙམ་ལ་ས་སྟེང་འདིར་གནས་པ་ཡིན་ནའང། དེའི་རྐྱེན་གྱིས། བོད་རྒྱ་སོག་གསུམ་གྱིས་མཚོན། འཇིག་རྟེན་འདིའི་སྒང་གི་སྐྱེ་བོ་ས་ཡ་དུང་ཕྱུར་མང་བོར་ལུས་བདེ་བ་དང་སེམས་སྐྱིད་པའི་རང་དབང་ཞི་བདེའི་གོ་སྐབས་ཤིག་ཡོང་རེ་རྩ་བྲལ་ཡིན་པ་འདས་པའི་མྱོང་ཐོག་ནས་བདེན་ར་གསལ་བོ་འཕྲོད་ཡོད་པར་བརྟེན། ད་ནི་བོད་མི་ཚང་མས་ལྷ་གཅིག་གསོལ་བ། ལམ་གཅིག་རྡོག་པའི་དཔེ་ལྟར། ཉི་མ་དེ་རིང་བཟུང་ཚང་མས་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ། དམིགས་ཁ་གཅིག་ཏུ་བསྒྱུར་ཏེ། གཏད་ཁ། ཁྲམ་ཁ། ཟོར་ཁ། ཕུར་ཁ་ཐམས་ཅད་རྒྱ་ནག་པེ་ཅིང་མཁར་ནང་གི་བདུད་སྡིག་ཏོ་ཅན་གྱི་ཁྱུ་ཚོགས་ལ་དམིགས་ཏེ་འཕེན།དྲག་སྔགས་ཀྱིས་བསྡིགས་ཤིང་གཟིར་བར་བྱ། སྐྱོབ་པའི་ལྷ་བྲལ་ཉམ་ཐག་རྒྱ་དམར་དཔོན་ངན་འདི་ཚོའི་གཤེད་མ་རང་གཤེད་རང་ལ་ཕོབས། རང་ཁྲག་རང་གིས་འཐུང་། རང་ཤ་རང་གིས་ཟོ། རང་སྲོག་རང་གིས་ཆོད། བོད་གངས་ཅན་གྱི་དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་རྒྱ་དམར་གུང་བྲན་ཏང་གི་གཤེད་དུ་ཕོབས་ཤིགཅེས་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་ཤིང་། སྐྱེ་འཆི་མེད་པའི་དབྱིངས་ན་གཟིགས་བཞིན་པའི་བོད་གངས་ཅན་གྱི་གཅེས་ཕྲུག་ཚོའི་ཡ་ང་བའི་དཔའ་ཉམས་དང་། འགྲན་ཟླ་མེད་པའི་ཐུགས་སྟོབས། གཟི་འོད་འཁྱུག་པའི་ཐུགས་རེ་བཅས་བསམ་བཞིན་བདེན་པ་བདར། གྲོགས་སུ་སྦྲན། འཕྲིན་ལས་བཅོལ། མཐར་ཚད་མེད་ཡོན་ཏན་དང་། ཐུགས་དམ་གནད་བསྐུལ་གྱིས་བརྒྱན་ཏེ་དགེ་བ་རྫོགས་བྱང་དུ་བསྔོ་བར་བྱའོ།།སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི། །བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།།ཅེས་ཀྱང་བརྗོད། འདིས་ཀྱང་། བོད་མི་ཤི་གསོན་ཐམས་ཅད་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ། སྤྱི་ནོར་༧གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་བ་མཆོག གང་གི་འཁྲུངས་ཡུལ་བོད་གངས་ཅན་གྱི་ལྗོངས་སུ་ཆིབས་ཁ་མྱུར་དུ་བསྒྱུར་ཏེ། བརྗིད་ཆགས་ཕོ་བྲང་པོ་ཏ་ལའི་མི་འཇིགས་སེང་ཁྲི་མཐོན་པོར་ཞབས་སེན་བཀྲ་ཤིས་རེ་ཁ་མངོན་པར་བཀོད་ནས། གཞིས་བྱེས་མཉམ་འཛོམས་ཀྱི་བཀྲ་ཤིས་རྫོགས་ལྡན་གསར་བའི་ཉི་མ་མྱུར་བ་ཉིད་དུ་བསུ་བའི་རྒྱུར་སྨོན་པའོ།།
ས་མཐའི་སྤྲང་རྒན་པདྨ་གདུང་བཙན་དུ་འབོད་པས། ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པར་གྱུར་ཅིག།།

འཕྲིན་ཡིག

Post navigation

Previous Post: རྡ་རམ་ས་ལའི་ཁ་སང་དེ་རིང་།
Next Post: སེམས་འགྱུ་རབ་རིབ།

Comments (16) on “༄༄། །དབང་དྲག་འཕྲིན་ལས་ལ་བསྐུལ་བ།”

  1. རང་གྲོལ། says:
    2012-09-03 at 9:07 am

    བོད་མི་ཚང་མས་དེ་དེ་བཞིན་བགྱིད་ཅིག

  2. ཁྱབ་འཇུག says:
    2012-09-03 at 11:54 pm

    གསུང་བ་ལེགས ང་ཚོའི་ཆོས་པ་ཚོར་མཐུ་ནུས་ཤིག་ཡོད་ན་སྟོན་རན། རྫུ་འཕྲུལ་ཞིག་ཡོད་ན་བཀོད་རན།

  3. ལུང་རྟོགས། says:
    2012-09-04 at 12:36 am

    ད་ཡིན་ན་ལྷ་མི་གཉིས་ཀས་ཤུགས་རྒྱོབས།

  4. པདྨ་གདུང་བཙན། says:
    2012-09-04 at 1:16 am

    མཚུངས་མེད་ཁ་བརྡ་རྩོམ་སྒྲིག་པ་ལྷན་རྒྱས་ལ། ཆེད་ཞུ།
    དེ་ནས་བདག་གི་རྩོམ་ཐུང་། དབང་དྲག་འཕྲིན་ལས་ལ་བསྐུལ་བ་ཞེས་བྱ་བ་དེ་མ་ཐག་དྲ་ངོས་སུ་འགོད་འཇོག་གནང་བར་ཐུགས་རྗེ་ཆེ། ཁྱེད་རྣམ་པ་ཚང་མའི་སྐུ་ཚེ་རིང་ཞིང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་འདེབས།
    པདྨ་གདུང་བཙན་ནས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ལ། ཕུལ།

  5. ཨ་ར་དཀར་པོ says:
    2012-09-04 at 7:27 am

    ཞིང་བཅུ་ཚང་བའི་དགྲ་བོར་བཟུང་ནས་བསྒྲལ་བར་བྱ་ཞེས་པ་འདི་ལ་དགའ་བསུ་་ཡོད། བསྒྲལ་ནས་ཞིང་ཁམས་དག་པར་འཕེན་པར་བྱ་ཞེས་པ་འདི་ལ་མོས་མཐུན་མེད། འཕེན་ཐུབ་ན་མ་གིའི་དམྱལ་བར་འཕེན་དགོས།

  6. སྒོ་དམུ་རྒྱལ་ལྡེ། says:
    2012-09-05 at 2:02 am

    ཆོས་ལུགས་ནི་སེམས་ཁམས་བཅོས་བྱེད་ཀྱི་ཐབས་བླ་ན་མེད་པ་ཞིག་རེད། དེ་ལ་གུས་པ་དང་མོས་པ་ཡོད། ལྷ་འདྲེ་ལ་སྐྱབས་བཅོལ་ནས་ད་བར་རང་རེ་ལ་གནོད་པ་ལས་ཕན་པ་ཆེན་པོ་ཞིག་བྱུང་ཨེ་ཡོད་ཞིབ་ཏུ་དཔྱད་དགོས། རྒྱ་ནག་ལ་ད་ལོ་ངོ་རྒོལ་ཆེན་པོ་ཞིག་བྱུང་རྒྱུ་རེད་ཅེས་ས་ཕྱོགས་ཀུན་ཏུ་རྒྱུ་སྔ་མོ་ནས་གླེང་གི་འདུག ངོ་རྒོལ་ཆུང་ཆུང་རེ་མུ་མཐུད་དུ་བྱུང་གི་འདུག དེ་ཙམ་གྱིས་རྒྱལ་ཁབ་ལ་འགྱུར་བ་འགྲོ་རྒྱུ་དཀའ་མོ་རེད། བན་བོན་ཡོངས་ལ་གནའ་སྔ་མོ་ཞིག་ཏུ་གཏད་། མནན། འཕང་། བསྲེག་ཟེར་བའི་ཁ་ཕོ་ཆེན་པོ་ཞིག་ཡོད་འདུག་སྟེ། ད་ལྟ་ང་ཚོའི་མི་རབས་མིང་གི་ལྷག་མར་གྱུར་ནས་མེད་དམ། གལ་ཏེ་གནའ་སྒྲུང་ནང་གི་མཐུ་ཆེན་དེ་འདྲ་རེ་ཡོད་ན་དགའ་བ་ལ། ད་སྟོན་རན་འདུག བུ་ཕོ་རྒོད་ཚོ། ཕ་རོལ་པོ་བྱད་མ་ལྷ་སྲུང་དང་བཅས་མིང་མེད་ཆོས་ཀྱི་དབྱིངས་སུ་འདྲེན་ཐུབ་ན། དེ་དུས་ངའི་ཀྱང་མགོ་སྐྲ་བཅད་ནས་ཤཱཀྱའི་བསྟན་ལ་ཞུགས་ཏེ་སྒོ་གསུམ་དགེ་ལ་འབད་ངེས་ཡིན། ཕོ་རྒོད་ཚོ། མ་འཕྱུག སྐུ་ཚེ་རིང་།

  7. ཤར་ཕྱོགས་ཁུག་རྟ། says:
    2012-09-05 at 2:05 am

    ཐ་སྙད་ལ་དབང་འབྱོར་བ།

  8. མངའ་རིས་ཕྲིན་ལས། says:
    2012-09-05 at 2:10 am

    དཀའ་ལས་ཁག་པོ་རེད་མཐུ་རྟུག་པ་གཉིས་དེ་བཙིར་ན་དཀོན་ཟེར་བ་རེད། དེ་བས་དེང་དུས་རིགས་གསར་འཕྲུལ་ཆས་ལ་བརྟེན་པའི་གད་རྫས་ཁོ་རང་ངན་ཡོང་།

  9. མིང་མེད་རྡོ་རྗེ་ says:
    2012-09-05 at 2:15 am

    ་་་་་་་་་་་་་་་་་་། ཕྱིར། བཟློག་པར་འགྱུར་ཅིག མེད་པར་འགྱུར་ཅིག ཞི་བར་འགྱུར་ཅིག །

  10. པདྨ་གདུང་བཙན། says:
    2012-09-05 at 4:54 am

    བོད་ཀྱི་རང་དབང་སླར་གསོའི་ཆེད། རང་གི་གཅེས་པའི་ལུས་སྲོག་མཆོད་མེར་བསྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་དཔའ་མཛངས་ཐུགས་སྟོབས་ཡིད་ལ་དྲན་བཞིན། མཆོག་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་གདུང་ཤུགས་དྲག་པོས་བདེན་པ་བདར་ཞིང་འཕྲིན་ལས་བསྐུལ། བོད་མི་ཚང་མས་སེམས་ཀྱི་དམིགས་པ་རྒྱ་ནག་པེ་ཅིང་མཁར་ལ་གཏད་དེ་རང་རང་ཡི་དམ་ང་རྒྱལ་བརྟན་པོས་བཟློག་སྒྱུར་ཡང་ནས་ཡང་དུ་མཛོད། དེ་ལྟར་བགྱིས་ན། ༧གོང་ས་ཆེན་པོ་རང་ཡུལ་གངས་ལྗོངས་ཞིང་དུ་གདན་འདྲེན་ཞུ་བའི་འགལ་རྐྱེན་བར་ཆད་ཕྲ་རགས་ཐམས་ཅད་མི་མངོན་དབྱིངས་ནས་བཟློག་པར་འགྱུར། དེང་སང་རྒྱ་མི་དམར་བོའི་རླུང་རྟ་ཆག དབང་ཐང་ཉམས། བསོད་ནམས་ཟད་དེ་ཁ་ཐུར་ལ་བལྟས་ནས་འགྲོ་བའི་སྐབས་དང་འཁེལ་བས། མཐུ་དང་ནུས་པ་སྤྲད་ན་མྱུར། ཚང་མས་རིག་པ་སྒྲིམས་ཤིག ཆོས་ཕྱོགས་ནས་རིག་པ་སྒྲིམས་ཤིག སྲིད་ཕྱོགས་ནས་རིག་པ་སྒྲིམས་ཤིག རྒྱ་དམར་སྲིད་དབང་སང་འཐོར་གནངས་འཐོར་རེད། བོད་མི་གང་མང་མང་གིས་འདི་དོན་མཁྱེན་རྟོགས་ཡོང་ཆེད། དྲ་ཐོག་ཏུ་བསྟར་བ་ཡིན། བཤད་ཚོད་ཙམ་ཡིན་འགྲོ་མ་བསམ། སྣང་བ་དག་པའི་སྐད་ཆ་རེད་མ་བསམ། བོད་རེ་བས་འཕུང་གི་རྣམ་ཐར་སྐྱོང་བར་མ་འདོད། བདེན་པ་མིག་མདུན་དུ་ལྷུང་འོང་ངེས་ཡིན། བོད་མི་ནང་ཁུལ་དུ་དོན་མེད་རང་བཙན་དང་དབུ་མ། བོད་གཞུང་དང་བོད་མིའི་སྒྲིག་འཛུགས་བར་རྩོད་གླེང་འཐེན་འཁྱེར་གྱིས་དུས་ཚོད་འཕྲོ་རླག་ཏུ་མ་གཏོང་། བོད་མི་ཚང་མ་རྡོག་ལ་སྒྲིལད་ཅིག དཔུང་གདང་སྒྲིགས་ཤིག བསྟན་དགྲ་རྒྱ་དམར་གུང་བྲན་ཏང་གི་ངན་མཚང་རྗེན་པར་ཕྱུངས་ཤིག བདུད་སྲོག་རྩད་ནས་ཆོད་ཅིག བླ་མཁར་རྨང་ནས་བཤིག་ཤིགས། མི་རིགས་གཞན་དང་བསྡུར་ན། ང་ཚོ་བོད་མིའི་གྲངས་འབོར་ཧ་ཅང་ཉུང་ཉུང་རེད། ཉུང་ངུ་ལས་མེད་པ་འདི་ཡང་ནང་ཁུལ་ནས་མ་མཐུན་ན། དོན་ཆེན་འགྲུབ་རྒྱུ་ཁག་པོ་ཡིན། འདི་དུས་རྒྱུན་ཐུགས་དཀྱིལ་དུ་འཛིན་འཚལ། ཆོས་རྒྱུད་དང་། ལུང་ཚན་དང་ས་ཕྱོགས་ཀྱི་ཞེན་ཁ་རགས་པའི་དབང་དུ་སོང་ནས་བོད་ཀྱི་རྩ་དོན་ལ་དོ་ཕོག་ཕྱིན་ན། འགན་བློས་བཟོད་ཐབས་ག་ལ་ཡོད། བོད་ཀྱི་མེས་པོ་བཀའ་དྲིན་ཅན་ཚོའི་ཞབས་འདྲེན་དང་། བོད་མི་ས་ཡ་དྲུག་གི་རྐང་འདྲེན་པ་རེད། ཚང་མས་བག་ཡོད་བསྟེན་པར་རིགས།
    ཁྱད་པར་དུ། ༧གོང་ས་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས། སྔོན་གྱི་རྨད་བྱུང་ཐུགས་བསྐྱེད་དམ་བཅའ་བརྟན་པོ་བདག་གིར་བཞེས་ཏེ། ད་བར་ཐུགས་བརྩེ་བ་ཆེན་པོས་བསྐྱངས་དང་སྐྱོང་མུས་ཀྱི་བཀའ་དྲིན་རྗེས་དྲན་དང་བཀའ་དྲིན་བསམ་ཤེས་ཐོག རང་རང་གི་སྒོ་གསུམ་གྱི་སྤྱོད་པར་ཉིན་དང་མཚན་དུ་བྱ་ར་དམ་ནན་གནང་ནས། ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་སྒོ་ནས། ༧གོང་ས་ཆེན་པོར་དྲིན་ལན་ལོག་འཇལ་གྱི་ཉེས་ལྟུང་ཆ་ཕྲ་མོས་ཀྱང་མ་རེག་པ་གནང་ཐབས་དང་། ཅི་སྟེ། མ་རྟོགས་ལོག་རྟོག་དང་། དངུལ་དངོས་བསླུ་བྲིད་ཀྱི་དབང་དུ་ཤོར་ནས་དམ་ཚིག་ཉམས་སྐྱོན་བྱུང་ན། དེ་མ་ཐག་ལམ་ནོར་ལྡོག་ཤེས་ཀྱིས་སྔར་འགྱོད་ཕྱི་སྡོམ་ལེ་ལང་མེད་པ་གནང་སྐྱོང་བཅས། སྙིང་འདི་ཕྱིར་ཕྱུངས་བསྟན་ཡང་ཤ་རྡོག་ཅིག ། སྙིང་གཏམ་ངོ་མ་ཡིན་ནོ་བོད་མི་ཚོ། །སྙིང་དང་འདྲ་བའི་བོད་མི་སུ་ཡིན་ཡང་། །སྙིང་གཏམ་འདི་ཡིས་སྙིང་ལ་ཕན་པར་ཤོག ། བོད་རྒྱལ་ངེས་ཡིན།

  11. མིང་མེད་རྡོ་རྗེ་ says:
    2012-09-05 at 5:50 am

    པད་མ་གདུང་བཙན་ལགས་ནི།

    པད་ཚོགས་ཡེ་ཤེས་དྭངས་གཙང་ལ། །
    མ་ལྟར་བྱམས་པའི་ཕན་སེམས་ཅན། །
    གདུང་སེམས་བོད་ལ་བཅངས་པ་འདི་། །
    བཙན་པོའི་གདུང་རུས་འཁྲུལ་མེད་རེད། །

  12. གནམ says:
    2012-09-05 at 6:23 am

    མི་བུ་པད་མ་བཙན་འདི་སེམས་ཤུགས་ཅན།
    བོད་ལ་རེ་བ་ཡོད་པའི་མཁྱེན་པ་ཅན།
    ལྷ་སྲུང་དཀར་དམར་སོགས་ལ་འབོད་པ་ཅན།
    ང་ལ་མཚོན་ན་བོད་ལ་དགོས་མཁོ་ཅན།

  13. མིང་མེད་རྡོ་རྗེ་ says:
    2012-09-06 at 12:36 am

    ཀརྨ་རྡོ་རྗེ།
    ༢༠༡༢/༠༩/༠༦ ཉིན་འདོན་སྤེལ་བྱས།
    དེ་རིང་ཞི་ཅིན་ཕེན་གྱི་ལྟག་རྒྱབ་ལ། ལྷ་ལུང་དཔལ་གྱི་རྡོ་རྗེའི་མདའ་ཕོག་པ་རེད་ཟེར།

  14. མིང་མེད་རྡོ་རྗེ་ says:
    2012-09-06 at 12:42 am

    མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེ། །

  15. པདྨ་གདུང་བཙན། says:
    2012-09-06 at 5:26 pm

    ཐམས་ཅད་ལ་ཐུགས་སྣང་བྱུང་ཡོད་མེད་མི་ཤེས། གང་ལྟར་དབང་དྲག་འཕྲིན་ལས་ལ་བསྐུལ་བའི་རྩོམ་ཐུང་འདི། གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད། གཟའ་ཟླ་བ། དབྱིན་ཟླ་ ༩ ཚེས་ ༣ ཉིན། ཁ་བརྡ་དྲ་ཐོག འདིར་བསྟར་བ་རེད། དེའི་ཕྱི་ཉིན་རེས་གཟའ་མིག་དམར། ཕྱི་ཚེས་ ༤ ཉིན། གློ་བུར་དུ། སུ་ཡིན་ངོ་ཐག་མི་ཆོད་པའི་མི་ཞིག་གིས། མ་འོང་རྒྱ་དམར་གྱི་འགོ་ཁྲིད་མཐོ་ཤོས་སུ་ངེས་པ་ཞི་ཅིན་ཕིན་ལ་འཇབ་རྒོལ་གྱིས་ལྐོག་གསོད་བྱ་རྩིས་བྱས་ཚུལ་དང་། དེས་རྐྱེན་པས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧེ་ལི་རི་དང་ཐུག་འཕྲད་ཀྱི་ལས་རིམ་ཡང་ངང་འཐེན་བྱ་དགོས་བྱུང་འདུག དེ་རིང་གསར་དུ་གོ་བའི་གནས་ཚུལ་ལྟར་ན། སྐབས་དེར་ཁོའི་རྒྱབ་ལ་རྨས་ལྗིད་མོ་ཕོག་སྟབས། ད་ཆ་པེ་ཅིང་གི་༣༠༡ སྨན་ཁང་དུ་བསྐྱལ་ཡོད་ཚུལ་འདུག ཚང་མས་མུ་མཐུད་དུ། རྒྱ་ནག་པེ་ཅིང་མཁར་གྱི་ཕྱོགས་ལ་དམིགས་པ་གཏོད། བཟློག་སྒྱུར་ཡང་ཡང་གྱིས། ད་ནི་རྒྱ་གུང་བྲན་འདི་ཁ་བཏགས་ཞབས་སློག་བྱེད་པའི་དུས་ལ་བབས།

  16. jamgay says:
    2017-10-27 at 8:44 am

    #8 མངའ་རིས་ཕྲིན་ལས། ་ལགས་ཀྱིས་སྤེལ་དོན།:
    September 5th, 2012 at 2:10 am
    དཀའ་ལས་ཁག་པོ་རེད་མཐུ་རྟུག་པ་གཉིས་དེ་བཙིར་ན་དཀོན་ཟེར་བ་རེད། དེ་བས་དེང་དུས་རིགས་གསར་འཕྲུལ་ཆས་ལ་བརྟེན་པའི་གད་རྫས་ཁོ་རང་ངན་ཡོང་། འདྲ་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme