Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།

Posted on 2013-09-152013-09-15 By ཁ་བརྡ་ 39 Comments on གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།

བསྟན་པའི་ཉི་མ།

སྔོན་ཨ་མདོ་ཡུལ་་འབྲོག་སྡེ་ཆེན་པོ་ཞིག་ན་སྤུན་ཟླ་གསུམ་ཡོད་པའི་ཁྱིམ་ཚང་གཅིག་ཡོད། བུ་སྤུན་གསུམ་ག་ཆོས་སེམས་ཆེན་པོ་ཡོད་པར་མ་ཟད་སྒོམ་ཉམས་ལེན་སོགས་ལ་བརྩོན་པ་བྱེད་མཁན་ཤ་སྟག་རེད། སྐབས་ཤིག་ལུང་བ་དེར་བླ་མ་རྩ་ཆེན་ཞིག་ཡོད་པ་དེས་གཅོད་ཀྱི་དབང་གནང་བཞིན་འདུག་ཟེར་བ་ཞིག་སྤུན་ཟླ་གསུམ་གྱིས་ཐོས། དེ་ནས་ཁོང་གསུམ་པོས་གཅོད་དབང་ཞུ་རུ་འགྲོ་རྒྱུ་ཡིན་མིན་གྲོས་བྱས་པས་གསུམ་ག་ཁ་འཆམས་ཏེ་ཞུ་རུ་སོང་། གཅོད་དབང་ཐོབ་མཁན་ཚང་མ་རི་བརྒྱ་གཉན་བརྒྱ་དུར་བརྒྱ་སོགས་ལ་འགྲིམ་དགོས་འདུག་ཀྱང་། ཁོང་གསུམ་པོས་ཁས་ལེན་དམ་བཅའ་བྱས་ཏེ་གཅོད་དབང་ཟབ་མོ་དེ་ཐོབ་པར་བྱས། ད་ཁོང་གསུམ་གྱིས་ཁས་བླངས་པ་བཞིན་གཉན་ས་་འགྲིམ་དགོས་རྒྱུ་དེ་རེད། འོན་ཀྱང་གཉན་ས་འགྲིམ་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མིན་པ་ཁོང་གསུམ་གྱིས་ཤེས་གསལ་་རེད།
གཅོད་ཉམས་ལེན་བྱེད་སྐབས་གང་གི་གཉན་ས་དང་། བཙན་ས། གདོན་འདྲེ་གདུགས་པ་ཅན་སོགས་གནས་སར་འགྲིམ་དགོས་་པ་ནི་གཅོད་ཀྱི་ལུགས་སྲོལ་ལྟ་བུར་ལགས། ཁོང་གསུམ་ག་དུས་གཅིག་ཏུ་སོང་ན་ཁྱིམ་ཚང་ལ་དཀའ་ངལ་ཡོད་སྟབས། སྤུན་ཟླ་གསུམ་པོས་དུས་གཅིག་ཏུ་་མི་འགྲོ་བར་བྱས་ཏེ་རིམ་བཞིན་གཅིག་གིས་གྲུབ་རྗེས་གཅིག་འགྲོ་རྒྱུ་ཐག་བཅད། གཞན་གཉིས་ཀྱིས་ཁོང་ལ་ཞབས་འདེགས་བསྒྲུབ་རྒྱུ་བྱས། སྤུན་ཆུང་ཤོས་གཉིས་ཀྱིས་སྡོད་གུར་དང་བདུན་ཕྲག་གཅིག་ལ་འདང་ངེས་ཀྱི་ཟ་མ་སྤུན་རྒན་པ་དང་མཉམ་དུ་གང་གི་ས་ཆ་གཉན་ས་ཞིག་ཏུ་སོང་ནས་སྡོད་གུར་རྒྱབ། གཞན་གཉིས་བདུན་ཕྲག་གཅིག་གི་རྗེས་ནས་ལྟ་རུ་ཡོང་རྒྱུ་བྱས་ཏེ་རང་ཁྱིམ་ལ་ལོག བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་བ་དེ་རྒན་པར་ལྟ་རུ་སོང་། ཁོ་ས་ཆ་དེ་ལ་སླེབས་དུས་སྔར་དང་མི་འདྲ་བར་འཇིགས་སྣང་ཞིག་རང་བཞིན་གྱིས་སྟེར། ཡར་ག་ལེར་གུར་གྱི་འགྲམ་དུ་སླེབས། ཡིན་ནའང་གྲགས་རྒྱུ་གོ་རྒྱུ་གང་ཡང་མེད་པར་ཁུ་སིམ་མེར་སྣང་། སྐད་ཆུང་ཆུང་ཞིག་གིས་ངང་ནས་སྤུན་རྒན་པར། ང་འདིར་ཁྱོད་ལ་ཟས་སྐྱེལ་དུ་ཡོང་ཡོད་ཅེས་བརྗོད་ནའང་། ཡ་ལན་གང་ཡང་སྟེར་མཁན་མེད༏ དེ་ནས་ཁོས་འཇིགས་སྣང་དང་བཅས་གུར་སྒོ་ཕྱེས་ནས་བལྟས་པས། སྤུན་རྒན་པ་སྣ་ནས་ཁྲག་ཐོན་ཏེ་ཤི་ཡོད་པ་མཐོང་།

ད་ཞེད་སྣང་སྐྱེ་དགོས་རྒྱུ་ཞིག་ལ་སྤུན་རྒན་པ་ཤི་སྟངས་དེ་ལྐོག་གྱུར་གྱི་གནས་སུ་གྱུར། སྔར་ཁས་བླངས་པ་ནང་བཞིན་སྤུན་འབྲིང་བ་ཁོང་དེ་གར་འདུག་རྒྱུ་ཐག་བཅད་དེ་བསྡད། ཆུང་བ་དེ་བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་བོར་ལྟ་རུ་སོང་། ཁོང་གུར་གྱི་ཉེ་འགྲམ་དུ་སླེབས་སྐབས་སྔར་དང་མི་འདྲ་བའི་འཇིགས་སྣང་དང་སྐྲག་སྣང་བཟོད་མེད་ཅིག་སྟེར། ཁོས་གུར་གྱི་སྒོ་ཕྱེས་མ་ཕོད་པར་སྐད་ཆེན་པོས་སྤུན་འབྲིང་བོ་མིང་གི་བོས། འོན་ཀྱང་ཨ་ལན་གང་ཡང་སྟེར་མཁན་མེད༏ ད་ཁོང་དེ་བས་ཀྱང་འཇིགས་སྐྲག་ངང་གུར་་སྒོ་ཧར་གྱིས་ཕྱེས་ནས་བལྟས་དུས། སྤུན་འབྲིང་བོ་ཡང་རྒན་པ་ནང་བཞིན་སྣ་ནས་ཁྲག་ཐོན་ཏེ་གྲོངས་ཚར་འདུག ད་ཁོས་ཞིབ་ཏུ་རྟག་དཔྱད་བྱས་དུས་གུར་གྱི་ངོས་སུ་ཡིག་གེ་གསལ་ལ་མི་གསལ་བ་ཞིག་ཁྲག་གིས་བྲིས་འདུག དེ་ནི་འོ་མ་དེ་འཐུང་མི་རུང་ཟེར་བ་ལས་གཞན་གང་ཡང་མེད།
འོན་ཀྱང་ནང་དོན་གང་ཡིན་ཤེས་མི་ཐུབ་པར་མ་ཟད་ཤིན་ཏུ་ལྐོག་གྱུར་གྱིས་གནས་སུ་ལྷུང་། ད་ཆུང་ཤོས་དེ་རེ་ཞིག་ཅི་བྱ་འདི་བྱ་མེད་པར་ལུས། སྤུན་རྒན་གཞོན་གཉིས་ཀ་གྲོང་ཟིན་ཡང་། གྲོང་སྟངས་ཏེ་ཤེས་འདོད་ཆེན་པོ་འདུག ཡིན་ནའང་འོ་མ་དེ་མ་འཐུང་ཟེར་བ་ཙམ་ལས་གཞན་གང་ཡང་མེད་སྟབས་གྲོང་སྟངས་གསལ་བོ་ཞིག་ཤེས་ཐབས་བྲལ། ད་་ཁོ་རང་དེ་ག་རང་དུ་གཅོད་ཀྱི་ཉམས་ལེན་ལ་བསྡད། ཉིན་མཚན་དྲུག་ཏུ་བགོས་ཏེ། ཉིན་་ཚར་གསུམ་དང་མཚན་མོ་ཚར་གསུམ་བཏོན། ཉིན་དང་བོ་ནས་བདུན་པའི་བར་དུ་གྲགས་འགུལ་གང་ཡང་མེད་པར་ཁུ་སིམ་མེར་སྣང་། ཉིན་བདུན་པའི་དགོང་མོ་ཉི་མ་ནུབ་རྗེས་གཅོད་ཀྱི་ཉམས་ལེན་ལ་བརྩོན། ཐུན་མཚམས་རྫོགས་ནས་རྨི་ལམ་གྱི་རྣལ་འབྱོར་ལ་མཉམ་པར་བཞག་པའི་ངང་ནས་ཉལ། ཅུང་ཟད་ཅིག་གཉིད་ཁུག་པའི་མཚམས་ནས་བུད་མེད་ཅིག་གིས་་གླུ་ལེན་པ་ཞིག་ཐོས་ནས་གཉིད་ལས་སད། དེ་ནས་ཡར་ལངས་ནས་བལྟས་དུས་ནམ་ལངས་པར་མ་ཟད་ཉིན་གུང་གི་ཚད་ཙམ་དུ་སླེབས་ཚར་འདུག འོན་ཀྱང་གཉིད་ཐུན་གཅིག་མ་འགོར་བར་ནམ་ལངས་སོང་བར་ཡ་མཚན་སྙམ་བཞིན་ནམ་རྒྱུན་བཞིན་གཅོད་ཀྱི་ཉམས་ལེན་ལ་བརྩོན།

ཅུང་ཞིག་ནས་སྐད་སྒྲ་དང་འུར་སྒྲ་ཞིག་གིས་ལུང་བར་བཀངས་བ་ལྟ་བུ་འདུག་པས་གུར་གྱི་ཕྱི་ལོགས་སུ་སོང་ནས་བལྟས་དུས་འབྲོག་པ་ཞིག་གིས་རུ་སྤོར་བཞིན་འདུག བུད་མེདཧ་ཅང་གི་སྐད་སྙན་པ་ཞིག་གིས་གླུ་ལེན་ཞིང་ཟོག་ལུག་འདེད་བཞིན་ཡོང་བ་མཐོང་། ཅུང་ཞིག་ནས་འབྲོགཁྱིམ་དེའི་སྦྲ་གུར་ཁོང་གི་གུར་དང་ཐག་ཉེ་ཞིག་ནས་ཕིབས་སོང་། ཁོས་བསམ་བློར་ད་ང་ལ་ཁྱིམ་མཚེས་ཤིག་སླེབས་སོང་བས་མི་ལེགས་པ་གང་ཡང་མི་འདུག སྤུན་རྒན་པ་གཉིས་ནི་གྲོང་ཚར་འདུག་པས་སྐྱོ་རོགས་ཤིག་ཡོད་ན་ཅིས་མི་ལེགས་བསམབཞིན་ཉམས་ལེན་ལ་བརྩོན། ཅུང་ཞིག་ནས་གླུ་ལེན་མཁན་བུད་མེད་དེ་ཁོང་གི་རྩར་སླེབས་ནས་། སྔགས་པ་ལགས་འོ་མ་འདི་ད་ད་རང་བཞོས་པ་ཡིན་པའི་བཞེས་རོགས་མཛོད་ཟེར། དེ་ནས་ཁོ་དགའ་ཐག་ཆོད་ནས་འོ་མ་དེ་ཚུར་བླངས་ནས་འཐུང་བར་བརྩམས་དུས་བློ་བུར་དུ་འོ་མ་དེ་འཐུང་མི་རུང་ཟེར་བ་དེ་དྲན་ནས་བསམ་བློ་མང་བོ་ཞིག་འཁོར། དེ་དུས་འོ་མ་སྟེར་མཁན་གྱི་བུད་མེད་དེ་ཅུང་ཟད་འཚབ་འཚུབ་བྱེད་ཀྱིས་འདུག ཡ་ད་བུད་མེད་འདི་འདྲེ་མོ་ཞིག་ཡིན་ངེས་རེད་སྙམ་ནས་འོ་མ་དེ་ཕར་བུད་མེད་དེའི་གདོང་ལ་སྟོར། བུད་མེད་དེ་ངུ་སྒྲ་ཆེན་པོ་དང་བཅས་གར་སོང་ཆ་མེད་དུ་གྱུར། དེ་དུས་འདྲེ་མོ་དེའི་རྫུ་འཕྲུལ་ཉམས་ནས་ཕྱིར་མཚན་མོར་གྱུར་ནས་ཁུ་སིམ་མེར་སྣང་། ད་གཟོད་ཁོའི་སྤུན་རྒན་པ་གཉིས་འདྲེ་མོ་དེས་བཀྲོངས་བ་ཡིན་པ་གསལ་བོ་རྟོགས་པ་རེད།།
འདྲེ་སྒྲུང་འདི་ནི་ཁོ་བོ་ཆུང་དུས་སུ་སྔགས་རྒན་ཞིག་གི་ངག་ལས་ཐོས་པ་ཡིན། སླད་དང་རྟོག་བཟོ་གང་ཡང་མེད་པར་གང་ཐོས་པ་དེ་བསྟན་པའི་ཉི་མའམ་རྟ་བདུན་དབང་བོར་འབོད་པས་ཨ་རི་ནས་ཡིག་གེར་བཀོད་པ་ལགས་སོ།།

བརྩམས་སྒྲུང་།

Post navigation

Previous Post: འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།
Next Post: སྦྲ་ནག

Comments (39) on “གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།”

  1. སྤོབས་པ་མཐའ་ཡས། says:
    2013-09-15 at 6:36 pm

    སྒྲུང་འདི་ངས་ཀྱང་ཚོར་མྱོང་། ཁྱེད་ཀྱིས་སྒྲ་དག་སྒྲོས་གཙང་གི་ཡི་གེར་སྤེལ་སྟངས་འདི་ལ་ཡིད་སྨོན་ཤོར་ཡོད།

  2. རི་རྒྱལ་ཏི་སེ། says:
    2013-09-15 at 9:03 pm

    ཡག་པོ་བྲིས་འདུག་རྗེས་སུ་ཡིད་རང་ཡོད།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-16 at 12:17 am

    བསྟན་པའི་ཉི་མ་ཁྱེད་ཀྱི་འདྲེ་སྒྲུང་སྙན། ཡི་གེ་ཡང་མང་ཆེ་བ་དག་པོ་དང་། ཚིག་སྦྱོར་ལེགས་པ་ལ་དགའ་བསུ། འོན་ཀྱང་བོད་ཀྱི་རིག་གཞུང་གི་ཡི་གེ་དག་ཆ་སྲུང་བ་དང་། བོད་མི་རྣམས་སྐད་ཡིག་དག་ཆ་གཅིག་གིས་གོ་བརྡ་འཕྲོད་པར་འདོད་ན། རིག་གཞུང་སྐད་ཀྱི་དག་ཆ་བཀོལ་དགོས་ཏེ། དཔེར་ན། བདུན་ཕྲག་གཅིག་ལ་ལྡང་ངེས་ཀྱི་ཟ་མ། ཉིན་བདུན་པའི་དགོངས་མོ་ཉི་མ་ནུབ་རྗེས་གཅོད་ཀྱི་ཉམས་ལེན་ལ་བརྩོན། ཞེས་སོགས་ཀྱི་དག་ཆ་བོད་རིག་གཞུང་སྐད་ན་ཡོད་པ་མཐོང་བ་ལ་སྦྱངས་པ་བྱས། གཞན་ལ་ཡང་དེ་ལྟར་བྱེད་པར་བསྐུལ་བ་ལ་འབད་པ་བྱས་པར་འགའ་ཞིག་གིས་མི་འགྲུབ་ཟེར་བ་མཐོང་། མ་གྲུབ་ན་སྐྱོན་ཅི་ཡོད་དམ། ཡཏྣེ ཀྲཱི་ཏེ་ ཡ་དི་ ན་ སིདྷྱ་ཏེ་ ཀོ་྅ཏྲ དོ་ཥཿ

  4. ཀླུ་སྨྱོན། says:
    2013-09-16 at 12:39 am

    ངས་ཀྱང་སྒྲུང་འདི་ཐོས་མྱོང་།

  5. དྲན་དཀར་དཔལ་ཡོན་ says:
    2013-09-16 at 1:46 am

    ངེད་ཀྱི་སྒྲུང་འདི་ད་རིང་དང་པོར་ཐོས། འདི་དང་ཆ་ཅུང་འདྲ་བ་འགའ་རེ་ཐོས།

  6. གེ་ཁོད says:
    2013-09-16 at 2:02 am

    ངས་ར་གོ་མྱོང་དེ་ག་རེད་སྒྲུང་སླད་མེད་ངག་རྒྱུན་ཇི་བཞིན་སྙན་པོ་ཞེ་དྲག་བྲིས་གནང་ཤག་ཆུང་དུས་དེ་ཐོས་ཡོང་དུས་སྙིང་ཆུང་ཚོ་ཞེད་སྣང་སྐྱེས་ནས་ཤ་གསེང་རུས་གསེང་ཞིག་ནས་སྦྲིད་ཡོང་ང་ཡ་ཧཧཧ་་་

  7. རྟ་བདུན་དབང་བོ says:
    2013-09-16 at 2:06 am

    ལ་དྭགས་བློ་བཟང་འཇམ་དཔལ་གྱི་ལྷག་བསམ་ལ་ཅིས་ཀྱང་བསྟོད་བསྔགས་གྱི་མེ་ཏོག་འཐོར་བར་འོས་སོ། འོན་ཀྱང་དགོང་མོ་ལ་ཡང་འཇུག་ས་མཐའ་དགོས་ཟེར་ན་མོས་ཐུན་བྱེད་ཐུབ་མ་སོང་། སྔོན་གྱི་ཡིག་རྙིང་དུ་ཁག་ཏུ་ཡོད་སྲིད་ཀྱང་ཡང་འཇུག་ས་མཐའ་བཞག་ན་དགེ་མཚན་ཆེར་མཐོང་མ་སོང་། དགོངས་འགལ་མེད་པར་མཁྱེན་མཁྱེན་ཞུ།།

  8. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-16 at 3:07 am

    བསྟན་པའི་ཉི་མ་ལགས། ཡིག་ནོར་མང་པོ་འདི་འདྲ་ག་རེ་རེད་ལགས། 
    སྤུན་རྒན་གཞོན་གཉིས་ཀ་གྲོང་ཟིན་ཡང་།
    གྲོང་སྟངས་གསལ་བོ་ཞིག་ཤེས་ཐབས་བྲལ།
    གྲོང་སྟངས་ཏེ་
    ཟེར། 
    གྲོང་ནི་གྲོང་སྡེ། གྲྭ་བ་དང་གྲོང་པ། 
    གྲོངས་ནི་དབུས་སྐད་རེད། ཤི་བའི་ཞེ་ས་ལ་གྲོངས་སྦྱར་སྲོལ་ཡོད། སྐུ་གྲོངས།
    གདོན་འདྲེ་གདུགས་པ་ཅན་སོགས
    ཟེར།
    གདུངས་ནི་ཉི་གདུགས། ཆར་གདུགས། ཉི་མ་རེ་རེ་ལ་གདུགས་རེ་རེ་ཟེར་སྲོལ་ཡོད།
    གདུག་པ་ཅན། གདུགས་སྤྱོད། གདུག་རྩུབ། སོགས་རེད་ལགས།
    ཡིག་ནོར་མང་ཐག་ཆོད་འདུག་པས་དོན་དག་གོ་ཁག་པོ་རེད་ལགས།
    འདི་དག་དཔེ་མཚོན་ཙམ་ཡིན། ད་དུང་མང་། 
    ཡིག་ནོར་ལ་གཟབ་རོགས་ཟུ་ཡ་ཡིན་ལགས།

  9. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-16 at 3:08 am

    ཞུ་ཡ་ཡིན་བཅོས་

  10. གློག་ཀླད། says:
    2013-09-16 at 3:21 am

    ཡིག་ནོར་གྱི་རིགས་རྣམས་ཐད་ཀར་བཅོས་པ་ཡིན་ན་བྲི་བ་པོ་དང༌། ཀློག་པ་པོ་ཐམས་ཅད་ལ་ཕན་ཐོགས་ཆེ་བར་སྙམ།

  11. རྟ་བདུན་དབང་བོ says:
    2013-09-16 at 3:24 am

    བསམ་གཏན་སྒྲོལ་མ་ལགས་བདེན། ཡིག་ནོར་དེ་དག་དྲ་ཐོག་ཏུ་བཀོད་རྗེས་མཐོང་སོང་ཡང་། ནོར་བཅོས་བྱས་ཀྱང་དགོས་པ་ཆུང་སྙམ་ནས་རང་འཇགས་བཞག་པ་ལགས། རྗེས་སོར་དོ་སྣང་བྱེད་ངེས་ཡིན།།

  12. རང་བྱུང་རིག་པའི་རྡོ་རྗེ says:
    2013-09-16 at 4:03 am

    བསམ་གཏན་སྒྲོལ་མའི་མཆན་ཐུང་དེར་ཡིག་ནོར་ག་ཚོད་འདུག ཧ་ཧ་ཧ། ཀུ་རེ་ཡིན། སླད་མར་གཟོབས་རོགས་ཞུ། སྒྲུང་སྙན་མོ་འདུག ནང་ཆོས་དང་འབྲེལ་བའི་སྒྲུང་འདིའི་རིགས་མུ་མཐུད་ནས་འབྲི་རོགས་ཞུ། ཀློག་མཁན་རྣམས་ལ་ཕན་ངེས་རེད། ཐུགས་རྗེ་ཆེ་ལགས།།

  13. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-16 at 4:46 am

    ཡག་པོ་འདུག 
    དམངས་ཁྲོད་ན་བཤད་སྲོལ་ཡོད་པའི་འདྲེ་ངོ་མ་ཞིག་བྲིས་འདུག
    ད་དུང་འབྲི་རོགསགནང་། 

  14. ཞོལ་གཡག་འབྲོང་རྒྱུད། says:
    2013-09-16 at 4:49 am

    ས་སྒོ་ཚང་གི་ཨ་ནེས། གྲོངས་ཞེས་པར་དབུས་སྐད་ཀྱིས་ཤི་བའི་ཞེ་ཚིག་ཏུ་འདོད་པ་ནི་མི་ཐད་དེས། གྲོངས་ཞེས་པ་ནི་དབུས་སྐད་ཀྱི་ཁ་སྐད་དུ་འཆི་བའམ་ཤི་བའི་འབོད་སྲོལ་གཞན་ལ་འཇུག་ཏེས། དཔེར་ན་མི་དེ་གྲོངས་སོང་། ནད་མནར་གྱིས་གྲོངས་སོང་། རླང་འཁོར་བརྡབ་སྐྱོན་གྱིས་གྲོངས་སོང་ལྟ་བུའོ། གལ་ཏེ་སྔོན་དུ་སྐུ་སྦྱར་ན་སྐུ་གྲོངས་དང་། ཞིང་གཤེགས། སྐུ་གཤེགས། དགོངས་པ་རྫོགས་སོགས་ཞེ་ཚིག་རེད་འདོད།

  15. རང་བྱུང་རིག་པའི་རྡོ་རྗེ says:
    2013-09-16 at 4:59 am

    བསམ་གཏན་སྒྲོལ་མའི་མཆན་བཅུ་གཉིས་པ། ༼དམངས་ཁྲོད་ན་བཤད་སྲོལ་ཡོད་པའི་འདྲེ་ངོ་མ་ཞིག་བྲིས་འདུག༽ འདྲེ་ངོ་མ་ཞིག་ཇི་ལྟར་བྲིས། འདྲེ་རྫུན་མ་དེ་གང་རེད། འདྲེ་སྒྲུང་ཞེས་ཟེར་ན་འགྲིག་མོད་ཀྱང་། འདྲེ་ངོ་མ་ཟེར་ན་གོ་བ་གང་ཡང་མི་འདུག །

  16. དགེ་འདུན་རྒྱ་མཚོ། says:
    2013-09-16 at 5:02 am

    སྙན་མོ་འདུག 
    བཀའ་དྲིན་ཆེ།

  17. དགེ་འདུན་རྒྱ་མཚོ། says:
    2013-09-16 at 5:12 am

    བསམ་གཏན་སྒྲོལ་མའི་མཆན་བཅུ་གཉིས་པ། ཡིན་རྒྱུ་མ་རེད། 
    བཅུ་གཉིས་པ། བསམ་གཏན་སྒྲོལ་མའི་མཆན་ཡིན་རྒྱུ་རེད། 
    བསམ་གཏན་སྒྲོལ་མ་ལ་མཆན་བཅུ་གཉིས་ཡོད་པ་མཐོང་མ་སོང་།
    ཡོད་ན་རེ་རེ་བཞིན་སྟོན་རོགས། 
    ཧ་ཧ་ཧ་
    འཇམ་དཔལ་གྱིས་བཅོས་པའི་ཡིག་ནོར། 
    བསམ་གཏན་གྱིས་བཏབ་པའི་ཡིག་ནོར། 
    རིག་པའི་རྡོ་རྡོས་བཀོད་པའི་ཡིག་ནོར། 
    རིག་པ་རང་བྱུང་དུ་འདོད་པའི་ལུགས་སུ་རེད་ལགས།
    ཧ་ཧ་ཧ

  18. དགེ་འདུན་རྒྱ་མཚོ། says:
    2013-09-16 at 5:27 am

    ཀུ་རེ་རྩེ་བ་ཡིན།
    ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད།
    མི་སྐྱོན་མེད་འཛམ་བུ་གླིང་ན་མེད།
    ཚིག་སྐྱོན་མེད་རྩོམ་ཡིག་ཁྲོད་ན་མེད།
    ཧ་ཧ་ཧ་།

  19. རང་བྱུང་རིག་པའི་རྡོ་རྗེ says:
    2013-09-16 at 5:34 am

    དགེ་འདུན་རྒྱ་མཚོས་ང་ཚར་བཅད་སོང་། ད་འགྲོ་གི་ཡིན་ད། །

  20. རང་བྱུང་རིག་པའི་རྡོ་རྗེ says:
    2013-09-16 at 5:38 am

    ངས་བསམ་གཏན་སྒྲོལ་མ་ཚར་བཅད། དགེ་འདུན་རྒྱ་མཚོས་ང་ཚར་བཅད། ད་སུ་ཞིག་གིས་དགེ་འདུན་རྒྱ་མཚོ་ཚར་གཅོད། ཧ་ཧ་ཧ།།

  21. ལི་ཐང་དབང་ཆེན་ says:
    2013-09-16 at 5:43 am

    སྒྲུང་འདི་དེ་རིང་མ་གཏོགས་གོ་མ་མྱོང་་་བཀའ་དྲིན་ཆེ་་་འདྲེ་སྒྲུང་མུ་མཐུད་ནས་་་་་་

  22. བོད་ཕྲུག says:
    2013-09-16 at 8:54 am

    སྔ་མོ་བོད་ལ་ད་ལྟ་ནང་བཞིན་མགོ་འཁོར་སའི་ཡོ་བྱད་འདྲ་མིན་མེད་པ་དང་། ད་དུང་སྐབས་དེའི་མི་དག་ད་ལྟ་བཞིན་དྲན་རྒྱུ་རྒོད་པོ་ཡང་མེད་པས་གཏམ་འདི་འདྲ་བོ་ཤ་སྟག་གིས་ཉི་མ་ཕུད་ཀྱི་ཡོད་ངེས་སྙམ་པའི་ཚོར་སྣང་བྱུང་། ཐུགས་རྗེ་ཆེ་ཡག་པོ་བྲིས་འདུག

  23. ནག་ཆུ་ཀུན་དགའ། says:
    2013-09-16 at 11:37 am

    ད་ངས་དགེ་འདུག་རྒྱ་མཚོ་ཙར་གཅོད་་་ཡང་ང་ཚར་གཅོད་མཁན་སུ་ཞིག་ཡོད་ན་ཧཧཧ
    དགེ་འདུན་རྒྱ་མཚོ་ལགས། ཡིན་རྒྱུ་རེད་་ཡིན་རྒྱུ་མ་རེད་ཟེར་བའི་ཚིག་འདི་གཉིས་ཀྱིས་རང་གིས་ཐག་ཆོད་ཟིན་པའི་དོན་ཞིག་ལ་གསལ་བཤད་དང་ངོས་སྤྲོད་པར་བྱེད་ཀྱིན་ཡོད།།
    ཕལ་ཆེར་ཡིན་ངེས་ཞེས་པའི་དོན་སྟོན་པའི་ཚིག་ཅིག་དགོས་ཚེ། ཡིན་གྱི་རེད། ཟེར་དགོས།
    དེས་ན་ཁྱེད་ཀྱིས་འདི་ལྟར་བྲིས་ཡོད་ན་བདེ་བར་མངོན།།
    དཔེར་ན། བསམ་གཏན་སྒྲོལ་མའི་མཆན་བཅུ་གཉིས་པ་ཡིན་གྱི་མ་རེད་་་་་་
    བཅུ་གཉིས་པ། བསམ་གཏན་སྒྲོལ་མའི་མཆན་ཡིན་གྱི་རེད །
    ཟེར་བྲིས་ཡོད་ན་ངས་ཁྱེད་ལ་ཀླན་ཀ་འཚོལ་དོན་མེད་པ་ལྟ་བུའོ།།

  24. དོལ་སྨྱོན། says:
    2013-09-16 at 12:00 pm

    གཉན་ས་དང་དུར་ས་འགྲིམས་པ་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད། ང་ཆུང་དུས་གཉན་ས་འགྲིམས་ནས་རང་མགོ་མ་ཐོན་པར་དངོས་སུ་གྲོང་བའི་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་མྱོང་། ང་རང་ཡང་གཉན་ས་བརྒྱ་དང་བརྒྱད་ཙམ་འགྲིམས་མྱོང་མཁན་ཞིག་ཡིན། ད་དེའི་སྐོར་རྗེས་ལ་ཡིག་ཐོག་ལ་གཅིག་བྲིས་ན་བསམ་ཡོད།

  25. རྟ་བདུན་དབང་བོ says:
    2013-09-16 at 12:20 pm

    དོལ་སྨྱོན་ལགས། མཆོག་ནས་གཉན་ས་འགྲིམས་པའི་སྐོར་དང་ཉམས་མྱོང་། ལྷ་འདྲེའི་ལྷོང་ཚད་སོགས་གསུང་ན་ཀློག་འདོད་ཤིན་ཏུ་ཆེ།།

  26. དོལ་སྨྱོན། says:
    2013-09-16 at 12:42 pm

    ལྷ་འདྲེའི་ལྷོང་ཚད་སོགས་ཅི་ཤེས་ཏེ་གང་ལྟར་གཏམ་རྒྱུད་སྙན་མོ་མང་པོ་ཡོད། རྗེས་ནས་དུས་ཚོད་རག་དུས་འབྲི་ན་བསམ་ཡོད་ལགས།

  27. དོལ་སྨྱོན། says:
    2013-09-16 at 1:10 pm

    ངེད་ཅག་གཅོད་པ་སྐོར་ཞིག་གཉན་ས་འགྲིམས་པའི་སྐབས་དེ། ༼དེའི་ཁྲོད་ན་གུས་པའི་ཡབ་ལགས་དང་གུས་པའི་མ་ཡུམ་གྱི་ཡབ་དམ་པ་པོ་པོ་མཆོག་ཀྱང་ཡོད།༽ གཉན་ས་འགྲིམས་འགྲིམས་ནས་ཉིན་ཞིག་གློ་བྲག་དམར་ཞེས་པའི་དུར་སར་འབྱོར། ཡུལ་དེ་ན་ཉི་མ་གསུམ་ཙམ་ལ་སྡད། ཉིན་མོར་ཡུལ་མི་རྣམས་དུར་སར་གཅོད་པ་རྣམས་མཇལ་དུ་འོང་། རང་རང་གི་ནུས་པ་ལ་ལྟོས་པའི་འབུལ་བ་སྣ་ཚོགས་བྱེད། དེ་ནི་གཅོད་པ་རྣམས་ཀྱི་ཡོང་ཁུངས་གཙོ་བོ་རེད།

    གར་འཆམ་བྱེད་དུས་ལྟད་མོ་ལ་ཡུལ་མི་ཚང་མ་འོང་། དེའི་ཁྲོད་ནས་བུ་མོ་རྣམས་མཁྱུ་དང་མཁྱུ་བྱས་ནས་སྡོད། ངེད་ཅག་ཕོ་གཞོན་སྐོར་ཞིག་གར་འཆམ་བྱེད་དུས་མིག་རྩ་དེ་ཕྱོགས་སུ་ཤོར་འགྲོ། སྐབས་དེར་བུ་མོ་རྣམས་མཁྱུ་དང་མཁྱུ་བྱས་ནས་ཐུགས་སྤྲོ་བྱེད་བཞིན་ཡོད་འདུག ༼གློ་བོའི་སྐད་དུ་དབྱར་གཏོང་ཟེར། བུ་མཁྱུ་དང་མཁྱུ། བུ་མོ་མཁྱུ་དང་མཁྱུ་བྱས་ནས་ཉིན་བདུན་བཅུ་བཅོ་ལྔ་སོགས་ངེས་མེད་དུ་ཐུགས་སྤྲོ་གཏོང་བ་ལ་ཟེར།༽

    སྐབས་དེར་ཐུགས་སྤྲོ་གཏོང་བའི་བུ་མོ་སྐོར་ཞིག་དང་ངེད་ཅག་ཕོ་གཞོན་ཁ་ཤས་གསང་བའི་ཐོག་ནས་འབྲེལ་བ་བྱས། གསང་ཉིན་དགོང་མོ་ཁོང་ཚོའི་ཐུགས་སྤྲོ་གཏོང་སའི་ཁང་པ་དེར་ངེད་ཅག་ཡོང་བའི་ཁས་ལེན་བྱས། ཁོང་ཚོས་ཐག་རིང་ནས་ཁང་པ་དང་ལམ་ཁ་ཆ་ཚང་གསལ་པོ་བྱས་ནས་བསླབ། ལུང་པ་དེ་ཚོར་ཁྱི་སྡང་པོ་ཡོད་ཙང་ངེད་ཚོས་ཁྱིམ་ན་མེད་དམ་དྲིས་པས། ཁོང་ཚོས་གཅིག་ཀྱང་མེད་ཟེར།

    གཉན་ས་འགྲིམས་དུས་ལུང་པའི་ནང་འགྲོ་མི་ཆོག་པ་དང་ལྷག་པར་ཁང་པའི་ནང་གཏན་ནས་འཛུལ་མི་ཆོག དེ་ནི་གཅོད་ལ་འགྲོ་དུས་ཀྱི་སྒྲིག་ལམ་དང་པོ་དེ་རེད། གསང་ཉིན་མཚན་མོ་ཆུ་ཚོད་དགུ་པ་ཙམ་བླ་མ་དང་རྒན་པ་རྣམས་གཉིད་པའི་རྗེས་ལ། ངེད་ཅག་གཅོད་གུར་ནས་ག་ལེར་འཇབ་བུས་ཕྱིར་ཐོན་ནས་ལུང་པར་འཆས། ལམ་བརྒྱུད་ནས་འགྲོ་དུས་ཁང་པ་འདྲ་བོ་འདྲ་བོ་གཉིས་ཙམ་ལ་ཐུག ངེད་ཚོས་ཁང་པ་གང་ཡིན་གསལ་པོར་ཐག་གཅོད་མ་ཐུབ། ཚོད་ཚོད་ལ་འདི་ཡིན་བསམ་པའི་ཁང་མིག་ཏུ་ག་ལེར་འཛུལ།

    མ་བསམ་ས་ནས་བློ་བུར་དུ་ཁྱི་ཞིག་གིས་དེད། ངེད་ཅག་རྣམས་རྐང་མཆོང་ལག་མཆོང་དང་འགྱེལ་ཞོར་ལང་ཞོར་གྱིས་བྲོས། ལམ་ནས་ཡུར་བའི་ནང་དུ་ཟག་ཅིང་གྱོན་པ་དག་ཀྱང་རློན་པར་གྱུར། འུ་ཐུག་ཐབས་ཟད་ཀྱིས་ག་ལེར་ག་ལེར་གཅོད་གུར་དུ་ལོག་ནས་ཉལ། ལམ་འགྲོ་ཞིག་ལ་དེ་ཉིན་བླ་མ་དང་རྒན་པ་རྣམས་ཀྱིས་མཐོང་མི་འདུག

  28. དོལ་སྨྱོན། says:
    2013-09-16 at 1:33 pm

    གོང་གི་་་་་་ཁྱིམ་ན་མེད་དམ་་་་་ཞེས་པ་དེ་་་་་ཁྱིམ་ན་ཁྱི་མེད་དམ་་་་ཞེས་པར་བཅོས་རོགས།

  29. བཀྲ་ཤིས། says:
    2013-09-16 at 1:49 pm

    གཅོད་པའི་ love story མུ་མཐུད་ནས་ཡིན་ད་ སྙན་པོ་འདུག།

  30. མི་གསོན་པོ says:
    2013-09-16 at 5:01 pm

    རྩོམ་འདིའི་མིང་དུ་གནོད་སྦྱིན་མོས་གཅོད་པ་གསུམ་བཏུལ་བའི་སྒྲུང་ཞེས་བརྗོད་དགོས་པ་འདྲ།

  31. BONPO says:
    2013-09-16 at 5:36 pm

    རྩོམ་འདིའི་མིང་དུ་་་་གནོད་སྦྱིན་མོས་གཅོད་པ་གཉིས་བཏུལ་བའི་སྒྲུང་་་་ཞེས་བརྗོད་ན་ག་འདྲ་ཡོང་ངམ། དགོངས་དག་ཀུ་རེ་ཡིན། །

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-17 at 12:34 am

    རྟ་བདུན་དབང་པོ་མཆོག
    “དགོངས་འགལ་མེད་པར་མཁྱེན་མཁྱེན་ཞུ།” འདིའི་ནང་གི་དགོངས་དང་དུས་ཀྱི་དགོངས་གཉིས་ལ་བོད་ཀྱི་བསྟན་བཅོས་རྣམས་སུ་ཡི་གེ་དག་ཆ་གཅིག་འབྱུང་བའི་རྒྱུ་མཚན་གང་ཡིན་ནམ། ད་སྐབས་གཅིག་ལ་སའི་ཡང་འཇུག་མེད་དགོས་པ་དང་། གཅིག་ལ་ཡོད་དགོས་པའི་རྒྱུ་མཚན་ཅི།

  33. གློག་ཀླད། says:
    2013-09-17 at 1:31 am

    ཡིག་ནོར་གྱི་རིགས་རྣམས་འཐད་ཀར་བཅོས་པ་ཡིན་ན་བྲི་བ་པོ་དང༌། ཀློག་པ་པོ་ཐམས་ཅད་ལ་ཕན་ཐོགས་ཆེ་བར་སྙམ།

  34. རྟ་བདུན་དབང་བོ says:
    2013-09-17 at 1:32 am

    རྒན་ལ་དྭགས་ལགས། དུས་ཀྱི་དགོང་ལ་ཡང་འཇུག་ས་མཐའ་མེད་པ་དག་ཡིག་ཕལ་མོ་ཆེ་ཡིན་པ་ལས། དེ་མིན་རྒྱུ་མཚན་གཞན་གང་ཡང་འགྲེལ་བཤད་མེད། མཆོག་ལ་ཡིད་རྟོན་རུང་བའི་འགྲེལ་བཤད་རེ་ཡོད་ཚེ་ངེས་པར་དུ་གསུང་རོགས་ཞུ། གལ་སྲིད་ཡིག་རྙིང་ཁག་ཏུ་དུས་ཀྱི་དགོང་ལ་ཡང་འཇུག་ས་མཐའ་ཡོད་ཀྱང་ནོར་སྲིད་པ་རེད་ལགས། །

  35. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-17 at 7:48 am

    རྟ་བདུན་དབང་པོ་མཆོག
    སྔར་གྱི་དཔེ་ཆ་བཀའ་བསྟན་གསུང་འབུམ་བཅས་ན། དུས་ཀྱི་དགོངས་ལ་ས་ཡང་འཇུག་མེད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། བཀའ་བསྟན་ན་གསལ་བའི་དག་ཆ་རང་རེའི་ཕྱི་རབས་པ་རྣམས་ཀྱི་ཉེར་མཁོར་བཀོད་པ། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་དག་ན་ཡོད་པ་རིམ་པར་འདི་ལྟ་སྟེ།
    དགོངས་པ་དང་ནི་ཕྱི་དྲོའི་དགོངས།
    ཞེས་དང་།
    དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ།
    བུ་སྟོན་ཆོས་འབྱུང་། མཚོ་སྔོན་མི་རིགས་པར་ཁང་གིས་པར་བརྒྱབ་པ། ཤོག་གྲངས་ ༡༩༣ ན།
    རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུས་པ་ལ་རྣམས་ལ་སྨྲས་པ། ཞེས་དང་། དགོངས་པ་སྟེ། བཞེད་པའི་དོན་ཅན་དེ་ཡང་དུས་ཀྱི་དགོངས་ལས་བྱུང་བ་སྒྲའི་འགྲོ་སྟངས་མ་ཤེས་པ་དག་གིས་གོ་དཀའོ།

  36. རྟ་བདུན་དབང་བོ says:
    2013-09-17 at 11:14 am

    རྒན་ལ་དྭགས་ལགས། མཆོག་ནས་དུས་ཀྱི་དགོངས་ལ་ཡང་འཇུག་ས་མཐའ་ཡོད་པའི་ཁུངས་སྐྱེལ་སོང་། ཐུགས་རྗེ་ཆེ།།

  37. གེ་སར་ says:
    2013-09-17 at 12:21 pm

    སྒྲུང་དཔེ་སྙན་་པོ་རེད་་་་ང་ཚོ་ཕ་ཡུལ་ལ་དེ་དང་ཅིག་པ་རེད་་་་

  38. ནག་ཆུ་ཀུན་དགའ། says:
    2013-09-19 at 3:43 am

    (ས་མཐའི་རྣམ་དབྱེ་ལས་) མིང་ལ་དུས་གསུམ་དབྱེ་བས་མ་ཡིན་ཡང་། མི་ནོར་སླད་དུ་འདི་ལྟར་ཁྱད་པར་མཛད།། སྔ་མ་ས་མཐའ་མེད་པའི་ཚུལ་དང་ནི། ཕྱི་མ་ཡོད་པའི་ཤན་འབྱེད་འདི་ལྟར་བྱ།་་་་ཞེས་སོགས་་་་་་་་་ནས་་་་་དགོང་ཀའི་དུས་དང་ཐུགས་ཀྱི་དགོངས། ཞེས་གསལ་ཁ་གསལ་གསུངས་འདུག་པར་རྒན་ལ་དྭགས་མཆོག་ནས་མ་གཟིགས་པ་འདྲ། དགོས་པ་མི་ནོར་བའི་ཆེད་དུ་ས་མཐའ་ཡོད་མེད་ཀྱི་ཁྱད་པར་ཕྱེས་པའང་ཁ་གསལ་འདུག། སྔར་གྱི་བཀའ་བསྟན་ཞུ་དག་ལེགས་པར་མ་སོང་བ་ཁ་ཤས་ལ་ཡོད་པ་དེ་མ་དག་པ་རང་ལ་ངོས་འཛིན་དགོས།

  39. Amalia says:
    2022-07-07 at 10:17 am

    ང་སྒྲུང་འདི་ཧ་ཅང་དགའ་གི་ཡོད། གལ་སྲིད་སྒྲུང་འདི་ནས་གློག་བསྙན་ཐུང་ཐུང་གཅིག་བཟོས་ན་འགྲིག་གི་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme