Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༣)

Posted on 2020-09-01 By ཁ་བརྡ 1 Comment on དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༣)

བཞག་ལྡོམ་ལྗང་ལོ།

ཋམ་ནི་རྒྱ་ནག་དང་ཚོང་འབྲེལ་ཟབ་མོ་ཡོད་པ།

དང་པོ། སྤྱི་ལོ་༡༠༡༦ ལོ་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས། ཋམ་གྱིས་རྒྱ་ནག་ནི་གཡོ་རྒྱུ་སྣ་ཚོགས་ཅན་དང་། དྲ་སྟེང་གི་ཇག་པ་རེད་ཅེས་དང་། ངས་རྒྱ་ནག་ལ་དཔལ་འབྱོར་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་སོགས་བཤད་སྐབས། ང་རང་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་སུ། གཅིག་བྱས་ན་ཁོས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་ཐབས་ལ་ཅུང་ཙམ་འབད་ངེས་རེད་སྙམ་སྟེ་དགའ་བ་སྐྱེས་མྱོང་མོད། འོན་ཀྱང། ཁོས་ལོ་ངོ་བཞི་མ་ཟིན་ཙམ་ལ་ཨ་རིའི་སྲིད་འཛིན་བྱས་པའི་བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། བོད་དོན་དང་འགྲོ་བ་མའི་ཐོབ་ཐང་མ་དགོས་སྤྱང་གྲུང་ལྡན་པའི་སྒོ་ནས་ཨ་རི་བ་ཚོ་ལ་ཕན་པའི་ལས་དོན་གང་ཡང་རྒྱའི་ཕྱོགས་ནས་བྱེད་ཐུབ་མེད། ལྷག་པར་དེ་རིང་ཁས་ལེན་པ་ཡིན་ན་སང་ཉིན་འགྱུར་འགྲོ་བའི་མི་བརྟན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དང་། ནོར་འཁྲུལ་ཅན་ཀྱི་ཚོང་འབྲེལ་བྱེད་སྟངས་དེའི་རྐྱེན་གྱིས་ཨ་རིའི་ཞིང་བ་ཚོར་དཔལ་འབྱོར་གྱོང་གུན་རག་པ་དང་། རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱས་པའི་ཚོང་རྫས་རིན་གོང་ཡར་འཕར་ཡོད། ད་དུང་ཋམ་གྱིས་བཤན་ན། རྒྱའི་སྲིད་འཛིན་ཤིན་ཅིང་པིན་Xi Jinping ནི་ཁོོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པ་དང་། ཧོང་གོང་ལ་རྒྱ་ཡིས་དྲག་གནོན་བྱེད་པ་དང་། ཡི་གུར་བ་ཚོ་ངལ་རྩོལ་བཙོན་རར་ཁྲིད་པ་སོགས་ནི་རྒྱའི་གཞུང་གི་བདེ་འཇགས་ཆེད་དགོས་ངེས་ཅན་ཞིག་རེད་ཟེར་བ་ཡང་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད།

གང་ལྟར་ཉེ་ཆར་རྒྱའི་ནད་ཡམས་Covid-19ཀྱིས་ཨ་རི་བ་གྲངས་ལས་འདས་པའི་ཚེ་སྲོག་འཕྲོག་པ་དང་ལས་དཀའ་ཤོར་ཡང། ཋམ་ལ་དེའི་བསྐོར་སེལ་བའི་དོན་སྣང་དེ་ཙམ་མེད་ལ་ཐབས་ལམ་ཀྱང་མེད་པ་བརྟེན། ཨ་རི་བ་ཚོ་ཉིན་རེ་ནས་ཉིན་རེ་ཁོ་ལ་སུན་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག། ཨ་རིའི་སྲིད་འཛིན་འོས་བསྡུར་སླེབས་ཀྱི་ཡོད་པ་དང་གཉིས་ཀྱིས། ཡང་བསྐྱར་ཋམ་གྱིས་གོ་སྐབས་ནམ་བྱུང་ལ་ཚིག་མཛོད་ནང་གི་ཚིག་ངན་ཡོད་ཚད་རྒྱའི་སྟེང་ལ་བེད་སྤྱོད་བྱེད་ཀྱིན་ཡོད། ཡིན་ཡང་དེ་ནི་ཁོའི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་ལས་དོན་དངོས་སུ་ཁོ་ནི་ས་ཁང་ (Real estate career) གི་ཚོང་ཉེར་མཁན་ཞིག་ཡིན་པས། ཁོའི་ཁང་པ་བཟོ་བསྐྲུན་བྱ་བྱེད་ཀྱི་ལྕགས་རིགས་དང་རྒྱུ་ཆ་གཞན་སོགས་མང་ཆེ་བ་ནི་ཨ་རི་ནས་བཟོས་པ་མ་ཡིན་པར་རྒྱ་ནག་ནས་ཉོས་ཡོད་པ་འདི་ན་གསལ་བོ་བཤད་ཀྱི་འདུག: https://aflcio.org/2016/10/12/six-facts-donald-trumps-use-chinese-steel

ཧ་ཅང་ཉེ་བའི་ཆར་ཨ་རིའི་CNN གྱིས་༢༠༢༠/༧/༢༡/ གསར་འགྱུར་སྤེལ་བའི་ནང་ཐམ་གྱིས་ཁ་ནས་རྒྱ་ནག་ལ་ཁ་རྫིག་གཏམ་བཤད་པ་ལས་ལྐོག་ནས་རང་ཉིད་ཀྱི་ཆེད་དུ་ཁོའི་ཚོང་ལས་ཁང་གིས་རྒྱ་ནག་ནས་གྲངས་ལས་འདུས་ཚོང་ཟོག་ཉོ་བཞིན་ཡོད་པ་བཤད་འདུག་པས་དྲ་ཚིགས་འདི་རེད།: https://www.cnn.com/2020/07/21/politics/trump-org-china-imports/index.html

གཉིས་པ། ཨ་རིའི་ཁྲིམས་ལུགས་ལྟར་ན་ཨ་རི་བ་སུ་ཞིག་ལ་མི་མང་གི་གཞུང་ངམ་ཨ་རིའི་སྲིད་གཞུང་ནས་བྱ་བ་ཐོབ་རྗེས། ཨ་རིའི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་གོ་གནས་དེ་མི་མང་གི་ཆེད་དུ་འབད་དགོས་བ་ལས། སྒེར་དོན་དུ་བེད་སྤྱོད་ལོག་པ་བྱེད་པ་ཡིན་ན་ཁྲིམས་འགལ་ཡིན་མོད། འོན་ཀྱང། ཋམ་ལ་ཨ་རིའི་སྲིད་འཛིན་ཀྱི་གོ་ས་ཐོབ་པའི་ཉིན་ནས་ཁོའི་ནང་མི་དང་། གྲོགས་པོ་ཚོས་སྲིད་འཛིན་ཀྱི་དབང་ཆ་བེད་སྤྱོད་བྱས་ཏེ་གོ་སྐབས་ནམ་བྱུང་ལ་སྒེར་དོན་འགྲུབ་ཐབས་བྱེད་ཀྱི་ཡོད། དེའི་ཕྱིར། ཋམ་གྱི་བུ་མོ་Ivanka Trump ཨལྦཁའ་ཋམ་གྱིས་མོ་ལ་ཕོ་བྲང་དཀར་པོའི་ནང་ན་ཡོད་པའི་གོ་ས་བེད་སྤྱོད་བྱས་ནས་རྒྱ་ནག་གཞུང་ལ་ངོ་ལྐོག་གཉིས་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་བརྟེན། ཉེ་བའི་ཆར་རྒྱ་ནག་གཞུང་ནས་མོའི་གྱོན་ཆས་བཟོ་ཚོང་ཁང་ལ། དེབ་གསར་བ་དང་། ཁྱིམ་གྱི་གཡོ་བྱེད་གསར་བ། ཉལ་ཆས་གསར་བ་སོགས་སུ་ཚོང་རྟགས་trademarks གསར་བ་བདུན་ཙམ་སྒོ་འབྱེད་ཆོག་པ་བྱས་འདུག། གལ་སྲིད་དེའི་བསྐོར་ཤེས་འདོད་ན་འདི་ལ་ལྟོས: https://www.nytimes.com/2018/05/28/business/ivanka-trump-china-trademarks.htmltrademarks.html

གསུམ་པ་། ཋམ་གྱི་བུ་མོའི་ཁྱོ་ག་Jared Kushner རྒྱརནཁོཤོནར་ནི་ཡང་ཋམ་ལྟར་ས་ཁང་གི་ཚོང་ལས་New York ནེའུ་ཡོག་དང་ NewJersey ནེའུ་ལྗར་སེ་བཅས་ན་གཉེར་གྱི་ཡོད་ལ། ཨ་རའི་དྲ་སྟེང་བརྙན་འཕྲིན་ཁང་NETFLEX ལས་Documentary དངོས་ཡོད་བརྙན་འཕྲིན་Dirty Money ཞེས་བའི་ནང་དུ་Kushner ཁཤོནར་གྱི་ཁང་པ་བླས་བའི་མི་དག་ལ་དགོས་མེད་ཀྱིས་སྡིག་སྨོད་བྱེད་པ་དང་། གལ་སྲིད་ཁང་པའི་ཆུ་གློག་སོགས་སུ་སྐྱོན་བྱུང་ན་གནད་དོན་འདྲ་མིན་ལ་ཁ་གཡར་ནས་བཟོ་བཅོས་མི་བྱེད་པ། མི་རེ་འགར་Kushner ཁོཤོརནེ་ཁང་བ་དང་འབྲེལ་བ་མེད་ཀྱང་དེ་སྔོན་ཁྱེད་ཚོའི་ཁང་གླ་མ་སྤྲད་པས། ད་ལྟ་ཁང་ལ་སྤྲོད་དགོས་ཚུལ་དང་མ་སྤྲད་ན་ཁྲིམས་ཁང་ལ་གྱོད་གཏུག་གི་ཡིན་ཞེས་འཇིགས་སྣང་སྐུལ་བ་སོགས་མི་ཁ་ཤས་ཀྱིས་ཉམ་མྱོང་དངོས་སུ་བཤད་ཀྱི་འདུག

གང་ལྟར་Kushnerཁོཤོརནེ་དང་། ཁོའི་ནང་མིས་ཁོ་ལ་ཡོད་པའི་ཕོ་བྲང་དཀར་པོའི་གོ་ས་བེད་སྤྱོད་བྱས་ཏེ་རྒྱ་ནག་ནས་Kushner Company ཚོང་ལས་ཁང་གསར་བཟོ་བྱས་ཤིང། རྒྱ་ནག་པ་གང་མང་ཞིག་ལ་ཨ་རིའི་EB-5 program ཞེས་བའི་visa ལས་སླ་བོ་བཟོ་ཐབས་བྱས་ནས་ཨ་རི་ན་རང་གི་ཁང་བ་གླ་རུ་འཇུག་གི་ཡོད་པ་དེ་དག། ཨ་རིའི་་Washington ན་ཡོད་པའི་མི་མང་ཀུན་སྤྱོད་འགན་འཁུར་ཁང་གི་དབུ་འཛིན་ Noah Bookbinder ཀྱིས་Kushner བྱེད་སྟངས་དེ་དག་ཧ་ཅང་ནོར་འཕྲུལ་ཅན་དང་ཁྲིམས་ལ་གུས་ཞབས་མ་བྱེད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག། དེའི་བསྐོར་རྒྱས་བ་ཤེས་འདོད་ན་འདི་ན་འདུག:https://www.npr.org/sections/thetwo-way/2017/05/07/527282482/kushner-companies-pitch-to-chinese-investors-raises-conflict-of-interest-questio

སྣ་ཚོགས།

Post navigation

Previous Post: ཁྱོད་ཀྱིས་ང་ལ་ཨ་ཅེ་མ་འབོད་རོགས།
Next Post: འཆི་བདག་གཤིན་རྗེའི་ཕོ་ཉ།

Comments (1) on “དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༣)”

  1. བཞག་ལྡོམ་ལྗང་ལོ་། says:
    2020-09-06 at 10:19 am

    Tump ཤེས་འདོན་ན་། ངེར་བར་ཀློག་དགོས་བའི་དེབ་གསུམ་། !
    ༡,Tump གྱི་ཚ་མོས་བརྩམས་པའི་དེབ་too much and never enough
    ༢,Tump གྱི་རྒྱལ་སྲུང་བློན་ཆེན་ཀྱིས་བརྩམས་པའི་དེབ:The room Where it Happened
    ༣,Jeff Sharlet གྱིས་བརྩམས་པའི་དེབ་The Family

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme