
ན་གཞོན་རྩོམ་པ་པོ་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་འདུག
ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་བཞི་བའི་ཚེས་དྲུག་གི་ཉིན་གུང་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་རྒྱ་ནག་སྤྱི་སྡེ་མི་སྣ་བཅུ་དྲུག་ཙམ་ནུབ་བྱང་མི་རིགས་སློབ་གླིང་དུ་ཡོང་ནས་ན་གཞོན་རྩོམ་པ་པོ་གྲ་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་བྱས་འདུག ཐེའུ་རངལགས་ཀྱི་མིང་དངོས་ལ་བཀྲ་ཤིས་རབ་བརྟན་དང་ཞོགས་ལྗང་ལགས་ཀྱི་མིང་དངོས་ལ་འབྲུག་ལོ་རེད་འདུག བཀྲ་ཤིས་རབ་བརྟན་ལགས་ད་ལོར་སློབ་ལོ་བཞི་བ་ཡིན་པ་དང་ཁོང་ནི་རྒྱ་ནག་གཞུང་གིས་འདོན་སྤེལ་བཀག་པའི་ཤར་དུང་རི་ཞེས་བའི་བོད་ཡིག་གི་ཚགས་དེབ་སྐད་གྲགས་ཅན་དེའི་རྩོམ་སྒྲིག་པ་ཡང་ཡིན་འདུག ད་དུང་། ན་ནིང་ཕྱི་ལོ་བདུན་པའི་་ནང་ལ་རྒྱ་གཞུང་གིས་ཁོང་ཟླ་ངོ་གཅིག་ཙམ་ལ་བཀག་ཉར་བྱས་འདུག