བོད། ལྷ་ཀླུ་གཉན་གསུམ་ནས།
སེམས་ཀྱི་སྐྱིབས་ཁུགས་སུ་འདར་བའི་རང་བྱུང་གི་གཤིས་ལ།།
དུས་གསུམ་གང་དུ་འང་མི་འགྱུར་ཆོས་ཉིད་ཀྱི་རྣམ་ཤེས།།
རྒྱབ་མདུན་གཏད་སོ་ཡི་བྲལ་བ་སེམས་ནང་གི་འཆར་གཞི།།
གཅིག་དུ་སྤུངས་པ་རུ་འབོད་པ་འགྲོ་བ་ཡི་ཚེ་སྲོག།
འདས་ཀྱང་སྲུང་བྱ་ཡི་སྟོང་བའི་འཇའ་གཟུག་ཀྱི་གནམ་འོག།
བྲིས་ཀྱང་འབྲི་སྨྱུག་གི་གཟད་པོའི་རྒྱུ་ཆ་ལས་གྲུབ་པའི།།
བརྩད་ཀྱང་ཚར་ཐབས་ཤིག་མེད་པ་ཞེ་སྡང་གི་འཐབ་ར།།
དེ་ཉིད་སྤྱི་གཙུག་དུ་བཀུར་མཁན་རྒྱལ་གཅེས་སུ་གྲུབ་འདུག།