Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧ཞི་བདེ་གླིང་པའི་འཁྲུངས་སྐར་ལ་མཆོད་སྤྲིན་དང་སྨོན་ལམ་ཞུ།

Posted on 2012-07-06 By ཁ་བརྡ་ 3 Comments on ༧ཞི་བདེ་གླིང་པའི་འཁྲུངས་སྐར་ལ་མཆོད་སྤྲིན་དང་སྨོན་ལམ་ཞུ།

ཨེ་མ་ཧོཿ

ཨེ་ཝྃ་ཞི་བདེ་གླིང་པའི་ཕྲིན་ལས་གར། །
དོན་གཉིས་ཡིད་བཞིན་ནོར་བུའི་སྙིང་ཐིག་གི །
བསྟན་འཛིན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེའི། །
བཞེད་དོན་ལྷུན་གྲུབ་སྐུ་ཚེ་རབ་བརྟན་ཤོག །
ཤྲྰིས་སྙིང་ནས་སྨོན་པ་དགེའོ། །

སྙན་ངག

Post navigation

Previous Post: འཁྲུངས་སྐར་ལ་ཕུལ་བའི་མཆོད་སྤྲིན།
Next Post: ༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར།

Comments (3) on “༧ཞི་བདེ་གླིང་པའི་འཁྲུངས་སྐར་ལ་མཆོད་སྤྲིན་དང་སྨོན་ལམ་ཞུ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-07-06 at 5:11 am

    ཨེ་ཝྃ་དབྱངས་གསལ་སོ་སོ་ལ། །
    ཨེ་ཝྃ་ཕོ་མོའི་ཐབས་ཤེས་སྦྱར། །
    ཨེ་ཝྃ་ཐབས་ཤེས་ངོ་བོ་གཅིག །
    ཨེ་ཝྃ་གཅིག་ཉིད་གཉིས་སྟོན་མཁས། །
    བཞེད་འདོད་ལྷུན་གྱིས་གྲུབ་པར་ཤོག །

    ཨེ་ཝྃ་ཐབ་ཤེས་ཟུང་དུ་འབྲེལ། །
    ཨེ་ཝྃ་བདེ་གསལ་མི་རྟོག་འཕེལ། །
    ཨེ་ཝྃ་བདེ་སྟོང་ཟུང་འཇུག་སྤེལ། །
    ཨེ་ཝྃ་རང་གཞན་དོན་སྟོན་མཁན། །
    ༸སྐུ་ཚེ་ཡུན་གནས་རབ་བརྟན་ཤོག །

  2. ཆུ་ཐིགས། says:
    2012-07-06 at 11:56 am

    ༑ །དྲོ་སྐྱིད་ཀྱི་ཉི་མ། མུན་སེལ་གྱི་ཟླ་བ། ཞིང་བསིལ་གྱི་སྐར་ཚོགས། འཛམ་གླིང་གི་མགོན་སྐབས། ས་སྟེང་གི་སྐྱབས་མཆོག ཕན་བདེ་ཡི་གཞི་རྩ། འུ་ཅག་གི་བླ་མ། འདི་ཕྱི་ཡི་རེ་སྐྱབས། ཡིད་བཞིན་ནོར་མཆོག་ཁྱེད་ཉིད་ནི། སྒྲིབ་བྲལ་གྱི་དག་པའི་ཞིང་ཁམས་ནས་རྨད་བྱུང་གི་ཐུགས་བསྐྱེད་སྟོབས་ཀྱིས་འཁྲུག་རྩོད་ཀྱི་མཚོན་ཁ་བརྡོལ་བའི་གོ་ལ་འདིར་བསམ་བཞིན་སྲིད་པའི་ཚུལ་བཟུང་ནས་ད་བར་མི་ལོ་ཧྲིལ་པོ་དོན་བདུན་ཡུད་ཀྱིས་འཁོར་བའི་དེ་རིང་གི་བཀྲ་ཤིས་པའི་སྐུའི་འཁྲུངས་སྐར་དགེ་བའི་ཉིན་མོ་འདི་ལ་གུས་འབངས་སུ་ གཏོགས་པའི་ཉམ་ཆུང་བདག་གིས་དྭངས་ཤིང་གཙང་བའི་ལྷད་མེད་དད་གདུང་དྲག་པོ་སོར་མོའི་འདབ་མ་སྙིང་ཁར་ཟུམ་ཏེ་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང། བླ་ན་མེད་པའི་གསོལ་སྨོན་ཤུག་དྲག་ཏུ་འདེབས་པ་ནི། ཁྱད་ཆོས་བརྒྱད་ལྡན་གྱི་རྩ་བའི་བླ་མ་ཁྱེད་ཉིད་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཐུགས་བཞེད་ཇི་ཡོད་འབད་མེད་ལྷུན་གྱིས་འགྲུབ་པ་དང་མཛད་བཟང་ལ་ད་ལྟའི་མུ་བཞིན་ཡར་ཟླར་འཕེལ་བའི་སྨོན་ལམ་སྙིང་ཁོངས་རུས་པའི་གཏིང་ནས་འདེབས་པ་ལགས་སོ། །

  3. མིག་བརྒྱད་པ། says:
    2012-07-06 at 5:17 pm

    ༄༅།།གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ་བ་བློ་བཟང་གྲགས་པའི་དཔལ་གྱི་ངང་ཚུལ་མདོ་ཙམ་དུ་བརྗོད་པ་དད་པའི་པདྨོ་རྒྱས་པར་བྱེད་པའི་བསྟོད་ཚིག་གི་ཉི་མ་ཞེས་བྱ་བ་བཞུགས་སོ།།
    ན་མོ་མཉྫུ་གྷོ་ཥཱ་ཡ།
    བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ།།བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས།།
    གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ།།བློ་བཟང་གྲགས་པའི་དཔལ་ལ་གུས་ཕྱག་འཚལ།།དཔག་ཡས་ཚོགས་གཉིས་ཀུན་གྱི་རྩེ་མོར་སོན།།བགྲང་ཡས་རྒྱལ་བ་ཀུན་གྱི་རིང་ལུགས་འཛིན།།མཐའ་ཡས་འགྲོ་བ་ཀུན་གྱི་དགེ་བའི་བཤེས།བསམ་ཡས་ཡོན་ཏན་ཀུན་གྱི་གཏེར་ལ་འདུད།།གངས་ཅན་ཤར་ཕྱོགས་ཙོང་ཁའི་སྐྱེད་ཚལ་དུ།།དལ་འབྱོར་ཡོངས་འདུའི་རྩ་བ་རབ་བརྟན་ཅིང་།།ཡོན་ཏན་ཡལ་གས་ཕྱོགས་ཀྱི་མཐའ་འཇལ་བ།།སྙན་གྲགས་དྲི་བསུང་འཕྲོ་བ་ཁྱོད་ལ་འདུད།།དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས།།གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས།།སྤྱི་དང་ཁྱད་པར་གཞུང་ལུགས་མཐའདག་ལ།།རྨོངས་པའི་མུན་ཀུན་སངས་པ་ཁྱེད་ལ་འདུད།།སྙོག་བྲལ་ཚུལ་ཁྲིམས་བརྟུལ་ཞུགས་རྒྱ་མཚོ་ཆེར།།མང་ཐོས་ལུང་རིགས་ནོར་བུས་ལྷག་པར་གཏམས།།མཁས་མཆོག་ཀླུ་དབང་ཀུན་གྱིས་གུས་པས་སྟེན།།རྣམ་དཔྱོད་གཏིང་མཐའ་མེད་ལ་གསོལ་བ་འདེབས།།ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་བའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན།།དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།།བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ།།འདི་གསུལ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད།།ལ་ལ་རིགས་བྲལ་ལུང་གིས་གྲུབ་མཐའ་འཇོག།ཁ་ཅིག་ལུང་མེད་རིགས་པ་ལྟར་སྣང་རྩོམ།།ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན།།ལེགས་པར་འབྱེད་པ་ཁྱོད་ལ་གུས་ཕྱག་འཚལ།།ཁ་ཅིག་འདུལ་བ་གཙོར་བྱེད་གསང་སྔགས་སྤོང་།།གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག།རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ།།རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད།།མཚན་ཉིད་ཕྱོགས་བཟུང་གསང་སྔགས་ཟབ་ཆོས་དང་།།སྔགས་ཀྱི་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ།།མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ།།བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད།།ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག།ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར།།ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་ནས་ནི།།དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད།།འགའ་ཞིག་བཤད་པ་གཙོར་བྱེད་སྒོམ་ལ་སྨོད།།ལ་ལ་སྒོམ་གྱིས་ཆོག་འཛིན་ལུང་ལ་སྨོད།།བཤད་སྒྲུབ་གཉིས་ནས་ལུང་རྟོགས་དམ་པའི་ཆོས།།འཛིན་ཚུལ་གསལ་མཛད་ཁྱོད་ལ་གུས་པས་འདུད།།མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག།རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།།མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པར།།བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པ།།གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས།།རྟག་ཏུ་བསྔས་པར་འོས་པ་ཁྱོད་ལ་འདུད།།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།བདག་ཉིད་ཆེན་པོ་ཁྱོད་བཞིན་རྒྱལ་བའི་བསྟན།།བདག་པས་གཞན་གཅེས་ལྷག་བསམ་ཕུལ་བྱུང་གིས།།བདག་གིས་སྲོག་ལྟར་བསྲུང་བར་བྱིན་གྱིས་རློབས།།ཁྱོད་ལ་གཙོར་བྱས་ཧ་ཅང་མཆོག་འཛིན་གྱིས།།ཕྱོགས་ལྷུང་གདོན་གྱིས་ཐུབ་བསྟན་དཀྲུགས་པ་ཡང་།།དག་སྣང་ཕྱོགས་མེད་འབྱོངས་བ་ཁྱོད་ཉིད་ཀྱིས།།མྱུར་དུ་བསལ་ནས་བསྟན་འཛིན་མཐུན་གྱུར་ཅིག།།
    ཅེས་་གཙང་སྟག་ཚང་གི་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་དགེ་འཕེལ་ཆོས་འཁོར་སྒར་དུ་སྦྱར་བའོ།།
    སྟག་ཚང་ལོ་ཙཱ་བས་གོང་གསལ་རྗེ་ཙོང་ཁ་པའི་མཁྱེན་ཡོན་ལ་བསྔགས་པ་ལྟར། འདིར་སྙིགས་ལྔའི་རང་མཚང་མཚོ་ལྟར་རྡོལ་བ་དུས་ངན་གྱི་མཐའ་ལའང་སྐྱོན་གྱིས་མ་གོས་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ལ་ཡང་མཀྱེན་བརྩེ་ནུས་པའི་ཡོན་ཏན་དེ་དེ་བཞིན་དུ་མངའ་འོ་ཞེས་སྦྱར་ནས་དཔྱད་ན་འགལ་བ་མེད་ལ་ཚད་མས་ངེས་པ་བརྙེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme