ལོག་སྨྲ་ཚར་གཅོད།
ཞབས་འོག་གི་ས་སྒང་འཁོར་གྱིན་འཁོར་གྱིན།།
གནམ་འོག་གི་འཕུར་གྲུ་འཕུར་གྱིན་འཕུར་གྱིན།།
སྤྱན་འོག་གི་སེམས་ཅན་གཟིགས་ཀྱིན་གཟིགས་ཀྱིན།།
ཉི་འོག་གི་སྐྱེ་འགྲོ་སྨིན་གྱིན་སྨིན་གྱིན།།
ས་སྟེང་གི་སེམས་དཔའ་བསྐྱོད་ཀྱིན་བསྐྱོད་ཀྱིན།།
བྱམས་བརྩེ་ཡི་ནུས་སྟོབས་འདོན་གྱིན་འདོན་གྱིན།།
རྟེན་འབྱུང་གི་ཟབ་ཆོས་གསུང་གིན་གསུང་གིན།།