རྣམ་རྒྱལ་གྲྭ་ཚང་གི་གསེར་སྐུ
བློ་བཟང་ཡེ་ཤེས། ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༢༩ ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ཡོད་པའི་དུས་འཁོར་ལྷ་ཁང་དུ་ཕྱིན་ཅིང་མཆོད་མཇལ་བྱས། ཕྱི་ལོ་ ༢༠༠༣ ལོའི་ཡར་སྔོན་དུ་ལྷ་ཁང་གི་རྩིགས་ངོས་སུ་བྲིས་པའི་དུས་འཁོར་ལྷ་གྲངས་ཡོངས་རྫོགས་ཀྱི་བྲིས་ཐང་ལས་གཞན་དམིགས་བསལ་མེད་མོད། ད་སྐབས་༧རྒྱལ་བའི་བཞུགས་ཁྲིའི་མདུན་གྱི་གཡོན་ཕྱོགས་སུ་ཤེལ་སྒམ་ནང་དུ་གསེར་ཟངས་ལས་བསྐྲུན་པའི་དུས་ཀྱི་འཁོར་ལོའི་སྐུ་བརྙན་ཆེན་པོ་བཟོ་རྩལ་ཤིན་ཏུ་ལེགས་པ་ཞིག་དང་། གཡས་ཕྱོགས་སུ་སྒྲོལ་མའི་སྐུ་བརྙན་ཆེ་བ་སྤུས་ཚད་དེ་བས་ཀྱང་ལེགས་པ་གཉིས་བཞུགས་སུ་གསོལ་འདུག་པས་ཞིབ་མོར་མཇལ་བ་ཡིན།