འདྲེ་མགོ་རྡོ།
བསམ་བློ་བཏང་གིན་བཏང་གིན།
རང་གིས་རང་ལ་བློས་གཏོང་ག་ཚོད་ཅིག་ཡོད་མེད་ལ་དྲི་བ་གཏོང་གྱིན་གཏོང་གྱིན།
ཁབ་རྩེ་ཙམ་གྱིས་ལུས་ལ་བསྣུན་ན་ཁ་ནས་” ཨ”་ཤོར་འགྲོ་བའི་གཤིས་ཀ་ལ་བསམས་ན།
སྐྱིད་གཉལ་རང་བདེ་འབའ་ཞིག་གི་མི་ཚེ་འཚོལ་རྒྱུ་ལ་འཁོར་དུས།
མཐོན་པོའི་ཁྲི་ན་སྒེར་དོན་གཉེར་བའི་ཉི་མ་ཞག་ཕུད་ཀྱི་ལས་དོན་བྱེད་ཕྱོགས་ལ་ལྟོས་དུས།
ཁྱེད་ཀྱི་བློས་གཏོང་དེ་དངོས་གནས་རང་བློ་ཡིད་འདིར་ཤོང་ཐབས་མེད་པ་ཞིག་རེད།