སྐྱོ་བྲག་དགའ་དབང་།
ཁོ་བོའི་གཅུང་པོ་ལེགས་མཐོང་གིས། ད་རུང་ལྟ་བུ་དང་ང་ཚོ་ལྟ་བུ་ཕལ་སྐད་རྣམས་དོན་ལ་སྐྱོན་ཆ་མེད་ཀྱང་གཞུང་ཆེན་པོའི་འགྲེལ་བཤད་སྐབས་མེད་ན་མཛེས་པར་སྣང་། ཞེས་གསུངས་པ་ལ་བརྟེན་ནས་གཞུང་འགྲེལ་འགའ་ལ་ལྟ་རྟོག་ཧོལ་ཙམ་བགྱིས་པ་ན། ང་ཚོ་ཞེས་པ་བེད་སྤྱོད་བཏང་བ་ཞིག་མ་ཐོབ་ནའང་། ད་རུང་ནི། བུ་སྟོན་ཆོས་འབྱུང་ལས། མཆོད་རྟེན་བརྩིགས་པ་ད་རུང་ཡང་ཡོད་པར་གྲག་གོ། །ཞེས་དང་།
པད་དཀར་ཕྱག་ཆེན་ལས། རྡོ་རྗེ་ཐེག་པའི་ལུགས་ལ། ད་རུང་འཁོར་བའི་འཇུག་པ་ནི་ཡོད་དོ། །ཞེས་དང་།