Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་བཤེས་བློ་བཟང་དཀོན་མཆོག་རྒྱ་མཚོ་ལགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ངོ་སྤྲོད་དང་འབྲེལ་བའི་བཅར་འདྲི།

Posted on 2012-01-01 By ཁ་བརྡ་ 8 Comments on དགེ་བཤེས་བློ་བཟང་དཀོན་མཆོག་རྒྱ་མཚོ་ལགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ངོ་སྤྲོད་དང་འབྲེལ་བའི་བཅར་འདྲི།

བཅར་འདྲི་བ། སྤྱན་ཆབ།
དྲི་བ། ཁྱེད་དང་ཁྱེད་ཀྱི་སློབ་གཉེར་སྐོར་རགས་ཙམ་ཞིག་གསུང་རོགས་གནང།

ལན། ཕྲན་གྱི་མིང་ལ་བློ་བཟང་དཀོན་མཆོག་རྒྱ་མཚོའམ་དཀོན་མེ་ཟེར། ཕྱི་ལོ༡༩༦༦ལོར་ཨ་མདོ་རྔ་པའི་ཀ་ཉག་སྡེ་བར་སྐྱེས། དམའ་འབྲིང་བར་དུ་སློབ་གྲྭར་སོང། རང་ལོ་༡༥པ་ཕྱི་ལོ་༡༩༨༠ལོར་རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་བཤེས་གཉེན་དུ་མའི་དྲུང་ནས། བསྡུས་རྟགས་བློ་གསུམ་དང། རྣམ་འགྲེལ། དབུ་ཕར། གྲུབ་མཐའ། ལམ་རིམ། སྔགས་ཕྱོགས། སུམ་རྟགས་དག་གསུམ། སྙན་ངག སྒྲ་རིག་པ་བཅས་ལ་སྦྱངས་ཁུལ་བྱས། ཕྱི་ལོ༡༩༩༨ལོར་རྒྱ་གར་དུ་སླེབས་ནས་འབྲས་བློ་གླིང་གྲྭ་ཚང་དུ་འདུལ་མཛོད་གཉིས་ལ་སྦྱངས་པ་དང་བཀའ་པོད་གཞན་རྣམས་ལ་བསྐྱར་སྦྱོང་བྱས་པ་དང། ལྷག་པར་དུ་༸གོང་ས་མཆོག་གི་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་ཞིག་ཉན་རྒྱུའི་སྐལ་བཟང་ཐོབ། ཕྱི་ལོ་༢༠༠༡ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིགས་ལམ་དགེ་རྒན་བྱས་པ་ཡིན་པ་བཅས་རང་ཉིད་ངོ་སྤྲོད་རགས་བསྡུས་སུ།

དེ་ལས་མང་བ་། “དགེ་བཤེས་བློ་བཟང་དཀོན་མཆོག་རྒྱ་མཚོ་ལགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ངོ་སྤྲོད་དང་འབྲེལ་བའི་བཅར་འདྲི།” »

བཅར་འདྲི།

གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།

Posted on 2012-01-01 By ཁ་བརྡ་ 2 Comments on གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།

ཚྭ་རུ་མ་ཐབས་མཁས་ཀྱིས། ༼ཨོ་སི་ཁྲུའུ་ལེ་ཡ།༽
ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ
ཕ་ཁྱེད་ཀྱི་སྐུ་དང་བདག་གི་ལུས།།
ཕ་ཁྱེད་ཀྱི་གསུང་དང་བདག་གི་ངག།
ཕ་ཁྱེད་ཀྱི་ཐུགས་དང་བདག་གི་ཡིད།།
དོན་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།།
བདག་བདེ་ལེགས་སུ་འདོད་པ་ཀུན་གྱིས་དད་པ་དང་མོས་གུས་ཀྱིས་རང་ཅག་གངས་ཅན་པ་ཡོངས་ཀྱི་དཔལ་ལྡན་རྩ་བའི་བླ་མ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ལ་བཅོས་མིན་སེམས་ཀྱི་གཏིང་ནས་ཡིད་ཆེས་ཀྱི་དད་པ་སྐད་ཅིག་མ་རེ་སེམས་ལ་འབྱུང་ཕྱིར་སྒོ་ཀུན་ནས་ྋཁོང་དང་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ཡང་ནས་ཡང་དུ་བསམ་ཞིང་དྲན་པར་བྱ་དགོས་པ་ཡིན། དེ་ཡང་རྗེ་ཙོང་ཁ་པས། མཛད་པ་ཀུན་ལས་གསུང་གི་ནི།།མཛད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སངས་རྒྱས་རྗེས་དྲན་བྱོས།།ཞེས་པ་ལྟར་ང་ཚོས་ྋགོང་ས་མཆོག་ལ་དད་གུས་ངང་གསོལ་བ་འདེབས་བཞིན་ྋཁོང་གི་གསུང་ཆོས་དག་ལ་དོ་གལ་ཆེན་པོ་མི་བྱེད་པ་ནི་ང་ཚོ་བོད་པའི་ཆེས་ཞན་ཆ་ཆེ་ཤོས་ཤིག་རེད།

དེ་ལས་མང་བ་། “གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།” »

རྩོམ་རིག

སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།

Posted on 2012-01-01 By ཁ་བརྡ་ 4 Comments on སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།

ཅོག་རོང་གི་མྱི།
བབས་ཀྱང་རུང་མ་བབས་ཀྱང་རུང་། འབེབས་པ་ལས་མ་བབས་ན་དགའ་བའི་སྦྲང་ཆར་དུས་དེབ་ལ།
སྤྱིར་སྦྲང་ཆར་འགོ་བཙུགས་ནས་ལོ་འཁོར་སུམ་ཅུ་འགོར་བ་ནི་སྐྱོ་འོས་པའི་གནས་ཤིག་ཡིན་པ་མ་གཏོགས་དགའ་མོས་བྱེད་དོན་སྤུ་ཙམ་མེད་ལ་དོ་སྣང་བྱེད་དོན་ཡང་ཁྱོན་ནས་མེད། ཉེ་སྔོན་དྲ་ཐོག་ནས་སྦྲང་ཆར་ལ་རྟེན་འབྲེལ་དང་བསྟོད་པ་དང་རང་བསྟོད་རྒྱ་ཆེན་བྱེད་པ་དེ་མཐོང་ནས་གང་དང་གང་ལ་ནམ་རྒྱུན་རྗེས་སུ་ཡི་རང་བྱེད་ཐུབ་ཐུབ་ཀྱི་རང་བཞིན་ལྡན་པའི་བདག་གིས་རྗེས་སུ་ཡི་མི་རང་བའི་ཚིག་ག་གཅིག་གཉིས་ཙམ་བཤད་འདོད་བྱུང་། སྦྲང་ཆར་ནི་རྒྱུགས་ཁྱི་ཡིན།

དེ་ལས་མང་བ་། “སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།” »

སྣ་ཚོགས།

རྡོར་གདན་གྱི་༧གོང་ས་མཆོག་གི་མཛད་འཆར།

Posted on 2012-01-01 By ཤར་ཕྱོགས་ཁུག་རྟ། 7 Comments on རྡོར་གདན་གྱི་༧གོང་ས་མཆོག་གི་མཛད་འཆར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་རྗེས་ཕྱི་ལོ་ ༡༠༡༢ ཟླ་ ༡ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༡ པོ་ནས་…

དེ་ལས་མང་བ་། “རྡོར་གདན་གྱི་༧གོང་ས་མཆོག་གི་མཛད་འཆར།” »

གསར་འགྱུར།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme