ཁྱོད་སུ་ཡིན།
གོ་ཐོས་ལ་དེ་རིང་ནི་དོན་བོའི་དུས་ཆེན་རེད་ཟེར།
དེ་ནི་རྒྱའི་སྙན་ངག་པ་ཞིག་གི་འདས་མཆོད་ཀྱི་ཉིན་མོ་རེད་ཟེར།
ངས་བསམས་ན། ཁྱེད་ཀྱིས་ཀྱང་ཨང་དོ་འཕྲུག་བཞིན།
ལོ་མས་ལྕིབས་པའི་འབྲས་ཉོག་དེ་ཞིམ་མདོག་གིས་བཞེས་བཞིན་ཡོད་ངེས།
—– ཀླད་ཀྱི་གཏམ་མོ།
དེ་རིང་རྐྱེན་ཞིག་ལ་བརྟེན་ནས་སྐད་དང་ཤེས་ཡོན་གྱི་གཏམ་བཤད་ཅིག་ལ་ཉན་པ་ཡིན། སྔ་ལོའི་ལོ་མཇུག་ཏུ་འཚོགས་པའི་ཤེས་ཡོན་སྐོར་གྱི་ཚོགས་འདུ་ཐེངས་ལྔ་པའི་སྐོར་དེ་རེད། གྲོས་གཞི་དོན་ཚན་བཞི་ཡོད་པའི་ཐོག་མ་གཉིས་ནི། བོད་ཕྲུག་ཚོར་བོད་སྐད་དང་དབྱིན་སྐད་འབྱོར་ཐབས་དེ་ཡིན་གསུངས་སོང་། ཡུད་ཙམ་ཞིག་ལ་མགོ་བོ་འཁོར་བྱུང་། དེ་ནས་སྐད་དང་ཤེས་ཡོན་སྐོར་ལ་བསམ་བློ་བཏང་པ་ཡིན། སྐད་དང་སྐད་ཡིག་མེད་པར་ཤེས་ཡོན་སློབ་མི་ནུས་པ་དེ་དངོས་ཡོད་རེད། འོན་ཀྱང་། ཤེས་ཡོན་ཟེར་བ་འདི་དང་། སྐད་ཡིག་སློབ་སྦྱོང་ཟེར་བ་འདི་གཉིས་དོན་ཚན་གཉིས་རེད་དྲན་བྱུང་། སྐད་ཡིག་གི་སློབ་སྦྱོང་ནི་ མིང་གི་ཚོགས་དང་ཚིག་གི་ཚོགས་ ཚིག་ཕྲད་ཀྱི་ཚོགས་སོགས་བརྡ་སྦྱོར་གྱི་སྐོར་དེ་རེད། ཤེས་ཡོན་སློབ་སྦྱོང་ནི་ ཁྲིམས་དང་དཔལ་འབྱོར། རྩིས་དང་སྨན། དེ་མིན་གྱི་ཚན་རིག་སློབ་སྦྱོང་སོགས་རེད། དེས་ན། ངེད་ཀྱི་དྲི་བ་ནི། ཤེས་ཡོན་ཚོགས་འདུའི་དམིགས་ཡུལ་གྱི་གྲོས་གཞི་དང་གྲོས་ཆོད་ཀྱི་ཐོག་མ་གཉིས་ལ་ སྐད་ཡིག་སློབ་སྦྱོང་འདི་སླེབས་པ་དེ་ག་རེ་རེད། དངོས་གནས། འདིའི་སྐོར་གྱི་གནས་ཚུལ་གཤམ་གསལ་གྱི་འབྲེལ་ཐག་ཁག་ན་འདུག http://www.youtube.com/watch?v=kDPoNtba1n8 http://tibettimes.net/news.php?showfooter=1&id=2056 http://www.tibettimes.net/news.php?showfooter=1&id=2041&
ཁྱོད་སུ་ཡིན།
གོ་ཐོས་ལ་དེ་རིང་ནི་དོན་བོའི་དུས་ཆེན་རེད་ཟེར།
དེ་ནི་རྒྱའི་སྙན་ངག་པ་ཞིག་གི་འདས་མཆོད་ཀྱི་ཉིན་མོ་རེད་ཟེར།
ངས་བསམས་ན། ཁྱེད་ཀྱིས་ཀྱང་ཨང་དོ་འཕྲུག་བཞིན།
ལོ་མས་ལྕིབས་པའི་འབྲས་ཉོག་དེ་ཞིམ་མདོག་གིས་བཞེས་བཞིན་ཡོད་ངེས།
—– ཀླད་ཀྱི་གཏམ་མོ།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
དེ་རིང་སང་ཉིན། ཨ་རིའི་ནང་དུ་ནམ་མཁའི་མེ་འཁོར་(Sky Train)ཞེས་བའི་དེབ་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག དེབ་འདིའི་རྩོམ་པ་པོའི་མིང་ལ་ཁན་ཡོན་སམ་(Canyon Sam)ཟེར་ཞིང་། ཁོ་མོ་ནི་རྒྱ་མི་ཨ་རིར་གནས་སྡོད་མི་རབས་གསུམ་པའི་བུད་མེད་ཅིག་ཡིན་ཞིང་། ཁོ་མོས་ཨི་རིའི་སན་ཕུ་རན་སིས་སི་ཁོའི་མངའ་སྡེའི་གཙུག་ཁག་སློབ་ཁང་(San Francisoco State University )དུ་གསར་རྩོམ་སྒྱུ་རྩལ་མཁས་པའི་ལག་འཁྱེར( M.F.A)་བླངས་འདུག ཁོ་མོ་ལོ་རབས་བརྒྱད་ཅུའི་ནང་དུ་ཕྱིར་རང་གི་ཕ་ཡུལ་རྒྱ་ནག་ལ་བསྐྱོད་ཅིང་། ཞོར་ལ་བོད་ཡུལ་ལ་ཕྱིན་འདུག དེ་དུས།
བོད་ཁམས་ཀྱི་ཡུལ་ལྗོངས་དང་བོད་མིའི་འཚོ་བ་སྐྱེལ་སྟངས། བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ཀྱིས་། ཁོ་མོའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཡུལ་ཁམས་དེ་དང་དེའི་མི་རིགས་ལ་་བརྩེ་དུང་དམིགས་བསལ་ཆགས་འདུག
སྙན་བཟང་གཡུང་དྲུང་ཚེ་རིང༌།
————————————
སྐར་ཚོགས་རྒྱ་མཚོའི་འོག་ཏུ། རི་བོ་རྡ་རམ་ས་ལ་ནི་སེང་གེ་དཀར་མོ་རལ་བ་ནག་པོ་ཅན་ཞིག་གིས་ཆོས་འཆད་པའི་ཕྱག་རྒྱ་དང་བཅས་ཏེ་ཤར་ལ་གཟིགས་བཞིན་ཡོད་པ་དང་ཀུན་ནས་མཚུངས་ནའང༌། རི་བོ་འདིའི་གཡས་གཡོན་ཀུན་ཏུ་གྲག་འགུལ་ཅི་ཡང་མེད་པར་ལྐུགས་པའི་རྣམ་ཐར་འཛིན་པར་གཞིགས་ན། གནས་འདིར་གཉུག་མར་སྡོད་པའི་མི་རྣམས་ཀྱིས་དབྱངས་ཀྱི་འགྱུར་ཁུག་ལྡན་པའི་སྔུར་བ་རིང་མོ་ཧུར་ཧུར་དུ་འཐེན་བཞིན་ཡོད་པ་འདྲ། རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང༌། ད་དུང་ཐོག་ཁང་འགའ་རེའི་སྒེའུ་ཁུང་ལས་གློག་འོད་ལམ་ལམ་འཚེར་གྱིན་འདུག དེ་ནི་ཕར་བལྟས་ཚོད་ཀྱིས་མཁའ་མཐའི་སྐར་མ་འགའ་སྟབས་མ་ལེགས་པར་རི་བོའི་མགུལ་བར་ལྷུང་སྟེ་དངངས་སྐྲག་གིས་འདར་གྱིན་པའི་ཚོར་བ་ཞིག་བཅོས་མིན་དུ་སྟེར། ཁྱད་པར་དུ་རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་བ་ཚོའང་གྲུང་ཤ་དོད་པའི་ངང་ཕོ་བྲང་གི་མཐའ་འཁོར་དུ་ཡར་འགྲོ་མར་འགྲོ་བྱེད་པ་དང༌། ཚང་ཚིང་དུ་རྒྱས་པའི་ལྗོན་ཤིང་དག་གི་གསེབ་ཏུ་སྤྲེའུ་འགའ་མཆོང་ལྡིང་གིས་ལྗོན་རྩེ་ནས་མར་འབབ་པའི་སྒྲ་ཐོས་ཤིང༌། སུས་ཀྱང་མ་བཏབ་པའི་མེ་ཏོག་གི་དྲི་ཞིམ་ཞིག་རླུང་གིས་ཁྱེར་ཏེ་རི་བོ་འདིའི་ཕྱོགས་ཀུན་ཏུ་ཁྱབ་འདུག་པས། མུན་འོགསནས་བལྟས་ནའང༌། རི་བོ་རྡ་རམ་ས་ལ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད་ཨང༌།
སྐར་ཆེན།
ཨ་རིའི་ཁོ་ལོ་ར་སྒྲོ་སློབ་ཆེན་(Colorado College )གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་( Daniel Johnson) སྒྲ་ནལ་འཇོན་སོན་གྱིས་གསུངས་ན། དབྱར་དགུན་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་ནི་། མི་འབོར་( Population)དང་མི་སྒེར་བ་རེ་རེའི་ལོ་རེའི་ཡོང་སྒོ་( Income per capita) གནམ་གཤིས།( Climate) ཆབ་སྲིད་ཀྱི་སྒྲོམ་གཞི།( Political structure) རྩེད་འགྲན་བྱེད་ཡུལ་གྱི་རྒྱལ་ཁབ་( Host nation)བཅས་ལྔ་བོ་འདི་ལ་རག་ལས་ཀྱི་ཡོད་རེད་ཟེར།
དེ་ལས་མང་བ་། “ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་འདི་དག་ཡིན་ཟེར།” »
ད་སྔ་འགྲེམ་སྤེལ་ཟིན་པ་དང་གསར་དུ་དགྲམ་འགྱུར་གྱི་དེབ་དག
ན་གཞོན་རྩོམ་པ་པོ་དང་སྙན་ངག་པ། ཤིས་ཚང་ལྗང་མྱུག་ལགས་ནི་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་བརྩམས་ ཆོས་གང་མང་སྤེལ་མཁན་ཞིག་དང་། སྤྱི་ཚོགས་ཞབས་ཞུའི་ལས་རིགས་འདྲ་མིན་བརྒྱུད་པའི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ། ཁོས་བསམ་བློའི་ངར་ཤུགས་ལྡན་ཞིང་ན་ཟུག་དང་འགན་འཁྲི་མཆིས་པའི་རྩོམ་ཡིག་མང་བོ་ ཞིག་དེབ་ཚགས་དང་དྲ་བ་སོགས་སུ་སྔ་གཞུག་ཏུ་སྤེལ་བར་མ་ཟད། ཐེངས་འདིར་ཡང་ཁོས་དུས་ཡུནརིང་བོ་ཞིག་ལ་འབད་བརྩོན་གྱིས་བརྡ་དག་ཕྱེ་མ་ལེབ་དང་ ལེགས་ བཤད་ལྗོན་དབང་གཉིས་ཀྱི་ཚིག་དོན་གྱི་འགྲེལ་བའི་པོད་རེ་ལེགས་འགྲུབ་བྱུང་འདུག་ པས་འདི་ནི་བོད་མི་ཤེས་ཡོན་པ་ཞིག་གི་འགན་འཁྲི་དང་དུ་བླངས་པ་ཞིག་དང་བོད་ཡིག་ གི་མདུན་ལམ་ལ་འོད་སྣང་མི་ཆུང་བ་ཞིག་བསྩལ་སོང་བ་འང་སྨྲས་མེད་ཡིན་པར་སེམས་སོ། སྒེར་དོན་རྐྱང་བ་སྒྲུབ་པར་ཤིན་ཏུ་མཁས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་མི་མང་ བོ་ཞིག་ནི་བོད་ཡིག་དང་བོད་སྐད་ལ་སུན་སྣང་སྐྱེས་ཏེ་གཞན་ཞིག་ཏུ་འཐིམ་པར་སྤྲོ་བཞིན་ཡོད་མོད། བོད་ཡིག་དང་བོད་ཀྱི་རིག་གཞུང་།
བོད ལྷ་ཀླུ་གཉན་གསུམ། ཤ་དང་རུས་པ་འཐོར་ནས་རླུང་ཁ་ནས་ཟད་ཀྱང་།། སེམས་པ་བསམ་པ་འཐག་ནས་ཕྱི་མ་རུ་སོང་ཡང་།། ལས་དང་སྨོན་ལམ་ནོར་ནས་དམྱལ་བ་རུ་སྐྱེ་ཡང་།། རང་གི་འདམ་པའི་ལས་དེ་སྔ་མ་རང་འཕུད་འདོད།། མི་ཁ་ནག་པོ་ཞིག་གིས་སྔ་གཞུག་ནས་སྐོར་ཡང་།། ཁྲེལ་གཞུང་མེད་པའི་མི་ཚོགས་ཚུར་ཚུར་ལ་འདུ་ཡང་།། བྱམས་བརྩེ་བྲལ་བའི་མི་ལ་རེ་བ་ཞིག་མེད་ཀྱང་།། རང་ཉིད་མ་ཤི་བར་དུ་ཧུར་ཐག་རང་བྱེད་འདོད།། རྒྱ་ལ་འཕྲད་དུས་རྒྱ་ཟས་ཟ་ཁོམ་ཡང་མི་དགོས།། ཨ་རིར་སླེབས་དུས་གོས་གསར་ལུགས་གསར་ཡང་མི་འདོད།། རྒྱ་གར་བསྡོད་སྐབས་རྗེས་ལུས་པ་མགོ་རང་མི་གླེང་།། བོད་ཀྱི་མེས་པོ་དག་གི་རྗེས་ཤུལ་རང་མི་གཏོང་།། འཕྲུལ་གསར་ཡར་རྒྱས་ཟེར་ནས་གཡབ་རྒྱུགས་ཀྱང་མི་རན།། གཏད་སོ་མེད་པའི་ཤོག་དངུལ་བྲན་གཡོག་ཀྱང་མི་གལ།། གཞན་སྲོག་ཐབས་ཀྱི་བསྡུ་བའི་ཆབ་སྲིད་ཀྱང་མི་སྤྱོང་།། ཁྲེལ་དང་ཕྱི་ཐག་ཁོ་ནའི་མི་ཚེ་ཞིག་བསྐྱེལ་འདོད།།
ཤ་ཀླན་འཇམ་དབྱངས་གྲགས་པ།
ཕ་མའི་རེ་བ་རླུང་ལ་བསྐུར།།
བླ་མའི་གདམས་ངག་ཐོད་ལ་བོར།།
འབངས་ཀྱི་དད་པ་ཆུ་རུ་བསྐྱུར།།
ང་ནི་གཞན་བརྟེན་སྲིན་འབུ་ཞིག །
བོད ལྷ་ཀླུ་གཉན་གསུམ།
གཉིད་ན་གཉིད་ཡུན་རིང་ནས་སད་རྒྱུ་ཞིག་མེད་ན།།
ལྟོགས་ན་ལྟོགས་ནས་ཤི་བའི་ཐབས་ཤེས་ཤིག་ཡོད་ན།།
གཟེར་ན་གཟེར་ནད་འཕོག་ནས་རུལ་རྒྱུ་ཞིག་བྱུང་ན།།
རྒས་ནས་རྒས་ཤིང་འཁོག་པའི་སྡུག་བསྔལ་རང་ཤེས་ན།།
སུ་དང་འགྲོག་ན་ངོ་གཉིས་བྱེད་སྟངས་ཤིག་མེད་ན།།
གང་དང་འཕྲད་ཀྱང་རང་གཞན་གཅིག་པ་ཞིག་བྱུང་ན།།
ཅི་ཞིག་བཤད་ཀྱང་ངོ་ལྐོག་ཕྱི་ནང་ཞིག་མེད་ན།།
རིགས་རུས་དུངས་པ་ཟབ་པའི་འདུ་ཤེས་ཤིག་བྱུང་ན།།
ཡིག་ཆའདི་ཁམས་ནང་ཆེན་རྫོང་གིས་གཙོས་གྲོང་ཚོ་དང་ཡུལ་ཚོ་ཁག་༣༠་ལྷག་གི་ས་གནས་གང་སར་འགྲེམས་སྦྱར་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གིས་ས་གནས་ལ་དམ་དྲག་བྱས་ནས་ཉུང་མཐར་ཡང་ཁུལ་དེའི་བོད་མི་ཚོང་པ་ལྔ་འཛིན་བཟུང་བྱས་འདུག།
ཕྱི་ཚེས་༢༣ཉིན་། (Larry King) ལེ་རེས་ཁུན་གྱིས་༧གོང་ས་མཆོག་ལ་བོད་རྒྱའི་གནད་དོན་གཙོས་བའི་རྒྱལ་སྤྱིའི་གནད་དོན་འགའི་ཐོག་བཅར་འདྲི་བྱས་བ་ཞིག་འདི་ནས་གཟིགས་རོགས།
ཚན་པ་དང་པོ།
དེ་ལས་མང་བ་། “ཨ་རིའི་གསར་འགྱུར་བརྙན་འཕྲིན་སིས་ཨན་ཨན་(CNN)གྱི་སྟེང་དུ་༧གོང་ས་མཆོག་ལ་བཅར་འདྲི།” »
ཤ་ཀླན་འཇམ་དབྱངས་གྲགས་པ།
༡
ཝཱ་ཎའི་གནམ་གཤིས་དེ་གྲང་དུ་གྲང་དུ།།
རྐང་ཆུང་སེར་ཁ་དེ་ཆེ་རུ་ཆེ་རུ།།
ཀུན་དགའ་དོན་འགྲུབ་དེ་དཀོན་དུ་དཀོན་དུ།།
གྲྭ་རྐྱང་ལུས་པོ་དེ་ངལ་དུ་ངལ་དུ།།
ཟླ་བ་གཞོན་ནུ།
རིན་ཆེན་སྣང་བས་འཕྲོག་པར་མི་བྱེད་ཉི་མའི་འོད་ཀྱིས་མི་བཟློག་པ།།
ལང་ཚོ་ལས་བྱུང་ན་ཆུང་གི་ནི་མུན་པས་ལྟ་བ་འགོག་བྱེད་ཅེས།།
གསུངས་པ་འདི་ལས་མད་པའི་གཏམ་ཞིག་བུ་ཆུང་སྒྲ་འཛིན་བུ་གར་སྟོང༌།།
བདེན་པའི་ཐ་ཚིག་རིང་ནས་བསྒྲགས་ཀྱང་མངོན་སུམ་འབྲས་བུ་དེ་རིང་མཐོང༌།།
(ལུང་རིགས་རྒྱལ་གྱི་ཟིན་བྲིས་ནས་བླངས། )
ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་ནས་ཕྱིར་ཕེབས་སའི་སྒོ་དེ་ནི་ནམ་རྒྱུན་མི་གལ་ཆེན་དང་གྲགས་ཅན་རྣམས་ཕེབས་ས་མིན་པར། ཕོ་བྲང་གི་ནང་འཁོར་ཚོ་ཡར་མར་འགྲོ་སའི་གློ་སྒོ་ཞིག་རེད་ཟེར། གློ་སྒོ་དེའི་སྒོ་འགྲམ་དུ་ཨོ་བྷ་མའི་གད་སྙིགས་སྤུངས་ཡོད་པ་དེས་ལྷག་དོན་དུ་གཟིགས་སྐོར་འདི་དང་བསྟུན་ནས་༧གོང་ས་མཆོག་ལ་ཁྱད་གསོད་བྱས་ཡོད་པར་འདོད་མཁན་ཇེ་མང་རེད། ཨོ་བྷ་མས་༧གོང་ས་མཆོག་ཕོ་བྲང་ནང་དུ་གདན་འདྲེན་ཞུས་པ་ལེགས་ཀྱང་། ཁོང་ལ་ཕྱིར་ཕེབས་སྐྱེལ་ཡག་པོ་བྱས་མེད་པའི་སྐོར་འདི་ཐོག་མར་ NBC ཡི་གསར་འགོད་པ་ བྷུ་རེན་ཝེལ་ལམ་ Brian Williams ལགས་ཀྱིས་བསྒྲགས་ཡོད།
ཉེ་ཆར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མཛད་པ་དང་། དེའི་རྗེས་འབྲེལ་གྱི་གསར་འགྱུར་ཁག་ལས་ང་ནི་སླར་ཡང་མགོ་འཐོམས་པར་གྱུར། ང་མགོ་འཐོམས་པ་ནི་ཧ་ཅང་ཡིན་འོས་པ་ཞིག་སྟེ། ང་ལ་ཆབ་སྲིད་ཀྱི་སློབ་སྦྱོང་མེད་ཁར། འཛིན་སྐྱོང་གི་ཉམས་མྱོང་ཡང་མེད། དེ་ལས་ཀྱང་ཉེ་ཆར་འགྲོ་བཞིན་པའི་ “བོད་རྒྱ་འབྲེལ་མོལ་”གྱི་སྐོར་ལ་ཤེས་ཚད་ཧ་ཅང་ཞན་པ་ཡིན། དེ་བས་གོ་དོན་གསལ་པོ་ཞིག་འབྱིན་མི་ཐུབ། འོན་ཀྱང་གཤམ་གསལ་གྱི་མཐོང་ཚུལ་འདི་འགོག་མེད་དུ་སྐྱེས་བྱུང་། ཨ་རིའི་ནང་གི་གསར་འགྱུར་དག་ན། ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་གླེང་སློང་བྱེད་སྐབས། རྒྱ་གཞུང་ལ་ཁེ་གྱོང་གང་ཡོད་དང་། བོད་ལ་ཐོབ་ཤོར་གང་ཡོད་གཙོས་ མིའི་འཇིག་རྟེན་གྱི་དགོས་མཁོ་སྐོར་ཞིག་བརྗོད་ཡོང་གི་འདུག འོན་ཀྱང་། བོད་ཀྱི་ཕྱོགས་ནས་ འཇིག་རྟེན་སྤྱི་ཡོངས་ཀྱི་བདེ་སྡུག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དཀའ་སྡུག་སྐོར་གླེང་ཡོང་གི་འདུག མཚམས་རེར་གསར་འགོད་པ་དག་གིས་ཀྱང་། “སྔོན་མ་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན། ད་རྒྱ་གཞུང་གིས་ཞི་འགྲིག་བྱས་ན་དེས་འཐུས་དང་། དེ་མིན་བོད་མི་རིགས་ཀྱིས་རང་ཐོབ་རང་འོས་ཀྱི་རང་བཙན་འཐབ་རྩོད་བྱེད་མིན་ལ་དྭོགས་པ་མེད།”ཅེས་པ་ལྟ་བུའི་སྐད་ཆ་མ་གོ་སྟབས་གསར་འགྱུར་ལ་དོ་སྣང་ཡང་བྱེད་ཀྱིན་མེད་པའི་སྣང་བ་ཞིག་ཤར་བྱུང་། འདི་ངས་དུང་དཀར་སེར་པོར་མཐོང་བ་ཡིན་ནམ་ང་ཚོས་དུང་དཀར་སེར་པོར་བཟོས་པ་ཡིན། དྭོགས་པ་ཞིག་གོ།
ཨ་རིའི་རླུང་འཕྲིན་སིས་ཨན་ཨན་( CNN)གྱི་སྟེང་དུ་(Should Tibet be an Independent country ? ) ཟེར་བའི་འོས་ཤོག་ཞིག་བཀྲམས་ཡོད་ཅིང་། འོས་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་དང་དེའི་ཁ་གཏད་ཀྱི་གྲངས་ཀར་ལྡོག་ཕྱོགས་ནས་འགྱུར་ལྡོག་བྱུང་འདུག་། ཐོག་མའི་ཆར། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བརྒྱ་ཆ་བདུན་ཅུ་ལྷག་དང་ཁ་གཏད་གཅོད་མཁན་གྱི་བརྒྱ་ཆ་སུམ་ཅུ་ཙམ་ཡིན་མོད། དེ་རིང་། འོས་གྲངས་ལ་གནམ་ས་ལྟ་བུའི་འགྱུར་བ་ཕྱིན་འདུག ད་ལྟ། ཨ་རིའི་ཤར་ཕྱོགས་ཀྱི་མཚན་གྱི་ཆུ་ཚོད་བཅུ་དང་སྐར་མ་༢༥སྟེང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་༤༥༩༧དང་དེ་ལ་ཁ་གཏད་བྱེད་མཁན་གྱི་གྲངས་༢༣༤༡༣ཆགས་འདུག སྔ་མ་དེ་བརྒྱ་ཆ་༡༦ཙམ་དང་ཕྱི་མ་དེ་བརྒྱ་ཆ་༨༤ཙམ་ཟིན་འདུག བོད་རིགས་ཚོ། འོས་བླུགས་རོགས། སོ་སོའི་གྲོགས་པོ་གྲོགས་མོ་ཚོར་འབོད་སྐུལ་བྱས་ནས་འོས་བླུགས་རོགས། མུ་མཐུད་དུ་འོས་བླུགས་རོགས། རང་བཙན་གྱི་ཆེད་དུ། འོས་བླུགས་རོགས།- རང་བཙན་གྱི་ཆེད་དུ། ཚེ་སྲོག་དགྲ་ལ་ཤོར་བའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ། འོས་བླུགས་རོགས། བོད་མི་རིགས་ཀྱི་ཆེད་དུ། ཚེ་སྲོག་བློས་གཏོང་མཁན་གྱི་ཡབ་མེས་ཚོའི་ཆེད་དུ། འོས་བླུགས་རོགས། རང་བཙན་གྱི་ཆེད་དུ་། འོས་བླུགས་རོགས། འདི་ལ་བསྣུན་ནས་འོས་བླུགས་རོགས།
ཉེ་ཆར་ཕྱི་ཚེས་བཅུ་དྲུག་ཉིན། ཨ་རིར་རྟེན་གཞི་བྱས་བའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞེ་ཧྤང(Xie Feng) ་ཟེར་བ་ཨིས་མོའོ་རིས་ཆེས་མཐོའི་གཙུག་ལག་སློབ་ཁང་(Emory University)དུ་བཅར་ཏེ། ཉེ་བའི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། གསུང་བཤད་དང་འབྲེལ་ནས། ཁོང་གིས་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་ཡོང་གི་མེད་་རྐྱེན་ནི་བཙན་བྱོལ་བོད་གཞུང་གིས་ད་དུང་ཡང་རང་བཙན་རྩོད་ཀྱི་ཡོད་པས་རེད་ཟེར། ད་དུང་། བོད་ཁུལ་གྱི་དཔལ་འབྱོར་དང་འཕྲོད་བསྟེན། ཤེས་ཡོན་སོགས་རྒྱ་ནག་གཞུང་གི་ལྡབ་འགྱུར་གྱིས་ཡར་རྒྱས་བཏང་ཡོད་པའི་སྐོར་སྐྱག་རྫུན་ལུང་བ་གང་བཤད་འདུག ། ཞེ་ཧྤང་ཟེར་བ་འདིས་། ཨིས་མོའོ་རིས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་ཡང་སྐྱག་རྫུན་གྱི་ས་བོན་འདེབས་ཀྱི་འདུག
སྐར་ཆེན་།
ཁ་སང་། གློག་འཕྲིན་བརྒྱུད་ཁྱེད་རང་ཅུང་ཙམ་ན་བྱུང་ཟེར།
ན་བའི་རྐྱེན་གྱིས།
རི་ལྟར་སྤུངས་བའི་ལས་ཀ་དག།
རྗེས་སུ་ལྷག་སོང་ཟེར།
རྗེས་སུ་ལྷག་སོང་བསམ་པའི་སེམས་ཁྲལ་དེའི་དབང་གིས།
ཁྱེད་ཀྱི་ཕྲག་པ་བསྐྱར་དུ་མནན་བྱུང་ཟེར།
དྲན་པ། ངལ་གསོ་ཅུང་ཙམ་གནང་རོགས།
བསྟན་འཛིན་ཉིན་བྱེད།
ཇིའུ་མི་རིགས་ཚོས་ལོ་ངོ་ཉི་སྟོང་ལྷག་གི་རིང་བཙན་བྱོལ་གྱི་དཀའ་སྡུག་མྱོང་དགོས་བྱུང་བ་ནི་ང་ཚོ་ཚང་མས་མཁྱེན་གསལ་རེད། ལྷག་དོན་དུ་རྒྱལ་བ་རིན་པོ་ཆེས་དུས་རྒྱུན་དུ་ང་ཚོར་ཇིའུ་མི་རིགས་ཀྱི་འཐབ་རྩོད་ཉམས་མྱོང་ནས་བསླབ་བྱ་ལེན་དགོས་ཞེས་བཀའ་སློབ་མང་པོ་ཕེབས་ཡོད། དེར་བརྟེན་ངས་འདས་པའི་ཉིན་འགའི་ནང་ཇིའུ་མི་རིགས་ཀྱི་དཀའ་སྡུག་དང་འབྲེལ་བའི་ དཔེ་དེབ་ཅིག་བཀླགས་པ་མ་ཟད། གློག་བརྙན་ཞིག་ཀྱང་བལྟས་པ་ཡིན། གློག་བརྙན་འདི་ནི་རོ་མན་པོལནས་ཀིས་ Roman Polanski བཟོ་བསྐྲུན་གནང་པའི་ Pianist ཞེས་པ་འདི་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཇར་མན་ན་ཛི་སྲིད་གཞུང་ Nazi Germany གིས་ཡོ་རོབ་ཁུལ་དུ་ཡོད་པའི་ཇིའུ་མི་རིགས་ས་ཡ་དྲུག་ལྷག་ཙམ་སྡེབས་གསོད་བྱས་པའི་སྐོར་སྤྱི་དང་། དམིགས་དཀར་དུ་པོལན་ཏར་ Poland གཞིས་ཆགས་པའི་ཇིའུ་ཁྱིམ་ཚང་ནང་མི་ཞིག་གི་སྐོར་ཡིན་པ་མ་ཟད།
དེ་ལས་མང་བ་། “ཇིའུ་མི་རིགས་ཀྱི་དཀའ་སྡུག་ཉམས་མྱོང་ནས་བསླབ་བྱ་བླངས་བ།” »