Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ས་མ་སྦིན་ལ་ཏིན་།

Posted on 2011-06-13 By ཁ་བརྡ་ 7 Comments on ཨོ་ས་མ་སྦིན་ལ་ཏིན་།

བྱ་འཕུར་མས་ལྡི་ལི་ནས
༡༩༥༧ལོའི་ཟླ་༣་ཚེས་༡ཉིན་འཇིགས་སྐུལ་རིང་ལུགས་པའི་རྩ་འཛུགས(Al་Qaeda)་ཀྱི་འགོ་ཁྲིད་ཨོ་ས་མ་སྦིན་ལཱ་ཏིན(Osama Bin Laden)་སོལ་རྡི་ཨ་རབ་པི་ཡའི(Saudi་Arabia)་ས་ཁོངས་རེ་ཡ་རྡིར(Riyadh)་སྐྱེས།ཁོའི་ཕ་མོ་ཧ་མ་ཨབ་སྡི་སྦིན་ལཱ་ཏིན་ནི་(Mohammed Awad bin་laden)སོལ་རྡི་ཨརབ་པི་ཡའི་འཛུགས་སྐྲུན་ལས་འཆར་གྱི་འབྱོར་ལྡན་ཕྱུག་བདག་ཅིག་ཡིན་ལ་ཨོ་ས་མ་ཁོང་ནི་ཁོའི་བུ་ཕྲུག་ལྔ་བཅུ་ནང་གི་བུ་ཕྲུག་བདུན་པ་དེ་ཡིན་ཞིང་།ཁོང་གི་ཕ་དང་མ་ཨ་ལི་ཡ་གྷནེམ(Alia་Ghanem)གཉིས་གཉེན་སྒྲིག་འཐོར་བས་ཆུང་དུས་ནས་ཕ་གཡར་གྱི་བུ་ཕྲུག་ཚོ་དང་མཉམ་དུ་འཚར་ལོངས་འབྱུང་བཞིན་པའི་དུས་ཨོལ་རྡ་རྒར(Al་Thagher)་དཔེ་སྟོན་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་རང་ལོ་༡༤་ཡིན།ཁོང་གི་རྒྱུགས་འབྲས་འབུར་དུ་ཐོན་པར་བརྟེན་ཁ་ཆེ་སྐུ་དྲག་སློབ་གྲྭས་སློབ་གྲྭར་འཛུལ་ཞུགས་བྱེད་པར་མགྲོན་བརྡ་བཏང།སློབ་གྲྭ་དེར་ཁ་ཆེའི་གསུང་རབ་ལ་སྦྱོང་བརྩོན་གནང་སྐབས་སློབ་གྲྭའི་དགོས་དམིགས་ལས་བརྒལ་ཏེ་ཁོང་ལ་ཐོག་མའི་ཁ་ཆེའི་བསྟན་སྲུང་དྲག་སྤྱོད་ཀྱི་ལྟ་བས་ཤུགས་རྐྱེན་ཆེན་པོ་ཐེབས།

ཁོང་ཚོའི་དགེ་རྒན་ཞིག་གི་སློབ་སྟོན་འོག་ཁ་ཆེ་སྤུན་ཟླའི་མཛའ་གྲོགས་དང་ཁ་ཆེའི་གོམས་སྲོལ་གལ་ཆེའི་སྐོར་ཁ་ཆེའི་ཡུལ་གྲུ་ཀུན་ཏུ་སྲུང་སྤྱོད་བྱ་དགོས་པ་སོགས་ཀྱི་སློབ་གསོ་ཡིས་ལོ་རིམ་གཉིས་པའི་སྐབས་ཁོ་དང་ཁོང་གི་གྲོགས་པོ་ཚོས་ཁ་ཆེའི་ལས་འགུལ་ཚོགས་པའི་སྤྱོད་ལམ་དང་བྱེད་སྟངས་སྤྱི་ཚོགས་ནང་མངོན་གསལ་དོད་པོས་ངང་བྱ་འགུལ་སྤེལ།

༡༩༧༦ལོར་ཏེ་རང་ལོ་༡༨་སྟེང་ལོ་ན་༡༤་སོན་པའི་ཁོང་གི་ཕ་མའི་སྤུན་ཕྲུག་ན་ཇི་བ་རྒ་ནེམ (Najwa་Ghanem)་དང་མཉམ་དུ་ཐོག་མའི་གཉེན་བསྒྲིགས་ཤིང་དེའི་རྗེས་སུ་ཁ་ཏི་ཇཱ་ཤཱ་རི་ཧྥུ་སོགས(KKHADIJAHA་SHARI)བུད་མེད་ལྔ་ཆུང་མར་བླངས་ཏེ་ཁྱོན་བསྡོམས་བུ་ཕྲུག་༢༠ནས་༢༦བར་སྐྱེས།༡༩༧༩་ལོར་རྒྱལ་པོ་ཨབུ་དོལ་ཨཙི( King Abdul Aziz)་གཙུག་ལག་སློབ་གྲྭ་ནས་འཛུགས་སྐྲུན་འཆར་འགོད་ཀྱི་ལག་ཁྱེར་ཐོབ་ནས་ཁྱིམ་གྱི་ཚོང་གཉེར་ནང་ཞུགས།ལ་ལས་ཁོང་གིས་མང་ཚོགས་འཛིན་སྐྱོང་གི་ལག་ཁྱེར་བླངས་ཞེས་བརྗོད་ཀྱང་དོན་དངོས་སུ་རང་ཉིད་ཀྱི་ལག་ཁྱེར་བེད་སྤྱད་དེ་བསྒྲུབས་པའི་ལས་ཀ་ཅི་ཡང་བྱས་མྱོང་མེད།

༡༩༧༩་ནས་༡༩༨༩་ལོའི་བར་ར་ཤི་ཡས་ཨ་ཧྥུ་གན་རྡི་སི་ཐན་(Afghanistan)བཙན་འཛུལ་བྱས་དེའི་དམིགས་ཡུལ་ནི་ས་ཁོངས་རྒྱ་བསྐྱེད་དང་ཨེ་ཤ་ཡ་བའི་བརྟན་བརླིང་གི་ཆེད་ཡིན་ཞིང་ལོ་བཅུ་ཙམ་ལ་དམག་འཁྲུག་རྒྱག་སྐབས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་ར་ཤི་ཡས་བཙན་འཛུལ་གྱིས་དམག་འཁྲུག་བརྒྱབ་པ་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་ཞོར་།ཨ་རིའི་གསང་བའི་ལས་ཁང(C.I.A)་གིས་ལྐོག་ཏུ་ཁ་ཆེ་དྲག་སྤྱོད་པར་དམག་སྦྱོང་སྤྲད་ནས་ཨ་ཧྥུ་གན་རྡི་སི་ཐན་ལ་དམག་རོགས་སུ་བཏང་།དེའི་ནང་གི་མི་སྣ་གཙོ་བོ་གཅིག་ནི་ཨོ་ས་མ་སྦིན་ལ་ཏིན་རེད།་ཁོང་གི་བསམ་ཚུལ་ལ་ཁ་ཆེ་རྒྱལ་ཁབ་གང་ཡང་རུང་བར་གཞན་གྱིས་བཙན་འཛུལ་དེ་ལ་ངོ་རྒོལ་བྱེད་པ་ཁོ་ལ་མཚོན་ན་ཁ་ཆེ་བ་ཞིག་གིས་སྒྲུབ་འོས་པའི་ལས་འགན་ཞིག་ཡིན་སྙམ།ལོ་བཅུའི་རིང་ར་ཤི་ཡས་དམག་འཁྲུག་བརྒྱབ་ཀྱང་ཨ་ཧྥུ་གན་རྡི་སི་ཐན་ཡོངས་སུ་བཙན་བཟུང་བྱེད་མ་ཐུབ་པར་དམག་འཁྲུག་ཕྱིར་འཐེན་བྱེད་དགོས་བྱུང་།དམག་འཁྲུགས་དེའི་ནང་ཨོ་ས་མ་ཨཧྥུ་གན་རྡི་སི་ཐན་གྱི་འཇབ་རྒོལ་དམག་མིའི་བཀོད་འདོམས་པ་བྱས་ནས་ལོ་ངོ་དྲུག་སོང་སྟེ་ཕྱིར་རང་རྒྱལ་སོལ་རྡི་ཨ་རབ་པི་ཡ་ལོག་པ་དང་སྦྲགས་ཨ་རིས་ཨོ་ས་མ་དང་ཁོང་གི་འཐབ་གྲོགས་ཚོར་དཔའ་བོ་དང་རང་དབང་འཐབ་རྩོད་པ་ཞེས་མཚན་མཐོང་སྤྲད།
༡༩༨༨ལོར་ཨེ་ཇིལ་པིན(Egyptian)གྱི་སྙན་ངག་པ།རྩོམ་པ་པོ།ཁ་ཆེ་རིང་ལུགས་པ་སཱ་ཡིཏི་ཨོཏི (Sayyid Qutb)
་དང་ཨེ་ཇིལ་པིན་གྱི་མིག་ནད་གཤག་བཅོས་སྨན་པ་དང་ཁ་ཆེ་ཆོས་ལུགས་པ་ཨའ་མན་ཨོ་ཛཱ་བའ་ཧི་རི( Ayman Al་zawahiri)་གཉིས་ཀྱིས་ཨོ་ས་མ་ལ་ཁ་ཆེ་དྲག་སྤྱོད་པའི་ལྟ་བར་ཤུགས་རྐྱེན་མི་ཉུང་བ་སྤྲད་པས་འཇིགས་སྐུལ་རིང་ལུགས་པའི་རྩ་བ་གསར་དུ་བཙུགས།

དུས་དེ་ནས་བཟུང་ཨོ་ས་མ་ལྐོག་ཟ་རུལ་སུངས་ཀྱི་གཞུང་སྟེ་སོལ་རྡིས་ཨ་རབ་པི་ཡ་ལ་ཡིད་ཐང་ཆད།ལྷག་པར་དུ་པེར་ཤིཡ(Persia Gulf war 1990-1991)་མཚོ་འགག་དམག་འཁྲུག་སྐབས་ཨ་རིས་སོལ་རྡིས་ཨ་རབ་པི་ཡ་བཙན་བཟུང་བྱས་པས་ཁོ་དང་གཞུང་གི་མགོ་ཁྲིད་ཚོ་བར་ཡིེད་ཆེས་དང་འབྲེལ་ལམ་རིང་དུ་གྱུར།དེར་བརྟེན་ཁོང་གིས་སོལ་རྡིས་ཨ་རབ་པི་ཡ་གཞུང་ནས་ཨ་རིའི་དམག་མིར་ཡིད་ཆེས་བློས་འགེལ་དང་དམག་མི་ཡུལ་དེར་གཏན་ཆགས་བྱས་པས་ཁ་ཆེའི་གནས་རྩ་ཆེན་ལ་འབག་གཙོག་བཟོས་པ་རེད་ཅེས་སྤྱི་ཚོགས་ནང་མངོན་གསལ་དོད་པོའི་ངང་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས་གཞུང་གིས་ཁོང་གི་བྱ་འགུལ་ལ་དམ་དྲག་ཐེངས་འགར་བྱས་ཤིང་མཐར་༡༩༩༢་ལོ་འགོར་རང་རྒྱལ་ནས་ཕྱིར་འབུད་བཏང་སྟེ་ཨ་ཧྥུ་གན་རྡི་སི་ཐན་དུ་སོང་ནས་སོ་གདན་(Sudan)རྒྱལ་ཁབ་དུ་སྐྱབས་བཅོལ་ཞུས།
༡༩༩༢་ལོར་འཇིགས་སྐུལ་པའི་ཕྱོགས་ཁག་གཞན་དང་ཨོ་ས་མའི་འགོ་ཁྲིད་པའི་འཇིགས་སྐུལ་རྩ་འཛུགས་པའི་ལྟ་བ་དང་ལངས་ཕྱོགས་མ་མཐུན་པར་བརྟེན་ཁོ་ཚོའི་བར་འགལ་ཟླ་བྱུང་བས་༡༩༩༣་ལོ་ཨོ་ས་མས་གསང་བའི་ཕྱོགས་ཁག་ཅིག་གསར་འཛུགས་བྱས་ཏེ་མིང་ལ(AlQaeda)རྩ་འཛུགས་ཞེས་བཏགས།དེའི་ཁོངས་སུ་དེ་སྔོན་ཨ་ཧྥུ་གན་རྡི་སི་ཐན་གྱི་དམག་འཁྲུག་ནང་ཞུགས་པའི་དམག་ཟུར་ཁ་ཆེའི་དྲག་སྤྱོད་པ་དག་ཡིན་ལ།རྩ་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཡུལ་གྲུ་ཀུན་གྱི་ཁ་ཆེའི་དོན་དུ་དམག་རྒྱག་རྒྱུ་དེ་ཡིན།ཁོང་གི་རྩ་འཛུགས་འོག་འཛམ་གླིང་གང་སར་འཇབ་རྒོལ་དང་གནོད་སྐྱོན་བཟོས་པས་སོལ་རྡི་ཨ་རབ་པི་ཡའི་གཞུང་ནས་ཁོང་གི་མི་སེར་ཐོབ་ཐང་དང་ཕྱི་བསྐྱོད་ལག་འཁྱེར་རྩིས་མེད་བཏང་བ་མ་ཟད་ཁོང་གི་འཚོ་ཕོགས་ཨ་སྒོར་ས་ཡ་བདུན་ཡོད་པའང་བཅད་དོ།།

༡༩༩༤་ལོར་ཁོང་གིས་རྫས་འགྱུར་གྱི་ལས་དོན་གཉེར་མྱོང་ཞོར་སོ་གདན་རྒྱལ་ཁབ་ནང་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་སྡོད་སྒར་འགའ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནངས།ཁོང་གི་འདོད་ཚུལ་ལ་ཁ་ཆེ་རྒྱལ་ཁབ་ཡོངས་རྫོགས་དམག་འཁྲུག་གི་ངོ་བོ་སྟེང་ནས་གཅིག་གྱུར་བྱས་ན་དོན་དངོས་ཀྱི་ཁ་ཆེ་རྒྱལ་ཁབ་གཙང་མ་ཞིག་ཡོང་བར་རེ་སྨོན་བྱེད་ཀྱིན་ཡོད་པར་མ་ཟད་སོལ་རྡི་ཨ་རབ་པི་ཡས་ཁ་ཆེ་ཆོས་ལུགས་ཀྱི་བསྟན་དགྲ་དག་ལ་ཁ་ཆེ་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ས་སྣུམ་སོགས་ལོངས་སྤྱོད་བྱེད་དུ་བཅུག་པ་དང་མཉམ་འབྲེལ་བྱས་ཏེ་མཐུན་རྐྱེན་སྒྲུབ་པ་དེར་སྐྱོན་བརྗོད་གནང་གི་ཡོད།
༡༩༩༦་ལོར་སོ་གདན་རྒྱལ་ཁབ་ཀྱིས་ཁོང་ཕྱིར་འབུད་བྱས་ནས་ཨ་ཧྥུ་གན་རྡི་སི་ཐན་ནང་སྐྱབས་བཅོལ་དུ་ཡོང།དེ་ནས་བཟུང་ཨ་ཧྥུ་གན་རྡི་སི་ཐན་གྱི་གཞུང་འཛིན་པའམ་ཏ་ལི་སྦིན་གཞུང་(Taliban་Govt)གི་སྲུང་སྐྱོབ་འོག་ཁོང་གིས་ཆོས་ལུགས་ཀྱི་མིང་འཁྱེར་ནས་ཆོས་དམག་ཅེས་ཨ་རི་དང་རྒྱལ་ཁབ་གཞན་ལ་ཁ་གཏད་འཇིགས་སྐུལ་བྱེད་འགོ་བརྩམས།ཁོང་གི་དམིགས་ཡུལ་ནི་སོལ་རྡི་ཨ་རབ་པི་ཡ་དང་དཀྱིལ་ཤར་ཨེ་ཤ་ཡ(Middle་East་Asia)་ཁ་ཆེའི་ས་ཐོག་ནས་ཨ་རི་ཕྱིར་འབུད་བྱ་ཆེད་སོལ་རྡི་ཨ་རབ་པི་ཡའི་ནང་ཨ་རིའི་གཏན་སྡོད་དམག་མིའི་ས་ཚིགས་དང་འཛམ་གླིང་གང་སར་ཡོད་པའི་ཨ་རིའི་གཞུང་ཚབ་གང་མང་ལ་འབར་གས་བཀད་པ་སོགས་ཀྱིས་འཇིགས་སྣང་བསྐུལ།

༢༠༠༠་ལོར་ཨོ་ས་མའི་ཕྱོགས་ནས་སྟོང་ལོ་གསར་བ་དང་སྟབས་བསྟུན་ནས་ཨ་རིའི་དམག་གྲུ་ཁོལེ་(Warship Cole) ལ་འབར་རྫས་གཞུས་ནས་བེད་མེད་བཟོས།

༢༠༠༡(་༩་༡༡་)ཉིན་ཨོ་ས་མ་འཇིགས་སྐུལ་རྩ་འཛུགས་པས་ཡུན་རིང་འཆར་འགོད་བྱས་པ་ལྟར་ཨ་རིའི་ཚོང་ལས་སྐྱེལ་འདྲེན་གྱི་གནམ་གྲུ་བཞི་བཙན་འཁྲིད་བྱས་ཏེ་འཛམ་གླིང་ཚོང་ལས་མཉམ་འབྲེལ་གྱི་ལྟེ་གནས་ཁང་བརྩེགས་མཐོ་ཤོས་གཉིས་དང་ཨ་རིའི་ཟུར་བརྒྱད་དམག་དོན་གྱི་ལྟེ་གནས་པན་ཏྲ་སྒོན་(Pentagon)གསུམ་བཅས་སུ་འཇིགས་སྐུལ་པས་དམིགས་འབེན་ལྟར་ལམ་ལྷོང་བྱུང་ཡང་གཞན་གཅིག་གིས་གལ་བེ་གྲོལ་(Capitol)ལ་བརྡབ་མ་ཐུབ་པར་མངའ་སྡེ་པན་སི་ལི་བེ་ནའི་ས་གནས་ཤིག་ནང་བརྡབས།ཉིན་ནག་འདིའི་ཆག་སྒོ་ནང་ཕལ་ཆེར་ཨ་རིའི་མི་སེར༣༠༠༠ལྷག་ཤི་བ་དང་ཨ་རིའི་དཔལ་འབྱོར་གྱི་གྱོང་གུན་ཨ་སྒོར་ས་ཡ་༢༠་དང་རྒྱུ་ནོར་གྱི་གྱོང་གུན་ཨ་སྒོར་ས་ཡ་༢༡.༨བྱུང་།དེ་ནི་ཨ་རིའི་ལོ་རེའི་ཡོངས་འབབ་ཀྱི་བརྒྱ་ཆའི་༠.༨་ཡིན།་༩་༡༡་དོན་རྐྱེན་བྱུང་བས་ཨ་རིའི་བདེ་སྲུང་གིས་འགྲོ་གྲོན་མང་དུ་བཏང་བ་ལོ་རེར་ཨ་སྒོར་ས་ཡ་༥༠༠་ཡིིན།ཨ་རིས་དེ་མ་ཐག་ཨོ་ས་མ་༩་༡༡་ཡི་དོན་རྐྱེན་ནག་ཉེས་ཀྱི་འགན་ཡོད་པས་ཨཧྥུ་གན་རྡི་སི་ཐན་གཞུང་འཛིན་པ་ཏཱ་ལི་སྦིན་གྱི་འགོ་ཁྲིད་ལ་ཨོ་ས་མ་འཛིན་བཟུང་བྱས་ཏེ་ཨ་རི་ལ་རྩིས་སྤྲོད་བྱ་དགོས།གལ་སྲིད་དེ་ལྟར་མ་སྒྲུབ་ཚེ་ཨ་རིས་དམག་རྒྱག་རྒྱུ་ཡིན་ཞེས་་འབོད་སྐུལ་ཞུས་ཀྱང་ཡ་ལན་ཅི་ཡང་མ་སྤྲད་པར་དེ་ལས་ལྡོག་སྟེ་ཨ་རིས་འཇིགས་སྐུལ་བྱེད་པ་ལ་དེ་དང་འཚམས་པའི་བརྡ་ལན་སློག་རྒྱུ་ཡིན་ཞེས་བརྗོད།
༩༡༡་དོན་རྐྱེན་གྱི་བདེན་པ་ར་སྤྲོད་བྱེད་ཆེད་ཨ་རིའི་སྲིད་འཛིན་བྷོ་ཤི་འཛིན་སྐྱོང་(W.Bush་Administration )ལ་ཨོ་མ་ལ་དང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཨཧྥུ་གན་རྡི་སི་ཐན་གྱི་གཞུང་འཛིན་ཏཱ་ལི་སྦིན་ལ་དམག་འཁྲུག་བརྒྱབ་ཆོག་པའི་དབང་ཆ་ཨ་རི་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་བཀའ་ཁྲོལ་ཐོབ་པར་བརྟེན་༢༠༠༡་ལོའི་ཟླ་༡༠་ཚེས༧་ཉིན་འཇིགས་སྐུལ་ལ་དམག་འཁྲུག་ཅེས་པ་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་འགོ་ཁྲིད་པའི་ཟླ་སྒྲིལ་དམག་མིས་ཨཧྥུ་གན་རྡི་སི་ཐན་གྱི་གཞུང་འཛིན་ཏཱ་ལི་སྦིན་མགོ་རྟིང་སློག་པ་དང་དམངས་གཙོའི་གཞུང་གསར་འཛུགས་བྱས་ཀྱང་ཨོ་ས་མ་འཛིན་བཟུང་བྱེད་མ་ཐུབ་པར་ལོ་ངོ་བཅུ་ལྷག་དམག་འཁྲུག་བསླངས།༩་༡༡་དོན་རྐྱེན་བྱུང་བའི་ཉིན་འགའི་རྗེས་སུ་ཨ་རིས་འཇིགས་སྐུལ་པ་ཨོ་ས་མ་འཛིན་བཟུང་བྱ་དགོས་པའི་ནག་ཉེས་དང་པོ་ཡིན་ཞེས་གསལ་བསྒྲགས་བསྐྱང་བ་དང་།མི་སུ་ཞིག་གིས་ཁོ་གང་དུ་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་ན་ཨ་སྒོར་ས་ཡ་༢༥་བརྔན་པ་སྤྲད་ངེས་ཞེས་ཨ་རི་གཞུང་གིས་གསལ་བསྒྲགས་གནངས་།

༢༠༠༤ནས་༢༠༠༥ཨོ་ས་མ་བྱོལ་ནས་པ་ཀི་སི་ཐན(Pakistan)་དང་ཨཧྥུ་གན་རྡི་སི་ཐན་གཉིས་ཀྱི་ས་མཚམས་ཡར་མར་གང་དུ་བྲོས་མཐར་པ་ཀི་སི་ཐན་གྱི་རྒྱལ་ས་ནས་སྤྱི་ལེ་༦༠་ཡོད་པའི་གྲོང་བརྡལ་ཨད་བྷོ་ཏྲ་བྷདི(Abbottabad)དེར་ཁང་ས་ཆེ་ཞིང་མཁར་རྩིག་མཐོ་བའི་ཁང་ཁྱིམ་ཞིག་ཏུ་ཁོང་གི་ཁྱིམ་མི་ལྷན་དུ་ལོ་ལྔ་ལྷག་སྦ་གསང་བྱས་པའི་རིང་གཟུགས་མཐོང་བརྙན་འཕྲིན་ལ་ལྟ་བ་དང་ལྡུམ་རྭའི་ལས་ཀ་ཆུང་ཚག་རེ་ལས་ནས་འཚོ་སྐྱེལ།ཁང་པ་དེའི་ནང་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པའི་ཁ་པར་དང་དྲ་རྒྱ་གཉིས་ཀྱི་མཐུན་རྐྱེན་གང་ཡང་མེད།འོན་ཀྱང་ཨ་རིས་ས་གནས་དེར་ཁོ་རང་ཡིབ་བསྡད་ཡོད་པར་ཇི་ལྟར་ཤེས་པས་རྒྱུ་རྐྱེན་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨོ་ས་མའི་ཡིད་རྟོན་རུང་བའི་ཡིག་སྐྱེལ་པའི་འགྲོ་འདུག་ལ་ཟླ་བ་མང་པོ་རིང་རྒྱུས་ལོན་གཏིང་ཟབ་བྱས་ནས་ཁོ་རང་གནས་དེར་ཡོད་པ་གསལ་བོ་རྟོགས་བྱུང་།

༢༠༡༡་ལོའི་ཟླ་༥་ཚེས་༢ཉིན་སྲིད་འཛིན་ཨོ་བྷ་མས་གསང་ལས་ཁང་གི་འགོ་འཛིན་དང་དམག་སྤྱི་ཆེན་མོ་ད་དུང་ཁོང་གི་མཐོ་རིམ་མི་སྣ་བཅས་ཀྱི་མདུན་དུ་ཨོ་ས་མ་གསོད་པ་དང་འཛིན་བཟུང་བྱེད་ཆོག་པའི་མཚན་རྟགས་བཀོད།དེ་ཡང་ཨོ་ས་མ་ཡོད་པའི་ཁང་ཁྱིམ་ལ་བྱ་འགུལ་སྤེལ་མཁན་ནི་ཨ་རིའི་ཚད་མཐོའི་སྦྱོང་བརྡར་ཐོབ་པའི་མཚོ་དམག་( Navy་seal་དམག་མི་ཚོ་ལ་ས་ཆུ་གནམ་གསུམ་གྱི་སྦྱོང་བརྡར་དང་ལག་ཆ་འདྲ་མིན་བེད་སྤྱོད་གཏོང་ཤེས་པའི་ནུས་པ་ཡོད)གིས་འཇབ་རྒོལ་བྱས་ཏེ་ཨོ་ས་མ་བསད་ནས་བམ་ཪོ་ཨ་རིའི་མཚོ་དམག་གྲུ་གཟིངས་སྟེང་འཁྱེར་ཡོངས་ནས་མཚོ་ནང་དུ་འཕངས་སོ།

ཞར་བྱུང་དུ་ཨོ་ས་མ་བསད་པའི་རྗེས་་མཚན་གུང་སྲིད་འཛིན་ཨོ་བྷ་མས་ཨ་རིའི་མི་དམངས་ལ་གཏམ་བཤད་གནང་དོན་ཨོ་ས་མ་བསད་པ་ནི་ཧ་ཅང་གཟི་བརྗིད་ལྡན་པའི་རྒྱལ་ཁ་ཞིག་དང་ང་ཚོའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རྩ་འཛུགས་པ་ཕམ་ཉེས་བཏང་བའི་ཉིན་མོ་ཞིག་ཀྱང་ཡིན།ཁོང་གིས་མུ་མཐུད་དེ་བརྗོད་དོན་ཁོ་རང་འཆི་བ་ལ་ཞི་བདེ་དང་འགྲོ་བ་མིའི་ཆེ་མཐོང་ལ་ཡིད་ཆེས་བྱེད་མཁན་ཚོས་དགའ་བསུ་བྱེད་དགོས།

སྣ་ཚོགས།

Post navigation

Previous Post: ང་དང་འདི་ལོའི་བོད་ཀྱི་མཛངས་མའི་གླེང་ཉོག
Next Post: བཙན་བྱོལ་བོད་གཞུང་གི་གཞུང་མིང་བརྗེ་བསྒྱུར་ལས་འཕྲོས་པའི་གཏམ།

Comments (7) on “ཨོ་ས་མ་སྦིན་ལ་ཏིན་།”

  1. དོན་གྲུབ། says:
    2011-06-13 at 9:12 am

    ཡག་པོ་ཞེ་དྲག་བྲིས་འདུག ཐུགས་རྗེ་ཆེ།

  2. མིག says:
    2011-06-13 at 3:15 pm

    མི་རིགས་དང་ཆོས་ལུགས་ཀྱི་དཔའ་བོ་དེ་བདེ་བ་ཅན་དུ་སྐྱེ་བར་ཤོག

  3. རྡུལ་ཕྲན། says:
    2011-06-13 at 4:30 pm

    རྩོམ་ཡིག་འདིའི་སྐོར་འུ་ཚོ་མང་པོ་དགོས་གི་ཡ། འཛམ་གླིང་མི་མང་གི་མདུན་ནས་མི་ཁ་དང་འཕྱ་མོད། གནོན་ཤུགས་བཅས་ལ་གདོང་ལེན་བྱེད་པོད་པའི་མི་འདི་རྣམས་ནི་ཅི་བས་ཀྱང་གཟི་བརྗིད་ཁོ་ནས་ཕྱུག་པའོ།

  4. གཅན་བཟོད་རྒྱམ། says:
    2011-06-13 at 4:46 pm

    ཁོང་ཡང་བསྐྱར་ཨབ་གྷན་ནས་སྐྱེས་ཏེ་ཨ་རི་གཏོར་བར་ཤོག

  5. རྡུལ་ཕྲན། says:
    2011-06-13 at 4:53 pm

    རྩོམ་ཡིག་འདི་ལ་འུ་ཚོའི་བོད་ཡིོག་དྲ་ཚིགས་ཁག་གི་སྟོང་ཆ་སྐོང་བའི་ནུས་པ་བླ་མེད་ལྡན་ཀྱང་། ཡིག་ནོར་མང་པའི་ཉེས་པའང་བླ་མེད་ལྡན་གི

  6. ར་ས་ཕོ་ཉ། says:
    2011-06-13 at 7:21 pm

    ཨོ་ས་མ་བྷིན་ལ་ཏིན་ནི་མུཧ་མཌ་་ཨྭཌ་ཡི་བུ་ཕྲུག་༥༤ ཡོད་པའི་ནང་གི་༡༧ པ་ཡིན།
    ༡༩༨༨ ལོར་བྷིན་ལ་ཏིན་གྱིས་ཨལ་ཁ་ཊ་ཞེས་པའི་སྒྲིག་འཛུགས་བཙུགས།

  7. འདོད་ལྷ་ཁམས་པ། says:
    2011-06-13 at 8:31 pm

    རྩོམ་འདི་འདྲ་བ་ནི་བོད་ཡིག་གསར་འགྱུར་ཁྲོད་རྒྱལ་སྤྱིའི་གནས་ཚུལ་ལ་སྟོང་ཆ་སྐོང་བའི་ཆ་ཤས་ཧ་ཅང་གལ་ཆེན་པོར་སོང་ཙང་་་དག་ཆ་གཏགས་ནོར་ཤོར་བ་ཙམ་ལ་ཉེས་སྐྱོན་ཆེན་པོ་དེ་ཙམ་མེད།
    འཇིག་རྟེན་འདིའི་ཐོག་་བྷེན་ལྭ་རྡེན་ཟེར་བའི་མི་འདི་འདྲ་བ་ནི་གཅིག་ཡོད་ན་ཡང་མང་དྲགས་པ་རེད། ཁོས་མི་མགོ་རློན་པ་སུམ་སྟོང་སྐེ་ལ་བཏགས་ནས་འགྲོ་ས་ངན་པ་ཅིག་ལ་མ་གཏོགས་འགྲོ་གི་མ་རེད། ཡིན་ན་ཡང་། ཅིག་བྱས་ན། ཨ་ལས་རང་གི་ཉེ་ཁྲིས་ས་སྐད་བཏང་ནས་ཕག་པ་འཚོ་མཁན་གི་ཕག་རྫི་ཙམ་ལ་བསྐོ་འཇོག་སྲིད་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme