Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤུགས་ལྡན་འབྲུག་ལ་བསླེབས་ཡོད་སྐད།

Posted on 2014-12-052014-12-05 By ཁ་བརྡ 33 Comments on ཤུགས་ལྡན་འབྲུག་ལ་བསླེབས་ཡོད་སྐད།

གངས་ཤར།

ཉེ་ཆར་འབྲུག་གི་ལས་བྱེད་ཞིག་གིས་འབྲུག་ཆོས་དོན་ལྷན་ཁང་གི་བཀའ་རྒྱ་ཞིག་ང་ལ་བསྐུར་འདུག ཞིབ་པར་བཀླགས་པས། ཤུགས་ལྡན་འབྲུག་ལ་སྡོད་མི་ཆོག་ཟེར། དེ་འབྲུག་ནས་ཕྱིར་ཕུད་པ་ཡིན་ཟེར། འབྲུག་གི་ལས་བྱེད་ཁོང་ངེད་སྡོད་སའི་གྲོང་ཁྱེར་དེར་ཕེབས་སྐབས། ངའི་ཤག་ལ་སྡོད་པ་མང་ཞིང་། རྗེས་མ་འབྲེལ་བ་ཇེ་ཟབ་ཕྱིན་ནས། ཁོང་གི་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སུ་ཡང་གྲོང་ཁྱེར་འདིར་ཕེབས་སྐབས། ངའི་ཤག་ཆུང་ཆུང་དེ་ཁོང་རྣམས་ཀྱི་མགྲོན་ཁང་ཡིན་ཤག་དང་། ངས་ཀྱང་དེ་ལྟར་ཁས་ལེན་ནས། ཁྱེད་ཚོ་ཕེབས་རྐྱང་དང་། ངས་བསུ་རྐྱང་ཡིན་ཟེར་ནས་ལོ་མང་ཕྱིན། འོན་ཀྱང་ཐེངས་གཅིག་འདོད་ཆགས་གླེན་ལྐུགས་དེས་བློ་བྲིད་ནས། འབྲུག་པའི་གཅུང་མོ་དེའི་ཉལ་སའི་ནང་ལ་ཁ་ཤོར། འབྲུག་མོ་སྐྲ་ཐུང་མ་དེའི་སྒང་ལ་མཚན་གཅིག་ལ་ཐེངས་གསུམ་བཞོན། མོས་དེ་ནང་མིར་བཤད། ཁོང་ཚོས་ང་ལ་མོ་དང་གཉེན་སྒྲིག་དགོས་ཟེར། དེ་ངས་ཁས་ལེན་མ་ཐུབ། ༼ང་རང་ནི་ཕྲུ་གུའི་ཕ་ཡིན་པ་དང་ཆུང་མ་ཕ་ཡུལ་ལ་ཡོད།༽འབྲུག་པ་ངེད་གཉིས་ཟླ་བ་མང་པོ་སྐད་ཆ་ཤོད་རེས་མེད་པ་ཆགས་སོང་།

ཉིན་ཤས་གོང་གསེར་སྐད་(skype) བརྒྱུད་ནས་ཁོང་དང་སྐད་ཆ་བྱུང་། ཐོག་མ་ངེད་གཉིས་སྐད་ཆ་ཤོད་མི་བདེ་བས། ངེད་གཉིས་ལ་འབྲེལ་བ་མེད་པའི་བརྗོད་གཞི་ཞིག་གླེང་ན་ལེགས་བསམ་ནས། ངས་ཤུགས་ལྡན་འབྲུག་ལ་སྡོད་མི་ཆུག་པར་ཕྱི་ལ་ཕུད་ན། ད་ཁོ་ཨ་རིར་སྐྱབས་བཅོལ་ཞུ་བ་ལས་གཞན་འགྲོ་ས་ཅངལྷག་མིན་འདུག་ཅེས་གླེངས། འབྲུག་གི་ལས་བྱེད་ན་རེ། ད་ལོ་འབྲུག་པའི་རྗེ་མཁན་པོའི་བླ་མ་རྟོགས་པ་མཐོན་པོ་ཞིག་གི་གཟིགས་སྣང་ལ་གཟུགས་མེད་འདྲེགས་པ་ཅན་ཞིག་རྒྱ་གར་ནས་འབྲུག་ལ་སྐྱབས་བཅོལ་ལ་ཡོང་ནས། བླ་མ་ཁོང་ལ་སྐྱབས་འཇུག་ཞུས་ནས། སྔོན་མ་དགེ་ལྡན་པའི་གཡོག་ལ་ཚུད་ནས་འབྲུག་ལ་གནོད་པ་གཏོང་དགོས་ཐུག་བྱུང་། བཤགས་པ་ཕུལ་ཟེར། དགེ་ལྡན་པའི་སློབ་དཔོན་འཁོར་གཡོག་ཚོས་སྔོན་ནས་ཁོ་དགྲ་ལ་རྩིས་ནས་དགེ་ལྡན་པའི་གནས་ལ་སྡོད་བློས་མི་བཟོད་པས། ཅི་ནས་འབྲུག་ལ་ཁོང་གི་བཀའ་འོག་གནས་ཆོག་པའི་འབངས་ལ་ཉོར་གཅིག་ཟེར། བླ་མ་ཁོང་གིས་ཞིབ་པར་བརྟག་པས། དེ་གཞན་མིན་པར་ཤུགས་ལྡན་ཡིན་སྐད་འདུག་པས། ལམ་གསེང་འབྲུག་རྒྱལ་པོ་དང་འབྲུག་གཞུང་ལ་སྙན་གསེང་ཞུས་ནས། ཟླ་བ་མང་པོ་ཆོ་ག་བསྒྲུབས་ནས་ད་ཆ་ཕྱིར་ཕུད་པ་རེད་ཟེར། ལྷ་དེས་ད་དུང་བཤད་རྒྱུར། རྒྱལ་དབང་ལྔ་པས་ཕུར་པའི་འཕྲིན་ལས་བསྐུལ་ནས་ལྷ་མི་ཐམས་ཅད་དབང་ལ་བཅུག་སོང་། བཅུ་བཞི་པ་འདི་འཇིགས་བྱེད་གཤིན་རྗེ་གཤེད་ཀྱི་རྣམ་སྤྲུལ་རེད། ཁོ་ཅི་ནས་འབྲུག་ལ་སྡོད་ཆོག་པ་ཟེར། ལས་བྱེད་པ་དེས་ད་དུང་བཤད་རྒྱུར། མཁན་པོའི་བླ་མ་དེས་འབྲུག་གི་སྐྲ་འབེབ་མཁན་བསྐོངས་ནས་དྲིས་པར། འདྲེ་དེ་བཞག་ན་འབྲུག་ལ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོའི་ཆད་པ་འོངས་ཟེར་ནས་ཁ་མཐུན་པས། འཕྲལ་མར་སྲི་གནོན་ཆོ་ག་བསྒྲུབས་ནས་ཕྱིར་བརྫངས་སྐད།

འབྲུག་པའི་ལས་བྱེད་ཀྱིས་བཤད་རྒྱུར། བོད་པ་འགའ་ཤས་ཀྱིས་ཤུགས་ལྡན་འཇམ་དབྱངས་ཀྱི་སྤྲུལ་པ་རེད་ཟེར་བ་འདི་དྭོགས་པ་རེད་འདུག གལ་ཏེ་ཤུགས་ལྡན་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ན། ཅིའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཀྱིས་ཤུགས་ལྡན་གསོལ་མཁན་ལ་ཆད་པ་གཏོང་དགོས་སམ་ཟེར། ངས་ཁོང་ལ་ག་ལེར་གཏམ་གྱི་ཁ་ལོ་བསྒྱུར་ནས། ཁྱེད་ཀྱི་སྤུན་མཆེད་ཚོ་བདེ་པོ་ཨེ་རེད་ཞེས་འདྲི་དུས། ཁོང་ན་རེད། ཁོང་ཚོས་ཁྱེད་ཀྱི་བློ་འགུག་ཆེད་ལྷ་སྲོལ་ཀླུ་སྲོལ་མང་པོ་བྱས་སོང་། ལྷ་པ་མོ་པ་མང་པོ་བསྐོང་ནས། ལྷ་སྒྲུབ་ཀླུ་སྒྲུབ་བྱས་སོང་། ཁྱེད་ལ་ཚོར་བ་ཅང་སླེབས་མ་སོང་ངམ་ཟེར། ངས་དམིགས་བསལ་བསླེབས་མ་སོང་། ང་རང་གི་མ་རབས་ཀྱི་སྤྱོད་པར་འགྱོད་པ་ཆེན་པོ་བསླེབས་སོང་། རྒྱུ་མཚན་གཙོ་བོ་ནི་ཁྱེད་མི་བཟང་པོ་དང་བློ་དཀར་ཞིག་རེད། ཁྱེད་ལྟ་བུའི་མི་བློ་དཀར་འདི་འདྲ་ས་ཕྱོགས་འདིར་ཤིན་དུ་དཀོན་པས་ངེད་གཉིས་ཀྱི་གྲོགས་པོའི་འདུ་ཤེས་དང་དམ་ཚིག་ལ་ངས་ལྷད་བཏང་བ་དེར་སེམས་པ་ཤིན་དུ་ཕངས་བྱུང་ཞེས་ལན་བརྒྱབ།

འབྲུག་གི་ལས་བྱེད་ན་རེ། ཁྱེད་ཐུགས་གཡེང་མ་བྱེད། ང་ཁྱིམ་ཚང་དེའི་བུ་རེད། ཁྱེད་ངའི་གྲོགས་པོ་རེད། ངའི་གྲོགས་པོ་ཁྱིམ་ཚང་གི་གྲོགས་པོ་རེད། ང་ཚོ་ནམ་ཡིན་རུང་ཁྱེད་སྤུན་མཆེད་ལྟ་བུར་རྩིས་པས། གནས་ཚུལ་ཆུང་ཆུང་དེས་ངེད་ཚོའི་མཛའ་གྲོགས་ལ་མི་གནོད་བློ་བདེ་པོ་བྱོས་ཟེར། ང་རང་ནི་དགའ་སྐྱོས་མགྲིན་པར་མཆི་མས་བརྫང་ནས་སྐད་ཆ་མི་ཐོན། ཁོང་ལ་ཐུགས་རྗེ་ཆེ་གྲོགས་པོ། ཐུགས་རྗེ་ཆེ་གྲོགས་པོ་ཞེས་རང་དབང་མེད་པར་ཁ་ནས་ཤོར། འབྲུག་པའི་ལས་བྱེད་ནི་ངའི་གྲོགས་པོ་དང་བློ་ཉེ་ཤོས་ཀྱི་མི་ཞིག་ཡིན། ངེད་གཉིས་འདྲིས་པ་ནས་བཟུང་ངས་ཁོང་ལ་འབྲུག་པའི་ལས་བྱེད་ཟེར་བ་ལས་མིང་ནས་འབོད་མྱོང་མེད་ལ་གྲོགས་པོ་ཞེས་ཁ་ནས་ཐོན་མ་མྱོང་།

ཁོང་གཞུང་གི་ལས་དོན་ཆེད་གྲོང་ཁྱེར་འདིར་ཡོང་སྐབས་ངའི་ཤག་ལ་གནས་ཚང་བྱེད། ཁོང་ལ་ཕྱི་རྒྱལ་གྱི་དཔོན་རིགས་དང་། འབྲུག་པའི་ངོ་ཤེས། རྒྱ་གར་གྱི་ཚོང་པ་སོགས་ཀྱིས་ལག་རྟགས་མང་པོ་སྤྲོད་པར་བྱེད། དེ་ནས་ཁོང་ནས་དངུལ་བཏང་ནས་ནང་མི་དང་བཟའ་ཟླར་ལག་སྐྱེས་མང་པོ་ཉོ་བ་བྱེད། འོན་ཀྱང་ནམ་ཡིན་རུང་ང་ལ་དེ་དག་ལས་བསྐལ་བ་ཆ་གཅིག་རྟག་ཏུ་སྤྲད་ནས་མ་ལེན་ན་ཤིན་དུ་ནས་མི་དགའ་བ་བྱེད། དཔེར་ན། ཁོང་གིས་བུ་སྤུན་ཚོར་ཆུ་ཚོད་རེ་ཉོས་ན། ང་ལ་ཡང་གཅིག་ཉོས་ནས་རིན་སྤྲོད་རྐྱང་བྱེད། ནམ་རྒྱུན་སྐད་ཆ་ཉུང་ཉུང་དང་། ཨ་རག་ཝེ་སི་ཀི་ལ་དགའ་པོ་ཡོད།
མཐར་ངེད་གཉིས་སྐད་ཆ་མཇུག་སྒྲིལ་ཁར་ཁོང་གིས་བཤར་རྒྱུར། ཁྱེད་ཀྱི་སྤུན་མཆེད་ཆང་ས་བརྒྱབ་མེད་པ་ངའི་གཅུང་མོར་ངོ་སྤྲོད་བྱེད་རྒྱུ་ཡོད་ན་བསམ་བློ་ཐོངས་ཨ་ཟེར། ངས་ཀྱང་ཡིན་དང་ཡིན། ངའི་ཆུང་མའི་སྤུན་མཆེད་ཆུང་བ་དེ་གང་འདྲ་འདུག་ཟེར་དུས། ཁོང་ཡག་པོ་འདུག སྔོན་ལ་ཁོང་གི་སྤྱོད་པ་དང་གཤིས་ཀ་ལ་བརྟག་དཔྱད་ཡག་པོ་ཞིག་གྱིས་ཨང་ཟེར་ནས་ངེད་གཉིས་ཀྱི་གཏམ་གླེང་མཇུག་སྒྲིལ།

 

དྲན་ཐོ།

Post navigation

Previous Post: ཁོ་རེ་ཡ་ལྷོ་བྱང་གི་དམག་འཁྲུག
Next Post: དྲ་གྲོགས་ལ་ཕུལ་བའི་ཀ་བཤད་དྲུག་པ།

Comments (33) on “ཤུགས་ལྡན་འབྲུག་ལ་བསླེབས་ཡོད་སྐད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-06 at 12:22 am

    ་་་་་་་་་་་་་་་་་་་ ཤུགས་ལྡན་འབྲུག་ལ་སྡོད་མི་ཆོག་ཟེར། དེ་འབྲུག་ནས་ཕྱིར་ཕུད་པ་ཡིན་ཟེར། ་་་་་་་་་་་་་་་་་་་

  2. ཁྱུང་སེ། says:
    2014-12-06 at 1:26 am

    ཤུགས་ལྡན་བོད་མི་ཡིན་པས་ཡིན་ནམ། དེ་མིན་འབྲུག་ལ་ལྷ་ཀླུ་གཞི
    བདག་སྡོད་མི་ཆོག་པ་ཡིན་ནམ། ཡང་ན་རྗེ་མཁན་པོའི་བཀའ་འོག་ལ་མེད་པའི་ལྷ་ཀླུ་མེད
    པ་ཡིན་ནམ། ད་ཡང་འབྲུག་ཡུལ་འདི་ཡང་བལ་པོའི་རྙོག་ཁྲ་ཞི་རྗེས་ལྷ་འདྲེའི་རྩོད་པ
    ཞིག་མགོ་འཛུག་གི་ཡོད་པ་འདྲ། རྨོངས་དད་རིང་ལུགས་པས་འདི་ལས་ཁ་ཐབས་མེད་པ
    འདྲ།

  3. བདེན་པའི་ཕོ་ཉ་ says:
    2014-12-06 at 1:29 am

    ཤུག་ལྡན་མ་རེད་དོལ་རྒྱལ་རེད་དོལ་རྒྱལ་འབྲུག་ལ་སྐྱབས་བཅོལ་ལ་མ་འགྲོ་བར་རྷྱ་ནག་ལ་ཕྱིན་་འདུག་རྒྱ་ནག་ནས་དངུལ་མང་པོ་རག་ནས་དེང་སང་ཨ་རི་དང་ཕྱི་རྒྱལ་ཁག་ལ་བདུག་ཟེར་

  4. རྟ་བདུན་དབང་བོ says:
    2014-12-06 at 2:36 am

    གཟུགས་མེད་ཅིག་ཡིན་ཡང་གཟུགས་ཅན་ཞིག་ལ་བརྟེན་དགོས་ནི་མི་འགྲོ དེ་མིན་ཁོ་རང་འབྲུག་ཡུལ་ནས་བསྡད་ན་ལོས་ཆོག འོན་ཀྱང་འབྲུག་གིས་ཁོ་རང་ལྷར་རྩིས་རྒྱུ་མ་རེད། འབྲུག་པ་ཚོ་བོད་པ་ལས་སྤྱང་གྲུང་འཛོམས་པོ་ཡོད་ས་རེད། ཁོ་རང་རང་བཙན་ནི་རེད་འདུག ཆ་རྐྱེན་ནི་ཡག་པོ་འདུག ཞི་བདེ་རྒྱལ་ཁབ་ནི་རེད་འདུག ཆོས་ཀྱི་རྒྱལ་ཁབ་ཀྱང་རེད་འདུག འབྲུག་ཡུལ་དངོས་གནས་ཡིད་སྨོན་ཤོར་ས་ཞིག་རེད། ངེད་ཀྱི་སྐྱེ་བ་རྗེས་མ་དག་པའི་ཞིང་ཞིག་ཏུ་བགྲོད་མི་ཐུབ་ན། འབྲུག་ཡུལ་ཞིག་ནས་སྐྱེ་བའི་སྨོན་ལམ་འདེབས་ཀྱི་ཡིན་ད།།

  5. ནད་མེད་ཚེ་རིང་། says:
    2014-12-06 at 8:56 am

    དོ་རྒྱལ་འབྲུག་ལ་ཕྱིན་ཀྱང་བདག་པོ་རྒྱག་པ་དང་གསོ་མཁན་མི་རག་ཐག་གཅོད་རེད། གང་ལ་ཞེ་ན་དེ་སྔ་ལོ་རྒྱུས་ནང་དགེ་ལུགས་ལ་མི་དགའ་བ་མ་ཟད། མི་མང་ཕོན་ཆེ་རྙིང་མ་དང་བཀའ་བརྒྱུད་ཆོས་ལུགས་ཡིན། དོ་རྒྱལ་ལ་འབྲུག་པའི་ཨུར་ཏེ་དགོས་ཀྱི་ཡོད་པ་འདྲ། དྲ་གྲོགས་རྣམ་ནས་དེང་སང་དོ་རྒྱལ་སྐུ་བརྟེན་ལ་ཞུགས་ཀྱི་ཡོད་པ་མཁྱེན་གྱི་ཡོད་དམ། ངའི་ཤེས་ཚོད་ལ་དོ་རྒྱལ་ཕེབས་རྒྱུ་མེད་པ་ཆགས་ཚར་རེད་གོ་ཐོས་བྱུང་ལ་དངོས་འབྲེལ་བཟོ་འདྲ་མངོན།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-12-06 at 11:00 am

    ལྷ་ཁོག་ཞུགས་དང་། འདྲེ་ཁོག་བཞུགས་གཉིས་ཁྱད་པར་གང་ཡོད་དམ། ལགས།
    ཤུགས་ལྡན་ཁོག་བཞུགས་ལ་ལྟོས་དང་།
    https://www.youtube.com/watch?v=1IyD3l8DEo0

    ནད་མེད་ཚེ་རིང་ལགས།

  7. བསྟན་འཛིན། says:
    2014-12-06 at 2:53 pm

    མིའི་ཁོག་ལ་འདྲེ་བཞུགས་པ་དང་ལྷའི་ཁོག་ཏུ་མི་བཞུགས་པ་གཉིས་གཅིག་པ་རེད།

  8. ནད་མེད་ཚེ་རིང་། says:
    2014-12-06 at 3:01 pm

    ཀརྡོ་གཉེར་ཕྱག་ལགས། ཁྱེད་ནས་དོལ་རྒྱལ་སྐུ་གསོལ་གྱི་དྲ་ཐག་འདི་རྙིང་པ་རེད། ངར་ཤེས་འདོད་པ་འདི་ལོ་ཤས་སྔོན་ནས་དོལ་རྒྱལ་བསྟེན་སྲོལ་ཐད་རྙོག་གླེང་ཤུགས་ཆེ་འགྱུར་བ་ནས་བཟུང་དོལ་རྒྱལ་སྐུ་གསོལ་གྱི་བརྙན་འཕྲིན་གསར་པ་མཐོང་རྒྱུ་མིན་འདུག་ན་དོལ་རྒྱལ་སྐུ་ཕེབས་ཡས་མེད་པ་མངོན། དེ་མིན་དོལ་ཚོགས་ནས་སྐུ་གསོལ་མུ་མཐུད་བྱེད་ནས་མི་མང་མཇལ་ཁ་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱ་རྒྱུ་ཡིན་པ་ཤེས་གསལ་ཡིན།

  9. ཁྱི་ནག་ says:
    2014-12-06 at 9:10 pm

    ད་དཔེ་བསགས་ཞག དོལ་རྒྱལ་འབྲུག་ནས་ཕུད། ཡང་རྒྱ་གར་ལ་ལོག་ནས་རྙོག་ཁྲ་རེད། ད་གང་བྱེད་དགོས་སམ། དོལ་རྒྱལ་ལ་སྙིང་ནི་སྙིང་རྗེ་བཞིན་འདུག ཁོ་ཡང་སེམས་ཅན་ཞིག་རེད། ཨ་ཡོ། ད་གང་དྲག

    སྔོན་མ་བལ་ཡུལ་ནས་བྱ་བྲལ་རིན་པོ་ཆེས་དོལ་རྒྱལ་རྒྱལ་དབང་ལྔ་པ་དང་སྨིན་གླིང་ཁྲི་ཆེན། དེ་བཞིན་གསང་སྔགས་གསར་རྙིང་གི་བླ་ཆེན་རྣམས་ཀྱིས་མཐར་བསྐྲད་ཟིན། ཁོའི་རྣམ་ཤེས་ཕོས་ཟིན། ད་ལྟ་མེད་གསུངས། དེ་ཡིན་པ་ཤོག

  10. མེ་ཏོག་དཀར་པོ says:
    2014-12-06 at 9:29 pm

    སྤྱིར་བཏང་ཤུགས་ལྡན་བསྟེན་མ་བསྟེན། ཤ་ཟ་མ་ཟ། མཇེ་འཇིབ་མ་འཇིབ་སོ་སོའི་རང་དབང་རེད། ཡིན་ནའང་། གང་དུ་བོད་པ་ཡོད་ན་དེ་རུ་དགེ་ལུགས་ཡོད། གང་དུ་དགེ་ལུགས་ཡོད་ན་དེ་རུ་ཤུགས་ལྡན་ཡོད། དེས་ན་འབྲུག་ལ་བོད་པ་ཡོད་ཙང་ཤུགས་ལྡན་ཡོད་ཡོད་པ་རེད། ཤུགས ལྡན་བསྟེན་མཁན་བོད་པ་ཕྱུགས་པོ་ཞིག་ཧ་གོ་གི་ཡོད་པས་འབྲུག་གཞུང་གྲྭ་ཚང་ལ་རྩིས་སྤྲོད་དགོས་སྙམ་ཡོད།

  11. བསྟན་འཛིན། says:
    2014-12-06 at 11:22 pm

    འདིར་གཟིགས། http://youtu.be/75eICWhbp7g

  12. ཀརྡོ་གཉེར་ཕྱག་པ་ says:
    2014-12-07 at 12:13 am

    ་་་་་་་་་་་་་་་་ ངར་ཤེས་འདོད་པ་འདི་ལོ་ཤས་སྔོན་ནས་དོལ་རྒྱལ་བསྟེན་སྲོལ་ཐད་རྙོག་གླེང་ཤུགས་ཆེ་འགྱུར་བ་ནས་བཟུང་དོལ་རྒྱལ་སྐུ་གསོལ་གྱི་བརྙན་འཕྲིན་གསར་པ་མཐོང་རྒྱུ་མིན་འདུག་ན་དོལ་རྒྱལ་སྐུ་ཕེབས་ཡས་མེད་པ་མངོན། ་་་་་་་་་་་ ཟེར།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-12-07 at 1:05 am

    དོལ་རྒྱལ་རང་གི་ཚེ་རྫོགས་ནས་སྡུག་ཤི་ཐེབས་ཡོད་ན་མ་གཏོགས། དེ་བསྒྲལ་ཐུབ་མཁན་སྔགས་འཆང་ནི་ཡོད་ཚོད་མི་འདུག

  14. བསྟན་འཛིན་རྒྱལ་པོ། says:
    2014-12-07 at 8:04 am

    ཁ་བརྡ་དྲ་བའི་གཙོ་སྒྲུབ་པ་ལགས་སུ་ཞུ་གསོལ།
    གུས་པ་ཁ་བརྡ་དྲ་བའི་ཚོགས་མི་རྙིང་པ་ཞིག་ཡིན་པར་མ་ཚད་ནམ་རྒྱུན་གློག་འཕྲིན་དང་རང་མིང་འདི་རང་སྤྱད་ནས་བྲིས་དང་འབྲི་བཞིན་ཡོད་ཀྱང་། དེ་རིང་ངའི་མཆན་ལ་དག་མཆན་འཐོབ་རྒྱུར་སྒུག་དགོས་དོན་གང་ཡིན་ནམ། ཡང་ན་ད་ནས་བཟུང་ཁ་བརྡ་དྲ་བའི་མཆན་ཡོད་ཚད་ལ་དག་མཆན་འཐོབ་དགོས་པ་ཡིན་ནམ།

  15. བསྟན་འཛིན་རྒྱལ་པོ། says:
    2014-12-07 at 8:05 am

    ༧དཔལ་ན་ལེན་ཌའི་ཆོས་རྒྱུས་ཀྱི་རྗེས་འཇུག་རྒྱ་གར་པན་གྲུབ་རྣམས་ཀྱི་གསུང་དང་༧རྗེ་ཙོང་ཁ་པས་སྲོལ་བཏད་པའི་རི་བོ་དགེ་ལྡན་པའི་གཞུང་ལུགས་ཁུངས་མ་རྣམས་ཀྱི་ནང་ལྷ་ཀླུ་གཞི་བདག་གསོལ་རྒྱུ་ཡོད་པ་ཞིག་མ་མཐོང་།
    https://www.youtube.com/watch?v=-4qzN4dVAYU
    https://www.youtube.com/watch?v=75eICWhbp7g&feature=youtu.be

    འདི་ཚོ་མཐོང་ཡོང་དུས་དད་པ་ཡོང་རྒྱུ་དང་ཕར་ཙམ་རེད། དངོས་གནས་ཞེད་སྣང་ལང་རྒྱུ་འདྲ་ཟིག་རེད།

  16. ཁ་བརྡ་རྩོམ་སྒྲིག་པ། says:
    2014-12-07 at 9:01 am

    སྐུ་ཞབས་བསྟན་འཛིན་རྒྱལ་པོ་ལགས།

    ཁ་བརྡས་ཁྱེད་ཀྱི་མཆན་བུ་བཀག་འགོག་བྱས་པ་དེ་འདྲ་ཅི་ཡང་མེད། མཆན་བུ་མི་འགྲོ་བའི་དུས་དེར་ཡང་བསྐྱར་གཟབ་ནན་ངང་ཚོད་ལྟ་གནང་རྒྱུ་གལ་ཆེའོ་ཞེས་ཞུ་བ་ལགས།

  17. ལྷག་བསམ་པདྨ། says:
    2014-12-07 at 9:30 am

    སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་གདོན་འདྲེའི་ཚོགས།། མིང་གི་ལྷག་མ་ཙམ་ཡང་མེད་པར་ཤོག།

  18. ལྷག་བསམ་པདྨ། says:
    2014-12-07 at 9:46 am

    གངས་ཅན་ཚ་བོ་ཚ་མོ་རྣམས།། སྐྱབས་གཅིག་ཕྱག་ན་པདྨོ་ཡི།།
    གསུང་གི་བདུད་རྩི་སྙིང་བཅིངས་ནས།། ལུགས་གཉིས་གདམ་ཁ་མ་ནོར་དགོས།།

  19. ལྷག་པ་ཚེ་རིང་། says:
    2014-12-07 at 10:04 am

    དོལ་རྒྱལ་མིང་གི་ལྷག་མ་ཙམ་ཡང་མེད་པར་ཤོག

  20. རང་བྱུང་རིག་པའི་རྡོ་རྗེ says:
    2014-12-07 at 1:56 pm

    དྲང་མོར་བཤད་ན། དོལ་རྒྱལ་ཟེར་བ་དེ་ང་ཚོའི་སྤྱི་ཚོགས་ནང་དུ་དགོས་པ་མ་རེད་ལ། རྒྱང་ཕུད་བཏང་ན་ལེགས། འོན་ཀྱང་༧གོང་ས་མཆོག་ནས་འཇིག་རྟེན་པའི་ལྷ་གསོལ་རྒྱུ་མང་དྲག་འདུག འདི་ནི་དངོས་གནས་ཡིན། ༧་གོང་ས་མཆོག་གི་གསུང་ཆོས་རྭ་བར་ལྟོས་དང་ལྷ་རྟེན་མང་བོ་ཞིག་ཁོང་གི་གཡས་གཡོན་དུ་གྲལ་སྒྲིག་ནས་ཡོད། འདི་ནི་ནང་པའི་དགེ་སློང་ཚད་ལྡན་ཞིག་གི་ལུགས་མ་རེད། འཇིག་རྟེན་ཡོངས་གྲགས་ལ་ལྷ་དང་འདྲེ་ནི་མི་བསོད་ནམས་ཅན་ཞིག་གི་ཁོག་ཏུ་ཞུགས་མི་ཐུབ་པ་བོད་ཀྱི་བཤད་སྲོལ་ཡིན། དེས་ན་བསོད་ནམས་མེད་པའི་མི་ཕལ་བ་འདི་ཚོར་གོ་གནས་བླ་སྤྲུལ་དང་མཉམ་དུ་སྡོད་བཅུགས་པ་འདི་ནི་ནང་བསྟན་ཀྱི་ལུགས་ག་ལ་ཡིན། ༧གོང་ས་མཆོག་འཇིག་རྟེན་པའི་ལྷ་ལ་རག་ལས་རྒྱུ་མང་དྲག་འདུག འདི་ནི་དངོས་གནས་ཡིན་ད། དུས་རབས་ཉེར་གཅིག་གི་ནང་དུ་བླ་དཔོན་ཚོས་མཛུམ་མོ་ནུབ་ལ་བཙུགས་ནས་འདི་ཤར་རེད་ཅེས་བརྗོད་ན། ང་ཚོས་སྤོབས་པ་དང་བཅས་ཏེ་ཤར་མ་རེད་ནུབ་རེད་ཅེས་ངེས་པར་དུ་བརྗོད་དགོས། །

  21. ཁྱི་ནག་ says:
    2014-12-08 at 12:53 am

    དོལ་རྒྱལ་ཚོགས་པས་ཨི་ཊ་ལི་ལ་རྒྱལ་དབང་མཆོག་གི་ཆིབས་སྒྱུར་ལ་ངོ་རྒོལ་བྱ་རྒྱུ་རེད་འདུག འདིར་ཁོང་ཚོའི་འཆར་གཞིག་ཁག་གཅིག་འདུག ཚང་མས་རྒྱ་ཆེར་སྒྲོགས་རོགས།

    http://internationalshugdencommunity.com/prebooking-advice-rome-demos/

  22. ཀརྡོ་གཉེར་ཕྱག་པ་ says:
    2014-12-08 at 2:36 am

    དོལ་ཚོགས་ཀྱི་འཆར་གཞི།
    http://internationalshugdencommunity.com/prebooking-advice-rome-demos/

  23. ཀརྡོ་གཉེར་ཕྱག་པ་ says:
    2014-12-08 at 2:40 am

    ༸སྐུའི་སྐུཕྱྭའི་ཆེད་དུ་རེ་སྐུལ།
    http://www.tibettimes.net/news.php?showfooter=1&id=9580

  24. ཏི་སི། says:
    2014-12-08 at 1:13 pm

    འབྲུག་ཡུལ་ནི་གུ་རུ་བཀའ་དྲིན་ཅན་ལ་གསོལ་བ་འདེབས་མཁན་ཁོ་ན་ཡིན་པས། བོད་པ་བ་དང་འདྲ་ནི་མ་རེད། འབྲུག་ཡུལ་ནང་དུ་གུ་རུའི་སྐུ་གཙང་ཆུ་ནང་ལ་གཡུག་པའི་ལོ་རྒྱུས་མེད། གུ་རུ་ཐང་ཡིག་མེ་ལ་སྦྱོན་མ་མྱོང་། བྱས་ཙང་རང་བཙན་ཡང་ཤོར་མེད་ལ། ཤུག་ལྡན་རྒྱལ་འགོང་ལ་སྐྱབས་ཡུལ་དུ་ཞུ་མཁན་གོམ་གང་སྤོ་མི་ཐུབ།

  25. གཡུ་འབྲུག་དཀར་པོ། says:
    2014-12-09 at 6:55 am

    དངོས་ནས་བྱས་ན་ངོས་རང་ཁ་བརྡའི་ནང་དུ་ཁ་བརྡ་མི་བྱེད་བསམས་པ་ཡིན། ཡིན་ན་ཡང་དེ་རིང་འབྲུག་པ་ལས་བྱེད་ལགས་ཀྱི་གྲོགས་པོ་ཡིན་པར་ཁས་འཆེས་པ་ཞིག་གིས་བདེན་མེད་ཀྱི་གཏམ་ཞིག་བསྒྲགས་འདུག་པས་དོགས་སེལ་ཞིག་བྱེད་ན་བསམ་བྱུང་། སྤྱིར་བཏང་རྗེ་མཁན་པོས་ཤུགས་ལྡན་རྒྱང་ཕུད་བཏང་བ་བདེན་པ་རེད་དེ། ཡིན་ན་ཡང་ཤུགས་ལྡན་དེ་རྒྱང་ཕུད་གཏང་དགོས་པའི་རྒྱུ་མཚན་དེ་ཁོང་གིས་བཤད་པ་ལྟར་རང་ཨེ་ཡིན་ན་བསམ། གང་ལྟར་ངས་ཤེས་པ་དེ་ཚོ་ཁྱེད་རྣམ་པ་ལ་ཞུ་ན། ཤུགས་ལྡན་རྒྱང་ཕུད་བཏང་ས་དེའི་མིང་ལ་སྤྱི་ཞིང་དགོན་པ་ཟེར། སྤྱི་ཞིང་དགོན་པ་དེ་ནི་འབྲུག་ཡུལ་དུ་ས་སྐྱའི་དགོན་པ་ཆེ་ཤོས་ཤིག་ཡིན། དགོན་པ་དེ་ཕལ་ཆེར་སྤྱི་ལོ་༡༥༤༠ ཙམ་ལ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་དང་ཀོང་སྟོན་དབང་ཕྱུག་གྲགས་པའི་སློབ་མ་ཐུབ་བསྟན་རྣམ་རྒྱལ་གྱི་གདན་རབས་བཞི་པ་མཁན་ཆེན་བློ་གྲོས་རབ་ཡངས་ཀྱིས་བཏབ་འདུག། དེ་ཡིན་དུས་དགོན་པ་དེར་ཡོད་པའི་ཤུགས་ལྡན་ནི་དགེ་ལུགས་དང་འབྲེལ་རྩ་བ་ནས་མེད་ཅིང་རྗེ་མཁན་པོས་ཁོང་རྒྱང་ཕུད་གཏང་དགོས་པའི་རྒྱུ་མཚན་ཡང་དགེ་ལུགས་དང་འབྲེལ་བ་མེད། འོ་ན་རྒྱང་ཕུད་གཏང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན་དེ་སྔོན་དགོན་པ་དེ་ས་སྐྱ་ངོར་ཨེ་ཝཾ་ཆོས་སྡིངས་ནས་བསྐོས་བཞག་གནང་བའི་བླ་སློབ་ཚོས་འཛིན་སྐྱོང་གནང་གི་ཡོད་ན་ཡང་། བར་སྐབས་ཤིག་ནས་ཨེ་ཝཾ་ཆོས་སྡིངས་ནས་བླ་དཔོན་བསྐོ་བཞག་གནང་རྒྱུ་རྒྱུན་ཆད་དེ་ཡུན་རིང་སོང་ཡོད་པ་འདྲ། དེ་ལ་བརྟེན་ནས་ཡུལ་མི་རྣམས་ཀྱིས་གཙུག་ལག་ཁང་དེ་འབྲུག་གཞུང་གི་གྲྭ་ཚང་ལ་ཕུལ་བས་གཙུག་ལག་ཁང་དེའི་དཀོར་སྲུང་ལྟ་བུར་བསྟེན་པའི་ཤུགས་ལྡན་དེ་རྒྱང་ཕུད་བཏང་ནས་དེའི་ཚབ་ཏུ་དགེ་བསྙེན་ཇག་པ་མེ་ལེན་དཀོར་སྲུང་ལ་བསྐོས་འདུག། རྒྱུ་མཚན་གཅིག་ནི་ཤུགས་ལྡན་དེ་ལ་ལོ་ལྟར་གཡག་བསད་ནས་མཆོད་དགོས་ཀྱི་ཡོད་པ་ལས་རྗེ་མཁན་པོས་དམར་མཆོད་བྱེད་མི་ཆོག་པ་བཟོ་དུས་ཡུལ་དེར་འཚུབས་ལྷོངས་འདྲ་མིན་མང་པོ་བྱུང་བའི་ལོ་རྒྱུས་ཤིག་ཀྱང་འདུག། དེ་ལ་བརྟེན་ནས་ཁོང་རྒྱང་ཕུད་བཏང་པ་ཡིན་པ་ཡང་ཤས་ཆེ། དེ་དང་ལྷན་དུ་ཞུ་རྒྱུ་ལ་ཁྱེད་རྣམ་པར་དབང་ཕྱུག་གྲགས་པ་དང་དེ་བཞིན་བྱམས་ཆེན་སྐུ་སྐྱེ་རྡོ་རྗེ་ཚེ་བརྟན་ཆོས་ཀྱི་དབང་ཕྱུག། ཤངས་ཕུའི་མཚོ་རྒྱལ་རྣམས་ཀྱི་རྣམ་ཐར་འདྲ་ཡོད་ན་ང་ལ་གསུངས་རོགས། ཁོང་རྣམས་ནི་བློ་གྲོས་རབ་ཡངས་དང་འབྲེལ་བ་ཡོད་པའི་བླ་མ་རྣམས་རེད།

  26. ལྷ་སྲས་དར་མ། says:
    2014-12-09 at 9:08 am

    ལྷ་འདྲེ་ཟེར་བ་གང་ཡང་རུང་བ་ཞིག་མི་ཡི་ཁོག་ཏུ་ཞུགས་ཡོད་པ་མ་སེམས་ཀྱང་གཡོ་དང་ཁྲམ་གྱིས་འཕྲུལ་འཁོར་ཞུགས་པ་ལ་ཐེ་ཚོམ་གང་ཡང་མེད། ད་བར་དུ་བྱུང་བའི་འཕྲུལ་འཁོར་དེ་ཚོ་ལ་སོམས་དང་ལྷ་དང་འདྲེ་གང་ཡང་ཞུགས་ཀྱི་མེད་པ་མངོན་པར་གསལ། དེང་གི་ལྷ་ཡི་ལུང་དང་འདྲེ་ཡི་ལུང་དེ་ཚོ་ལས་དྲག་ག་ངས་ཀྱང་བཤད་ཐུབ།

  27. ཀརྡོ་གཉེར་ཕྱག་པ་ says:
    2014-12-09 at 9:18 am

    ཤུགས་ལྡན་ལ་དམར་མཆོད་ཕུལ་བ།
    ་་་་་་་་་་་་་་ དེ་ལ་བརྟེན་ནས་ཡུལ་མི་རྣམས་ཀྱིས་གཙུག་ལག་ཁང་དེ་འབྲུག་གཞུང་གི་གྲྭ་ཚང་ལ་ཕུལ་བས་གཙུག་ལག་ཁང་དེའི་དཀོར་སྲུང་ལྟ་བུར་བསྟེན་པའི་ཤུགས་ལྡན་དེ་རྒྱང་ཕུད་བཏང་ནས་དེའི་ཚབ་ཏུ་དགེ་བསྙེན་ཇག་པ་མེ་ལེན་དཀོར་སྲུང་ལ་བསྐོས་འདུག།
    རྒྱུ་མཚན་གཅིག་ནི་ཤུགས་ལྡན་དེ་ལ་ལོ་ལྟར་གཡག་བསད་ནས་མཆོད་དགོས་ཀྱི་ཡོད་པ་ལས་རྗེ་མཁན་པོས་དམར་མཆོད་བྱེད་མི་ཆོག་པ་བཟོ་དུས་ཡུལ་དེར་འཚུབས་ལྷོངས་འདྲ་མིན་མང་པོ་བྱུང་བའི་ལོ་རྒྱུས་ཤིག་ཀྱང་འདུག། ་་་་་་་་་

  28. མེ་ཏོག་དཀར་པོ says:
    2014-12-09 at 9:20 am

    གཡུ་འབྲུག་ལགས། སྐུ་གཟུགས་བཟང་པོ། དགེ་ལུགས་དང་འབྲེལ་བ་མེད་པའི་ཤུགས་ལྡན་ཟེར་དུས། དགེ་ལུགད་དང་འབྲེལ་ཡོད་ངང་འབྲེལ་མེད་ཀྱི་ཤུགས་ལྡན་གཉིས་ཡོད་པ་འདྲ་པོ་གོ་ཡོང་གི་འདུག ཤུགས་ལྡན་གཉིས་སམ་དེ་ལས་མང་བ་ཡོད་དམ།

  29. ཀརྡོ་གཉེར་ཕྱག་པ་ says:
    2014-12-09 at 9:20 am

    ་་་་་་་་ ཤུག་ལྡན་རྒྱལ་འགོང་ལ་སྐྱབས་ཡུལ་དུ་ཞུ་མཁན་གོམ་གང་སྤོ་མི་ཐུབ། ་་་་་་ཟེར།

  30. ཀརྡོ་གཉེར་ཕྱག་པ་ says:
    2014-12-09 at 9:27 am

    དོལ་རྒྱལ་ཤུགས་ལྡན་འདི། སྨོན་ལོག་དམ་སྲི་འབྱུང་པོ་ཡིན་པའི་ཁུངས་ལ།
    ༸གོང་ས་ལྔ་པའི་གསུང་གཟུ་དཔང་ལས།
    ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །
    གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །
    བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །
    གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
    དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
    སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
    བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །
    མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །

  31. ལྷ་སྲས་དར་མ། says:
    2014-12-09 at 9:28 am

    ཀརྡོ་ཁྱེད་རང་ནོར་བ་མིན་འགྲོ་དོལ་རྒྱལ་ལ་གཡག་གི་དམར་མཆོད་མ་རེད་མི་ཡི་དམར་མཆོད་རེད་ལ་མི་ཡི་ནང་ནས་རྗེ་ཙོང་ཁ་པའི་ཆོས་བརྒྱུད་འཛིན་མཁན་དགེ་སློང་གྲགས་རྒྱན་ལ་འགྲན་ནུས་པ་དེ་འདྲ་དམར་མཆོད་གཏང་བ་ངས་དྲན་གྱི་འདུག

  32. ཀརྡོ་གཉེར་ཕྱག་པ་ says:
    2014-12-09 at 9:52 am

    # 25 གཡུ་འབྲུག་དཀར་པོ།་ལགས་ཀྱིས།
    ་་་་་་་་ རྒྱུ་མཚན་གཅིག་ནི་ཤུགས་ལྡན་དེ་ལ་ལོ་ལྟར་གཡག་བསད་ནས་མཆོད་དགོས་ཀྱི་ཡོད་པ་་་་་་་་་་

  33. གཡུ་འབྲུག་དཀར་པོ། says:
    2014-12-10 at 4:09 am

    སྐུ་གཟུགས་བཟང་པོ་མེ་དཀར་ལགས། ངས་རྒྱང་ཕུད་བཏང་བའི་ཤུགས་ལྡན་དེ་དགེ་ལུགས་དང་འབྲེལ་བ་མེད་ཟེར་རྒྱུ་དེ་ གོང་དུ་འགའ་ཞིག་གིས་བོད་རིགས་ཡོད་ས་དགེ་ལུགས་ཡོད། དགེ་ལུགས་ཡོད་སར་ཤུགས་ལྡན་ཡོད་ཟེར་བ་ལ་སོགས་པའི་སྒོ་ནས་ཤུགས་ལྡན་རྒྱང་ཕུད་གཏང་ཡ་དེ་འབྲུག་པས་དགེ་ལུགས་ལ་སྡང་བས་ཡིན་མདོག་མདོག་ཅིག་བཤད་འདུག་པ་དང་། དེ་བཞིན་རྩོམ་པ་པོའི་ངོས་ནས་ཀྱང་རྗེ་མཁན་པོའི་མནལ་ལམ་དུ་གཅིག་གཅིག་གཉིས་གཉིས་བྱུང་སོང་ཟེར་ནས་ ཤུགས་ལྡན་སྔར་མེད་གསར་དུ་སྐྱབས་བཅོལ་དུ་སླེབས་པ་ལས་རྒྱང་ཕུད་བཏང་བའི་བཟོ་འདྲ་ཞིག་བྱས་ནས་ཆོས་ལུགས་དང་མི་རིགས་བར་གྱི་འཁོན་སློང་བྱེད་ཀྱི་གཏམ་འདྲ་མ་འདྲ་མང་པོ་བཤད་འདུག་པས་དེ་ལ་དམིགས་ནས་ཞུས་པ་ཡིན། ཞུ་འདོད་པའི་སྙིང་པོ་ནི་རྒྱང་ཕུད་བཏང་བའི་ཤུགས་ལྡན་དེ་དགེ་ལུགས་དང་འབྲེལ་བ་མེད་ཟེར་དུས་ཤུགས་ལྡན་ལ་དགེ་ལུགས་དང་འབྲེལ་བ་གཅིག་དང་མ་འབྲེལ་བ་གཅིག་བཅས་དབྱེ་བ་ཡོད་པའི་སྐད་ཆ་མིན་པར་ སྔར་ཤུགས་ལྡན་བསྟེན་དགོས་པའི་རྒྱུ་མཚན་དང་ ད་ལྟ་རྒྱང་ཕུད་བཏང་དགོས་པའི་རྒྱུ་མཚན་གཉིས་ཀ་དགེ་ལུགས་དང་འབྲེལ་བ་མེད་ཅེས་ཞུས་པ་ཡིན། དེ་ཙམ་གྱིས་དྲ་གྲོགས་མེ་དཀར་ལགས་ཀྱི་དོགས་པ་བསལ་ཡོད་ཡོད་པའི་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme