Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་རྒྱལ་སའི་ཉིན་ཐོ། ལྔ་པ།

Posted on 2011-07-11 By No Comments on ཨ་རིའི་རྒྱལ་སའི་ཉིན་ཐོ། ལྔ་པ།

ཀླུ་སྨྱོན།
dscn28823
ཆུ་ཚོད་བདུན་པ་མ་ཟིན་ཙམ་ཞིག་ལ་མལ་ལས་ལངས་ཏེ་ཁ་སང་བཞིན་མགྲོན་ཁང་གི་ཁ་གཏད་དུ་ཡོད་པའི་འཚིག་ཇ་ཚོང་ཁང་ལས་མེ་ཏོག་གི་ཇ་ཞིག་དང་སྣུམ་བག་ཅིག་ཉོས་རྗེས་བཟའ་བཏུང་བྱེད་ཞོར་གསུང་ཆོས་ས་གནས་སུ་བསྐྱོད། དེ་གར་འབྱོར་རྗེས་གསར་འགྱུར་སྙན་སྒྲོན་པ་གཡུ་ཞུན་དང་ཐུག་སྟེ་དུས་ཆད་བཞིན་གསུང་ཆོས་ཚོམས་ཆེན་གྱི་དྲུག་ཐོག་ཏུ་སོང་ནས་ཨེ་རླུང་ཨམ་སྐད་ལས་རིམ་གྱི་དུས་འཁོར་དབང་ཆེན་དང་དེའི་སྔོན་འགྲོའི་གསུང་ཆོས་སྐོར་གྱི་དྲི་བར་ལན་བཏབ་རྗེས་དབུས་སྐད་ལེ་ཚན་གྱི་འགན་འཛིན་གཞོན་པ་ཀརྨ་ལགས་ཀྱི་རེ་འདུན་བཞིན་ཁོ་ཚོའི་དྲི་བར་ཡང་ལན་བཏབ། དེ་ནས་སྦྱིན་བདག་གིས་མདང་དགོང་གློག་འཕྲིན་ནང་ལན་བཞག་སྟེ་རེ་བ་བཏོན་པ་བཞིན་ཁ་སང་གི་ཨ་རིའི་གདོད་མའི་འགྲེམ་སྟོན་ཁང་དེའི་ནང་དུ་སོང་སྟེ་ཧུ་ཝ་ཡུ་ནས་ཡིན་པའི་བུད་མེད་ཅིག་དང་ཨ་ལ་སི་ཀ་ནས་ཡིན་པའི་སྐྱེས་པ་ཞིག་དང་འགྲོགས་ཏེ་འགྲེམ་སྟོན་ཁང་དུ་ཡོད་པའི་གདོད་མའི་མི་རིགས་ཚོའི་འཚོ་བའི་ཁྲོད་ཀྱི་ཡོ་བྱད་སྣ་ཚོགས་ཀྱི་ཅ་དངོས་དག་ལ་ལྟ་སྐོར་དང་། dscn2860
དེ་རྗེས་ཉིན་གུང་གི་ཟ་མ་ཟོས་ནས་གླ་འཁོར་ཞིག་ལ་བསྡད་དེ་གསུང་ཆོས་ར་བར་བསྐྱོད། ཆུ་ཚོད་དང་པོ་ཙམ་ནས་གོང་ས་མཆོག་གིས་དབྱིན་སྐད་དང་བོད་སྐད་སྟེང་སྒོམ་རིམ་བར་བ་མུ་མཐུད་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་བསྐྱངས། ཁོང་གི་བཀའ་ཆོས་ཀྱི་ནང་དུ་ཆོས་དད་པའི་སྡེ་ཚན་དང་ཆོས་ལ་ངོ་རྒོལ་བྱེད་པའི་སྡེ་ཚན་གཉིས། དེ་བཞིན་སེམས་ཀྱི་ཞི་བདེ་འཚོལ་བའི་སྡེ་ཚན་ཞིག་དང་དངུལ་ལོར་ལ་སྐྱབས་བཅོལ་བའི་སྡེ་ཚན། དཔལ་སྤྲུལ་རིན་པོ་ཆེའི་སྒྲུང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྡེ་ཚན་སོགས་གསུངས། ང་ཚོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་མཁན་གཙོ་བོ་དེ་ནི་མི་གཙང་བ་གཙང་བར་འཛིན་པ་དང་། བདག་མེད་པ་ལ་བདག་ཏུ་འཛིན་པ་སོགས་ཕྱིན་ཅི་ལོག་གི་བློ་བཞི་ཡིན་པར་གསུངས་པ་དེ་བློ་ལ་འཕྲོད་པོ་ཞེ་དྲགས་བྱུང་། གསུང་ཆོས་གྲོལ་རྗེས་དུས་ཆད་བཟོས་པ་བཞིན་ཕ་ཡུལ་ནས་ཕེབས་པའི་ཨ་ལགས་ཤིག་དང་ཨ་ལགས་གཞན་ཞིག་གི་སྲས། སན་ཧྥ་རན་སེ་སི་ཀོ་ནས་བསླེབས་པའི་ཚུལ་ཁྲིམས་བཅས་དང་ལྷན་དུ་རྒྱ་མིའི་ཟ་ཁང་ཞིག་ཏུ་སོང་ནས་གྲོ་ཐུག་དང་མོག་མོག་བརྔོས་མ་ཞིག་ཟོས། དེ་ནས་དུས་ཆད་བཞིན་ཐེ་བོའི་གསར་བུ་དང་འཕྲད་དེ་འཁྱག་སྤྲི་ཟ་ཁང་དུ་སོང་ནས་སློབ་ཆེན་སློབ་མར་རོགས་སྐྱོར་ཐེབས་རྩའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས། དེ་ནས་ཡང་དུས་ཆད་བཞིན་ཨེ་རླུང་རྩོམ་རིག་ལེ་ཚན་གྱི་རྩོམ་སྒྲིག་པ་ཀེ་ཐོ་དང་གསར་འགྱུར་སྙན་སྒྲོན་པ་བོན་རྒྱལ་དང་མཉམ་དུ་ཝུ་ཆང་འཐུང་ས་ཞིག་ནས་གླེང་མོ་ལ་རོལ་ཞིང་། ཁོང་གཉིས་ཀྱི་ཝུ་ཆང་མཆོད་ཤུགས་ལ་ཧ་ལས་པ་དང་། ཁོ་གཉིས་ཀྱིས་ཉིན་འགའི་རྗེས་དུས་དབང་དང་རྩོམ་རིག་སྐོར་བཅར་འདྲི་བྱེད་རྒྱུ་ཟེར་བའི་རེ་བར་ཁས་ལེན་བྱས། དེ་ནས་ཡང་དུས་ཆད་བཞིན་ས་དགོན་མཁན་པོ་བྱམས་པ་དང་འགྲོགས་ནས་རང་ཉིད་སྡོད་སའི་མགྲོན་ཁང་དུ་ལོག་ནས་གཟུགས་པོ་བཀྲུས་རྗེས་ཤོད་དུ་བབས་ནས་དེ་རིང་གི་ཉིན་ཐོ་འདི་བྲིས།

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ནས་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme