Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐེའུ་རང་དང་ཁྲག་ཡིག།

Posted on 2009-08-02 By ཀླུ་ 9 Comments on ཐེའུ་རང་དང་ཁྲག་ཡིག།

tirang-trak

བོད་ནང་གི་བོད་རིགས་ན་གཞོན་རྩོམ་པ་པོ་དང་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ། ད་དུང་༼ཁྲག་ཡིག་༽དཔེ་དེབ་གྱི་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཞེས་བ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དབྱར་ཁའི་གུང་སེང་དང་བསྟུན་སྤྱི་ཟླ་བདུན་པའི་ཕྱི་ཚེས་ ༢༦ ཉིན་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་།

དེའི་ཐད་ད་ལྟའི་ཆར་བོད་ནང་དང་ལྷག་པར་དྲ་ལམ་འཕྲིན་ལམ་ན་དོ་སྣང་ཆེནཔོ་བྱེད་བཞིན་པའི་ཁྲོད་བཀྲ་ཤིས་རབ་བརྟན་གྱིས་་ཉེ་ལམ་སྔར་ལོའི་བོད་ནང་གི་དོན་རྐྱེན་སྐབས་ཀྱི་དངོས་ཡོད་གནས་ཚུལ་གྱིས་གཙོས་བོད་ནང་གི་བདེན་པའི་གནས་ཚུལ་འདྲ་མིན་ཚོར་ཤུགས་དྲག་པོས་བྲིས་བའི་༼ ཁྲག་ཡིག ༽ཅེས་པའི་རྩོམ་དེབ་ཐོག་མ་བཏོན་པ་དང་། ༼ཤར་དུང་རི་༽དང་༼ཁྲག་ཡིག་༽ལ་བོད་ནང་གི་བོད་མི་དང་ལྷག་པར་གཞོན་སྐྱེས་ཤེས་ཡོན་པ་ཚོའི་ཁྲོད་དོ་སྣང་དང་། དགའ་མོས་འདེང་འཇོག་ཆེན་པོ་བྱས་དང་བྱེད་བཞིན་པར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཀྱང་དེ་མ་ཐག་དཔེ་དེབ་དེ་ལ་ཆབ་སྲིད་གནད་དོན་ཆེན་པོ་ཡོད་པའི་དོགས་གཞིའི་འོག ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ས་གནས་ཁག་ནས་ཁྲག་ཡིག་དཔེ་དེབ་དེ་ཕྱིར་བསྡུ་དང་བཀག་སྡོམ་བྱས་ཡོད་པ་མ་ཟད། འབྲེལ་ཡོད་ཚན་པས་རྩོམ་པ་པོར་གསང་སྟབས་ཀྱིས་འདྲི་བརྩད་ཡང་ཡང་བྱས་ཐོག། དུས་རྒྱུན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལའང་རྟོག་ཞིབ་ནན་མོ་བྱེད་བཞིན་པར་བརྟེན་ད་ཐེངས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གུང་སེང་དང་བསྟུན་ཆབ་སྲིད་ཀྱི་དོགས་གཞིའི་འོག་ལྐོག་ནས་གསང་སྟབས་གྱིས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་བ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད།
ཁོ་ནི་ཟི་ཁྲོན་མཛོ་དགེ་ཐང་སྐོར་གྱི་མི་དང་ནུབ་བྱང་ཚང་གི་སློབ་ཆེན་པ་ཞིག་ཡིན་འདུག།

tirang
འདིར་༼ཁྲག་ཡིག་༽ངོ་སྤྲོད་ཙམ་བྱས་ན་་་་་
                     <ཁྲག་ཡིག>
ཚན་པ་དང་པོ།  དམྱལ་ཁམས་ཀྱི་ཟིན་ཐོ།

དམྱལ་ཁམས་ཀྱི་ཆིག་ལབ། .....༡
དམྱལ་ཁམས་ཀྱི་བཙོན་མ།......༤
དམྱལ་ཁམས་ཀྱི་གསར་འགྱུར།...་...༧
དམྱལ་ཁམས་ཀྱི་ཡར་ལངས།....….༡༠
དམྱལ་ཁམས་ཀྱི་ཚོགས་འདུ།.....༡༤

    ཚན་པ་གཉིས་པ། རྣམ་ཤེས་ཀྱི་དབྱངས།

གློ་བུར་དུ་ལྷ་ས་དྲན་པ།.....༡༧
སྤྱི་ཟླ་བཅུ་གཅིག་པའི་སྙན་ངག་འདིའང...༡༩
གློ་བུར་བའི་སྙན་ངག་ཚན་པ་གསུམ།.........༢༣
ང་རང་རྨང་ནས་སྒུལ་བྱུང༌།....….༢༦
རྣམ་ཤེས་ཀྱི་དབྱངས།.........༢༩
མིག་ཆུའི་ཚབ་དུ་ཐོལ་བའི་སྙན་ངག.....༣༡
རྣམ་ཤེས་ཁྲི་ཕྲག་གི་དོད་དུ།........༣༥
  
       ཚན་པ་གསུམ་པ།  ང་ཡི་བོད།

ཀྭ་ཡེ་བོད། ང་ཡིས་ཁྱོད་ལ་འདྲི......…༣༨
གཙོས་གྲོང་དུ་སླེབས་པའི་སེམས་ཚོར་ཞིག.....༤༤
མདོ་དབུས་ལྕགས་ལམ།........….༤༦
ང་ཡི་བོད།..........……༤༩
བཙན་པོའི་རལ་གྲི་ཐོགས་དང༌།.......༥༢
འགྲུལ་བཞུད་ཐེངས་གཅིག་གི་སྐྱོ་ངལ།...….༥༩
དམར་ནག་གི་ཟླ་གསུམ་པ།......༦༣

             ཚན་པ་བཞི་བ། སེམས་ཀྱི་དམར་མཆོད།

སེམས་པ་འཁྱག་པས་བསྡམས་པའི་དུས་ཚིགས་སུ....༦༧
གློག་ཀླད་མདུན་དུ་སྲིད་གཞུང་ལ་ཕུལ་བའི་གཏམ་ལྐོག་གྱུར་མ.....༧༠
གྲོགས་པོའི་སྐྱེ་སྐར་ལས་སྤུན་ཟླའི་འཆི་སྐར་དྲན་པ།....༧༢
གྲོགས་ཁ་ཤས་ལ་ཕུལ་བ།.........༧༦
གློག་ཀླད་དྲ་བར་སྡིགས་དམོད་གཏོང་བ།.......༧༩
ཐེའུ་རང༌།   ཁྱོད་ཀྱི་ལོ་གསར་གང་ན་ཡོད།......༨༢
      
         ཚན་པ་ལྔ་བ།  བདེན་པའི་གཏུག་བཤེར། (འབོལ་རྩོམ)

ཁྲག་དྲི་བྲོ་བའི་དོན་རྐྱེན་དང་དེའི་ལྟག་རྒྱབ་ཀྱི་གསང་བ།...༨༥
འུ་ཚོས་ཀྱང་རང་ས་ནས་བསྒྲགས་གཏམ་སྤེལ་ཆོག....༡༠༤
ཟིན་ཐོ་ཁར་སྒུམ་ཁེར་སྒུམ.........༡༠༩
མྱ་ངན་དང་འགྱོད་གཤགས། ད་དུང་རྒོལ་གཏམ་ཁག་གཉིས།....༡༢༣
སྙིང་རླུང་ལྡང་བའི་གསར་འགྱུར།..........༡༣༩
སེམས་ཀྱི་དམར་དམར་པོ་བཤད་ན།.....………….༡༤༥

མཆན་་་་་་་་་དེབ་ཆུང་འདི་ནི་ཁོ་བོ ་རང་གི་ན་ཚོད་དང་ཡོན་ཚད་ཀྱི་ངོས་ནས་བཤད་ན་འཕུད་པ་སྔ་དྲགས་པའི་ལས་ཀ་ཞིག་ཡིན་སྲིད་མོད། ནམ་རྒྱུན ་བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་གི་ངོས་ནས་བཤད་ན་ཅིས་ ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན་ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ་ད་ གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ། ། 

terang1

གསར་འགྱུར།

Post navigation

Previous Post: ཨ་རེ་སི་ཁྲོ་ཁྲལ།(Aristotle)
Next Post: གནའ་བོའི་རྒྱ་གར་གྱི་ནང་ཆོས་དང་སྒི་རིག་བར་གྱི་འབྲེལ་བ།

Comments (9) on “ཐེའུ་རང་དང་ཁྲག་ཡིག།”

  1. lhu says:
    2009-08-02 at 2:42 pm

    ཐེའུ་རང༌། སེམས་ཅན་སྡིག་རྩུབ་ཅན་ཁྱོད།
    —-ཐེའུ་རང་བོར་བའི་གནས་ཚུལ་གོ་རྗེས།
    མི་བུ་དག་གིས་འདི་འདྲ་ཞིག་གིས་གླེང་གིན
    ཐེའུ་རང་གི་མིང་བྱང་དྲ་ངོས་སུ་དཀར་ཤོག་ཐོག་ནག་ཚ་བྱུག་པ་བཞིན་མཐོང་འོང
    དོན་དུ་ཐེའུ་རང་གི་སྐེ་ལ་སུ་ཞིག་གིས་གྲི་བསྣུན་ནས་འཁྲིད་སོང
    དོན་དུ་ཐེའུ་རང་གི་ལག་པར་སུ་ཞིག་གིས་ལྕགས་སྒྲོགས་སྣོན་སོང

    ཨ་མའི་བུ་ཕྲུག་གི་མིང་ལ་ཐེའུ་རང་དུ་ཐོགས་པའི་སེམས་ཅན་ཞིག
    གྲོག་སྡོད་ཀྱི་བྱེའུ་དང་འདྲ་བར་ཆར་རླུང་གི་འཇིག་པ་ལ་གཡོལ་དུ་སོང་ངམ
    ས་འོག་གི་དགུན་ཉལ་སྲོག་ཆགས་བཞིན་རང་ཉིད་ཀྱི་ལོག་མལ་ལ་སྒོ་ལྕགས་བཏབ་པ་ཡིན

    ཐེའུ་རང སེམས་ཅན་སྡིག་རྩུབ་ཅན་ཁྱོད
    ཡང་སྙིང་གང་དུ་ཡོད་དམ
    ཡང་སྙིང་ངའི་སྐད་བརྡའི་ཁྲོད་ཀྱི་འབོད་པ་དག་ལ་ཐོས་ཀིན་ཨེ་འདུག

    ཐེའུ་རང ལྷ་ས་ནས་མིང་ལ་ཐེའུ་རང་ཟེར་བ་ཞིག་འཚོལ་ཕྱིར
    སེམས་ཅན་སྡིག་རྩུབ་ཅན་ཁྱོད་ཀྱི་མིང་ནས་འབོད་མཁན་མང་པོ་ཡོད
    མང་པོ་མང་པོ་ཡོད
    རྒོད་རྒྱལ་གྱིས་བོད་དབུས་ནས་ ༢༠༠༩/༨/༢ཉིན།

  2. མགོན་པོ་ཕྱག་གཉིས་པ། says:
    2009-08-02 at 4:25 pm

    བོད་དོན། ཕ་རིང་ནས་བཤད་ཡོང་བའི་བཤད་མ་ཚར་བའི་གཏམ་རྒྱུད་ ་་མི་རོ་རྩེ་སྒྲུང་་ ཡིན།
    བོད་དོན། བུ་རིང་ནས་མགོ་བཙུགས་ཏེ་ཟིན་ཐོར་འགོད་མགོ་བརྩམས་པའི་ཚར་མི་སྲིད་པའི་གཏམ་རྒྱུད་ ་་མི་རོ་རྩེ་སྒྲུང་་ ཡིན།
    བོད་དོན། རོ་དངོས་གྲུབ་ཅན་ཡིན།
    བོད་དོན། བོད་དོན། བོད་དོན། བོད་དོན།

    བོད་དོན། སྙན་ངག་པ་ཚོའི་སྙུག་རྩེ་ན་འོད་ལམ་ལམ་འཚེར་གྱིན་པའི་མུ་ཏིག་གི་རྡོག་པོ་ཡིན།
    བོད་དོན། གླུ་བ་གླུ་མ་ཚོའི་ངག་སྒོ་ན་ལྷང་ལྷང་གྲག་བཞིན་པའི་སེམས་ཀྱི་རང་སྒྲ་ཡིན།
    བོད་དོན། བོད་དོན། བོད་དོན། བོད་དོན།

    བོད་དོན། ངས་བུ་ཆུང་ལ་བསླབས་པའི་སྐད་ཆ་དང་པོ་དེ་ཡིན།
    བོད་དོན། ནམ་ཡང་གཞོམ་གཞིག་བྲལ་བའི་རྡོ་རྗེའི་བྲག་རི་ཡིན།
    བོད་དོན། བོད་དོན། བོད་དོན། བོད་དོན།

  3. འབྲོང says:
    2009-08-03 at 8:23 am

    བདེན་དོན་འཚོལ་བའི་མི་བུ་དག་གཅིག་རྗེས་གཉིས་མཐུད་དུ་བཙན་གྱིས་ཁྱེར།
    རང་དོན་གྱི་ལམ་དུ་བཞུད་བཞིན་པའི་མི་ཚོ་ཁུ་སུམ་མེར།
    ད་དུང་རྒྱུགས་ཁྱི་དེ་ཚོས སྒོར་དོན་དུ་སུ་ཞིག་དགྲ་ལག་ཏུ་སྤྲོད་པར་ལྐོག་འཇུས་བྱེད་བཞིན་འདུག

    གངས་རིའི་མདངས་ཉམས། བོད་མའི་ཟུངས་ཟད།
    ལ་ལ གངས་རི། སྦྲ་ནག མ་ཎི ཀ་ཁ མང་པོ་ཞིག་གི་ཆེད་དུ་ལྔ་ལམ་དུ་བཞུད་སོང་།
    ལ་ལས སྒོར་མོ། གོ་གནས། མཚན་སྙན་གྱི་ཕྱིར་དུ་རང་མི་དགྲ་རུ་འཛིན།

    ན་ནིང་གསུམ་གཅིག་བཞི་ཡི་ཁྲོད། ཏང་ལ་དད་པའི་བོད་མའི་གྲབ་འབྲས་བཟང་བོ་བླངས་བྱུང་ཟེར།
    དེ་ཕྱིར སྟག་ལྤགས་གྱོན་པའི་ལས་མཁན་ཚོ ལོ་རེ་ལས་ལོ་རེ་ཇེ་མང་དུ་བཏང་།
    ཐབས་འཇུས་འདི མཐུན་སྒྲིལ་གྱི་འགད་རྫས་དང་རིགས་མཐུན་བར་ལ་འཐབ་ར་ཞིག

    ཕ་རོལ་བའི་རྙེད་པའི་ལམ་ཁ་གསར་པ་ཞིག
    སྤུ་ནག་ཅན་དེ་ཚོ་མེད་པར་བཟོ ཁྱོད་མགོ་ནག་སྤུ་ནག་ལ་བརྟེན་དགོས་པ་དེ་བདེན་ན།
    ངུར་སྨུག་ཅན་དེ་ཚོ་ཁ་མདོག་བསྒྱུར མཁར་རྫོང་དེ་འཇིག་རྗེས་འདུ་ཤེས་ཀྱི་ཆུ་མིག་སྐམ་སྲིད།
    གླ་བ་ཚོ་ལ་བཟི་སྨན་ཞིག་རྒྱོབ ཤོག་སྒོར་དང་མིང་ཡོད་དོན་སྟོང་གོ་གནས་རེ་སྤྲོད་ལ་བསྟོད་གླུ་ལེན་དུ་ཆུག
    མང་ཚོགས་ལ་རྣམ་གཡེང་གི་གར་སྟེགས་བསྐྲུན་དགོས འདི་ཕྱི་གླིང་བར་སྨྲ་སྒོ་ཆོད་པའི་ལག་ཆ་ཡིན་ཟེར།

  4. སྟག་འབུམ says:
    2010-11-03 at 4:55 am

    ༄༅། མི་འུ་ལྡོང་གི་ཁྲག་རུས་ལས་གྲུབ་རྩ་ཆེའི་རིན་ཆེན་ཕུང་པོ་འདི། །
    ཇི་སྲིད་ཐལ་བའི་རྡུལ་དང་རླུང་གི་ཁམས་ལ་མ་འཐིམས་དེ་སྲིད་དུ། །
    གྲངས་མེད་ཚེ་སྲོག་ཁ་བར་ཕུལ་བའི་སྔོན་གཤེགས་དཔའ་རྒོད་ངར་མ་ཚོས། །
    ས་ཆེན་འདི་ཡི་རྒྱན་དུ་བསླངས་པའི་ལ་རྒྱའི་དར་ཆེན་ཅིས་མི་འཕྱར།།།།

  5. སྟག་འབུམ says:
    2010-11-03 at 5:34 am

    གཞིས་ལུས་སྤུན་ཟླ་རྣམ་པས །།བཙན་རྒྱལ་རྒྱ་དམར་གཞུང་གི །སྒྱོགས་དང་མེ་མདའི་ཁ་ནས །།མེས་པོའི་ལོ་རྒྱུས་གླེང་གི ། ། ། གཞིས་ལུས་སྤུན་ཟླ་རྣམ་པས །།རང་ཡུལ་རང་བདག་རྩོད་ཅིང་ ། །རང་རིགས་སྲུང་སྐྱོབ་ཆེད་དུ ། །རང་སྲོག་འབེན་ལ་བཙུཊ་སོང་ ། ། ། ། བྱེས་འབྱོར་སྤུན་ཟླ་རྣམ་པ ། ། ཁྱོད་དང་ང་ཞེས་མ་རྩོད ། ། གཞིས་ལུས་སྤུན་ཟླས་གོ་ན ། །མེས་པོ་རྣམས་ཀྱང་ངོ་ཚ ། །

  6. རྒྱ་གར་རྨ་བྱ། says:
    2011-03-18 at 12:11 am

    ཐེའུ་རང་གི་བརྩམས་དེབ་ཁྲག་ཡིག་ངས་ཀྱང་བཀླགས་པ་ཡིན། ཧ་ཅང་གི་གཞོན་སྐྱེས་ཤེས་ལྡན་ངོ་མའི་སྙན་ངག་པ་ཞིག་ཏུ་མཇལ། ཡིད་སེམས་གཏིང་ནས་གུས་བརྩི་ཆེན་པོ་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བློས་བཏང་ལ་དེ་བས་ཀྱང་ཡིད་འཇོག་དང་གུས་བརྩི་་ཞུ། ཚེ་སྲོག་ལ་ཉེན་ཁ་མེད་ཁར་ཁྱེད་མགྱོགས་མྱུར་སླར་ཡང་བོད་ཀྱི་ལ་རྒྱར་ཕེབས་པའི་རེ་བ་ཡོད།

  7. ལྷ་ས་ཚེ་གླིང་ says:
    2011-04-05 at 10:13 pm

    བརྩེ་བའི་བོད་རིགས་ཆོལ་གསུམ་རྣམ་པར་སྣིང་དབུས་འཚམས་འདྲི་དང་གུས་འདུད་ཞུ་བཞིན་ཡོད་ང་ཚོའི་བོད་ཆོས་ལྡན་རྒྱལ་ཁབ་འདི་ནི་དགྲ་བོ་གདུག་རྩུབ་ཅན་རྒྱ་དམར་གྱིས་དྲག་པོའི་སྟོབས་ཀྱིས་བཙན་འཕྲོག་བྱས་པའི་སྐྱོ་གར་ནི་རང་རེ་རྒན་གཞོན་བློ་ངེས་རེད་ལ་ང་རང་ནས་དེ་བས་ཀྱང་དྲན་གསོས་པོ་འདུག་དེར་རྟེན་ང་ཚོ་ཆོལ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བྱས་ནས་བརྩན་རྒོལ་བོད་སྐྱོབ་ཀྱི་ལས་འགུལ་འཆར་གཞི་དང་གོ་རིམ་ལྡན་ལ་སྒྲིག་འཛུགས་ཡོད་པ་དང་ང་ཚོའི་སྤྱི་ཚོགས་ནང་ལུག་ཁྱུའི་ཁྲོད་དུ་སྤྱང་ཀི་གཡོ་སྒྱུ་ཅན་ཡོད་སྟབས་དེ་དག་གི་གཡོ་འོག་ཏུ་མི་འགྲོ་བ་དང་སྤྱང་གྲུང་འཛོམས་པོ་གནང་རྒྱུར་ཡིན་གཅིག་མིན་གཅིག་ཚང་མས་ཐུགས་སྣང་ཆེ་ཙམ་ཡོད་པ་ཞུ་བརྩན་རྒོལ་བོད་སྐྱོབ་ཀྱི་དོན་ཆེན་འགྲུབ་སྐབས་ཐོག་མར་ང་ཚོའི་དགྲ་བོ་ངོ་མ་རྒྱུས་ལོང་བ་དང་གནས་ཚུལ་ཞིབ་ཕྲ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད་དེ་མིན་བོད་པ་ནང་ཁུལ་མིག་ཆེན་པོ་བལྟས་ནས་འདི་མི་འགྲིག་ཕ་ཡི་མི་འགྲིག་པའི་གླེང་རེས་བྱས་ནས་དུས་ཚོད་ཆུད་ཟོས་སུ་མི་འགྲོ་མཁྱེན་ཞུ་༄གོང་ས་ཆེན་པོ་མཆོག་གིས་རིང་མིན་སྐུ་དབང་ཡོད་ཚད་མི་མང་གིས་གསར་བསྐོ་གནང་བའི་བཀའ་ཁྲི་དང་ཁྲིམས་ཞིབ་ཁང་སྤྱི་འཐུས་ཚོགས་གཙོ་བཅས་ལ་གནང་རྒྱུ་རེད་མི་མང་གིས་རྨང་གཙོའི་ཁེ་དབང་ལ་འབྲས་བུ་བཟང་པོ་འཐོབ་པ་ཤོག་།།

  8. བྱང་གི་འབྲོང་ཡག says:
    2011-06-22 at 11:31 am

    བླ་ན་མེད་པའི་གུས་བཏུད་ཡོད།་དཔའ་རྒོད་ལགས།

  9. གཙང་མྱུར་མིག says:
    2014-11-05 at 5:24 am

    ཐེའུ་རང་གི་རྩམ་པའི་ཁྲག་ཡིག་ཞེས་པའི་དེབ་དེ་ངས་ཀྱང་བཀླགས་མྱོང་ལ་མ་ཚད་ཁོང་གིས་བྲིས་པའི་རྩོམ་དག་ཡོངས་རྫོགས་བོད་དོན་ཀྱི་ཆེད་དུ་མ་ཡིན་ནམ། ང་ནི་རྩོམ་པ་པོ་ཐེའུ་རང་ངམ་བཀྲ་ཤིས་རབ་བརྟན་ལགས་ནི་ངའི་ཁོག་པའི་སྙིང་ཡིན་ལ་ལྟ་བའི་མིག་ཀྱང་ཡིན་པ་ལྟ་ཅི། སྤྱིར་ན་ང་སྙན་ངག་ལ་དགའ་བའི་མི་བུ་ཞིག་ཡིན་ལ། སྙན་ངག་ནི་ངའི་མི་ཚེ་ལམ་བུ་ཡིན་ལ། སྙན་ངག་མེད་ན་ང་འཇིག་རྟེན་འདིར་མེད་པ་གཅིག་མཚུངས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme