Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དུ་ཕུལ་བ།

Posted on 2013-12-232013-12-23 By ཁ་བརྡ་ 3 Comments on ཨ་མ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དུ་ཕུལ་བ།

མི་གསོན་པོ།

དེ་རིང་གི་ཉིན་མོ་ནི་དྲིན་ཅན་གྱི་སྐྱེས་མ་འཇིག་རྟེན་མི་ཡུལ་ནས་རྫོགས་ཚིགས་བཀོད་དེ་ལྔ་ལམ་དུ་བཞུད་པའི་དུས་ཚིགས་ཏེ་ལོ་འཁོར་མོ་གཅིག་ངའི་མི་ཚེ་སྐྱོ་གདུང་གིས་ཟིན་པའི་ལོ་ཟླ་ནག་པོ་ཞིག་ཡིན། འདུས་བྱས་ཐམས་ཅད་སྒྱུ་མའི་རང་བཞིན་དང་འདུ་བྲལ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད་ཅེས་ཇི་ལྟར་བཤད་ཀྱང་བྱམས་ལྡན་མ་དང་བྲལ་བའི་ཚུལ་འདི་ནི་ངོ་མ་བཟོད་མི་ཐུབ་པའི་སྡུག་བསྔལ་གྱི་ན་ཟུག་ཞིག་རེད་ཨང་།
ཨ་མ་ལགས། ཁྱོད་དྲན་པའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔའི་ནང་དུ་ངེད་མི་སྲིང་བཅུ་ཡི་སེམས་པ་སྐྱོ་གདུང་གིས་ཁེངས་ནས་ངོ་གདོང་མིག་ཆུས་སྦངས་ཞིང་ཁྱེད་དང་ཁྱེད་ཀྱིས་བྱམས་སྐྱོང་ཉིན་ལྟར་གླེང་བཞིན་ཡོད། འོན་ཏེ་ལས་དབང་ཞིག་དང་ཆོས་ཉིད་གཅིག་གིས་ཁྱེད་ཉིད་འདི་ལྟར་བཞུད་ཟིན་དུས་ང་ཚོས་ཁྱེད་ཀྱི་བཀའ་དྲིན་ཡིད་ལ་འཁོར་བཞིན་དགེ་སེམས་བན་བུན་རེ་ཡིས་ཚོགས་བསགས་ཐར་ཐོར་རེ་བྱས་པ་ཐམས་ཅད་དེ་རིང་ཁྱེད་ལ་བསྔོ་བཞིན་ཡོད་ལ་དགེ་བ་འདི་དག་གིས་ཁྱེད་ཉིད་གཏན་བདེའི་ཐར་པ་ཞིག་ཐོབ་པའི་རེ་སྨོན་སྙིང་ནས་བྱེད་ཀྱིན་ཡོད།

ཨ་མ་ལགས། ངས་རང་གི་མི་ཚེ་ལ་ཕྱི་མིག་རེ་བལྟ་དུས་ཁྲ་ལྷམ་མེར་རུ་མཐོང་ཐུབ་པ་ནི་ཁྱེད་ཀྱི་འཛུམ་མདངས་ཡིན་ལ་འཛུམ་མདངས་དེའི་ཁྲོད་ནས་ཡོད་ཚད་རང་གི་བུ་རྒྱུད་ཀྱི་ཆེད་དུ་བློས་གཏོང་ཐུབ་པའི་གཟི་བརྗིད་ཅན་གྱི་ཁྱེད་ཀྱི་མི་ཚེ་ཡང་གློག་བརྙན་བཞིན་དུ་ཤར་ཡོང་གི་འདུག ད་དུང་ངས་ནམ་ཡང་བརྗེད་མི་ཐུབ་པའི་ཁྱེད་ཀྱི་ལོ་རྒྱུས་ཐུང་ཐུང་ཞིག་ནི། ལྔ་བཅུ་ང་དགུ་ལོར་རང་ཡུལ་གཞན་ལག་ཏུ་ཤོར་ནས་ཀུང་ཧྲེ་ཟེར་བའི་མི་མང་མཉམ་ལས་ངལ་རྩོལ་ཆེན་མོའི་ཁྲོད་བཀྲེས་སྐོམ་གྱིས་གནར་བའི་རང་གི་བུ་ལ་འོ་མ་ཁམ་གང་ལྐོག་ཏུ་སྟེར་བ་དེ་ཁྱོད་ཀྱིས་རོགས་པས་མཐོང་ནས་གོང་རིམ་ལ་ཡར་ཞུས་བྱས་སྟབས་གོང་རིམ་གྱིས་ཁྱེད་ལ་ཨ་བྲ་གསུམ་གསོད་རྒྱུའི་ཉེས་ཆད་བཀལ། དམར་སྲུང་དམག་གི་རྒྱུགས་ཁྱི་རུ་གྱུར་པ་དག་ནི་རང་གི་ཕ་ས་དྲོན་མོ་འཕྲོགས་མཁན་དེ་ཨ་བྲ་ཡིན་པ་ལྟར་ཉེས་མེད་ཨ་བྲ་རྣམས་སྡེབས་གསོད་བྱེད་རྒྱུ་ལ་བྲེལ་ཞིང་ཨ་བྲའི་ལྤགས་པ་ལས་གྲུབ་པའི་གོས་རིང་ཞིག་རླབས་ཆེན་གྱི་ཀྲུང་ཞི་ཟེར་བ་དེ་ལ་ཕུལ་སྐད་འདུག
འོན་ཏེ་ནམ་རྒྱུན་ཤིག་ཙམ་ཡང་གསོད་མི་ཕོད་པའི་ཁྱེད་ལ་བལྟོས་ན་ཉེས་ཆད་དེ་ནི་སྲོག་ཐོག་བཏང་བའི་ཉེས་ཆད་བཞིན་དུ་བློ་ཡུལ་ལའང་ཤོང་མི་ཐུབ་པའི་གནད་དོན་ཞིག་ཏུ་གྱུར། ཁྱེད་ཀྱིས་པུ་མོ་ས་ལ་བཙུགས་ཏེ་ཞུ་བ་ཇི་ཙམ་ཕུལ་ཡང་གོང་རིམ་གྱི་དཔོན་པོ་དེས་ཨ་བྲ་མ་བསད་ན་ཟླ་བ་གཅིག་གི་རིང་དུ་ལས་ཀ་བྱས་པའི་སྐར་མ་གཅོག་རྒྱུ་ཡིན་ཞེས་ནན་བཤད་བྱས། ཟླ་བ་གཅིག་གི་སྐར་མ་གཅོག་ཚེ་ཁྱེད་ཀྱི་བུ་རྒྱུད་རྣམས་མུ་གེ་ཤི་ངེས་ཡིན་པའི་གནད་ལུགས་དེས་ཁྱེད་ཉིད་ཁ་ཕོ་བསྡམས་ནས་ཨ་བྲ་གསོད་དུ་སོང་། འོན་ཏེ་ཁྱེད་ཀྱི་ཨ་བྲ་རེ་ཟིན་ཚེ་གསོད་ཕོད་པའི་བློ་སྟོབས་ཤིག་ཡེ་ནས་མ་རྙེད་པས་རེ་རེ་བཞིན་དུ་བཏང་། ཨ་བྲ་བསད་མ་ཐུབ་ཚེ་བུ་ཕྲུག་རྣམས་ལྟོགས་ཤི་ཐེབས་རྒྱུ་དེ་ཡང་སེམས་ནས་མ་བཟོད་པས་ངོ་གདོང་སྦར་མོས་བཀབ་ཏེ་ངུ་འབོད་ཆེན་པོ་བྱེད་བཞིན་པ་དེ་འབྲུ་ཚ་ཚང་གི་བུ་སྤུན་གཉིས་ཀྱིས་མཐོང་ནས་ལྐོག་ཏུ་ཁྱེད་ལ་ཨ་བྲ་གསུམ་བསད་རོགས་བྱས།

ཁྱེད་ཀྱིས་མི་ཚེ་ལ་རོགས་པ་བྱེད་མྱོང་མཁན་མང་པོ་ཡོད་ཀྱང་དེ་ལས་བཀའ་དྲིན་ཆེ་བ་ཞིག་མེད་ཅེས་རྟག་ཏུ་གླེང་ནས་ང་ཚོ་ལ་བཀའ་དྲིན་དེ་བརྗེད་མི་ཉན་ཚུལ་ཡང་བརྗོད་མྱོང་། དྲག་གནོན་དང་གདུག་རྩུབ་འོག་གི་དུས་ཟིང་ངན་པ་དེར་ལན་ཆགས་ཀྱི་བུ་ལོན་ལྟ་བུའི་ངེད་ཅག་རེ་རེ་བཞིན་ཁྱེད་ཀྱི་མངའ་གྱི་ཐེམ་པ་བརྒལ་དུས་ཁྱེད་ལ་བྱིན་རླབས་བྱེད་མཁན་གྱི་བླ་མ་མེད་ལ་ན་ཚ་བལྟ་མཁན་གྱི་སྨན་པ་དེ་བས་ཀྱང་མེད། ཐ་ན་ལུས་ཟུངས་གསོ་བྱེད་ཀྱི་ཁམ་ཟས་ཡག་པོ་ཞིག་ཀྱང་མེད་པར་མ་ཟད་སྐྱེ་གཡོག་བྱེད་མཁན་ནི་ཕ་རིའི་སྤང་རྒྱན་རེད།
འོན་ཏེ་ཁྱེད་ཀྱིས་ན་ཟུག་ཡོད་ཚད་བཟོད་སྒོམ་གྱིས་སྐྱེས་མ་ཐག་པའི་བྱིས་པའི་ཕྲུ་མ་བཤུ་བ་དང་ལྟེ་བ་བྲེགས་པ་ཆ་ཚང་རང་ཉིད་ཀྱིས་བྱས་པ་མ་ཟད་ཉིན་ལྟར་བྱིས་པ་རེ་རྒྱབ་ཏུ་ཁུར་ཞིང་བྱིས་པ་རེ་མདུན་དུ་པང་ནས་ལས་ཀའི་ངལ་རྩོལ་ཁྲོད་རང་ཉིད་ཀྱི་ཞོགས་ཟས་ཀྱི་སྐལ་བ་རྩམ་པ་ཕོར་ཕྱེད་དེ་དཀྲིས་ཤུན་རེ་གཉིས་བཤུས་རྗེས་སུ་ཟན་གོང་དུ་བསྒྲིལ་ནས་ངེད་ཅག་ལ་ཁམ་བུ་གང་རེ་བྱས་ནས་བགོ་བཤའ་རྒྱག་བཞིན་ཡོད། འོན་ཏེ་མེད་མུག་གི་ལོ་ཟླའི་ཁྲོད་ནས་ཁྱེད་ཀྱིས་དཀའ་སྤྱད་ཇི་ལྟར་བྱས་ཀྱང་བྱིས་པ་དག་གི་འཁྱག་ལྟོགས་ཀྱི་ངུ་སྐད་རྫོགས་མཐའ་བྲལ། དེ་ལྟར་ཧ་ཅང་དབུལ་བའི་ཁྱིམ་ཚང་ནང་གི་བྱིས་པ་དག་བཀྲེས་སྐོམ་གྱི་འཚོ་བ་དེར་ཁྱེད་ཀྱིས་མ་གཟོད་ནས་ངོ་ཚ་དང་དཀའ་ངལ་གང་ལ་མ་འཛེམས་པར་ཐག་རིང་དུ་ཡོད་པའི་ཞང་ཚང་ལ་སློང་མོ་བྱེད་དུ་སོང་། ཁྱེད་ཀྱི་གནས་བབ་ལ་བསམ་ཤེས་བྱེད་པའི་ཞང་ཚང་དང་སྤུན་མཆེད་དག་གིས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲི་མོ་གསུམ་ཁྱོད་ཀྱི་བྱིས་པ་དག་གིས་འཚོ་རྟེན་དུ་བྱིན། ནང་དུ་འབྱོར་མ་ཐག་ཏུ་རླུང་ནག་ཁྲོད་ཀྱི་བྱ་རྒོད་ཅེས་པའི་དངོས་སྒྲུང་ནང་གི་མགོ་འཇགས་མ་ལྟ་བུའི་གོང་རིམ་གྱི་རྒྱུགས་ཁྱི་དག་གིས་འབྲི་མོ་གསུམ་གཞུང་བཞེས་བྱེད་རྒྱུའི་ཐ་ཚིག་བསྒྲགས།

ཅི་བྱ་ཐབས་ཟད་དུ་གྱུར་པའི་ཁྱེད་ཕ་མ་གཉིས་ཀྱིས་ཆོས་དད་མེད་ཀྱང་སེམས་པ་བཟང་བའི་རྫོང་དཔོན་གྱི་མདུན་དུ་ཞུ་བ་ཕུལ་བས་རྫོང་དཔོན་དེས་ཀྱང་རང་ལ་བུ་རྫི་ཞིག་དགོས་སྟབས་བུ་མོ་ཆེ་བ་དེ་ལོ་གཉིས་ལ་བུ་རྫི་རུ་བཏང་ན་འབྲི་མོ་གསུམ་བདག་ཉར་བྱེད་ཆོག་པའི་གནང་བ་ཐོབ། ཕ་མ་ལ་བརྩི་བཀུར་ཆེ་ཞིང་གཅེན་གཅུང་ལ་བརྩེ་བ་ཟབ་པའི་བུ་མོ་དེས་ཀྱང་ལས་དོན་དེ་རང་ཉིད་ཀྱི་འགན་འཁྲི་རུ་བརྩིས་ཏེ་གཞན་གཡོག་རྒྱུགས་སུ་ཕྱིན་པའི་འབྲས་བུ་དང་འཚོ་བའི་ཁྲོད་ནས་དཀོན་མཆོག་གསུམ་དུ་བརྩིས་ནའང་ཆོག་པའི་འབྲི་མོ་གསུམ་གྱི་བཀའ་དྲིན། ད་དུང་བུ་རྒྱུད་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ནུས་པའི་ཁྱེད་ཀྱི་བྱམས་སྐྱོང་བཅས་ཀྱིས་དེ་ལྟའི་དུས་ངན་ནང་དུ་ངེད་ཅག་ལྟོགས་མུག་ལས་ཡོངས་སུ་རྒྱལ་ནས་གསོན་པོ་གནས་ཐུབ་སོང་།
དུས་ཚོད་ཀྱི་འགྱུར་བ་ཡག་དུ་ཕྱིན་ནས་རྒྱུ་ནོར་སྒེར་བདག་བྱུང་བའི་རྗེས་སུ་སྤྲིན་བར་གྱི་ཉི་མ་ལྟ་བུའི་ཁྱིམ་ཚང་བདེ་དྲོད་ཀྱིས་འཚོ་བཞིན་པའི་སྐབས་གློ་བུར་དུ་ཁྱེད་དང་བཅས་པའི་བཟའ་མི་ཡོངས་ཀྱིས་སེམས་རྟེན་གསོན་པོ་སྟེ་ཕ་རྒན་དྲིན་ཅན་དེ་ཉིད་ཡུན་རིང་མལ་ས་ལྷུང་ནས་སྨན་བཅོས་རིམ་གྲོས་མ་ཕན་པ་ང་ཚོ་དང་གཏན་དུ་ཁ་བྲལ་སོང་། བརྩེ་བ་ཟབ་ཅིང་དད་པ་ཆེ་བའི་ཁྱེད་ཀྱིས་རང་ཁྱིམ་གྱི་ནོར་རྫས་ཕལ་མོ་ཆེ་ཆོས་ཕྱོགས་སུ་བཏང་བ་དང་ཁ་བ་བབ་ཞོད་ཆེ་བས་རྩྭ་སས་མ་འདངས་བ་སོགས་ཀྱིས་ནོར་ལུག་མང་ཆེ་བ་རྣམས་ལྔ་ལམ་དུ་འགྲིམས་ཏེ་སླར་ཡང་ཁྱིམ་ཚང་འདི་ཉིད་དབུལ་པོའི་ཕྱོགས་སུ་ལྷུངས། རང་ཁྱིམ་ལ་རྒྱུ་ནོར་མེད་པའི་ཐོག་ངེད་བུ་ཐ་ཆུང་གཉིས་པོ་ཁ་དང་བྱ་ལག་མང་བའི་རྒྱུ་མཚན་གྱིས་ཕ་དང་ཁྱད་མེད་པའི་ཨ་ཁུ་དྲིན་ཅན་དང་སྙིང་ཉེ་བའི་གཉེན་ཚན་ཉུང་ཤས་ལས་ཁྱིམ་མཚེས་དང་ཡུལ་མི་རྣམས་རང་བཞིན་གྱིས་བྱོལ་ནས་འགྲོ་སྐབས་ཁྱེད་ཀྱིས་ཡོད་ཚད་ལས་དབང་དུ་སྒོམ་ནས་སྡུག་བསྔལ་ལ་གཟོད་བསྲན་གྱིས་ཟ་མཁས་མཐུང་མཁས་ངང་ཁྱིམ་ཚང་འདིའི་ཕ་མ་གཉིས་ཀའི་ཁུར་བླངས།

རྒྱུ་རྐྱེན་དེ་དག་གིས་མོ་ལོ་ལྔ་བཅུ་བརྒལ་རྗེས་ཁྱེད་ཀྱི་ལུས་ཁམས་ཉམས་ཉེས་སུ་གྱུར་ཏེ་མགོ་ཡི་སྐྲ་ལོ་སེར། ཁ་ཡི་དུང་སོ་བུད། གདོང་གི་མཛེས་ཉམས་ཤོར། རྟག་ཏུ་མགོ་ཡུར་འཁོར་བ་སོགས་ལུས་ཁམས་ཀྱི་དཀའ་ངལ་དང་འཚོ་བའི་དཀའ་ངལ་ཉིས་བརྩེགས་འཕྲད་བཞིན་པའི་དུས་སུ་དཀོན་མཆོག་གིས་དངོས་སུ་གསལ་རས་བསྩལ་བ་ལྟ་བུའི་ཁྱེད་ཀྱི་བུ་བཟང་པོ་ཀརྨ་རྒྱལ་མཚན་དེས་ཡོད་ཚད་ཁུར་དུ་བླངས་ནས་ཚོང་དང་སོ་ནམ་གྱི་བྱ་བས་ཁྱིམ་ཚང་འདི་དབུལ་པོ་ནས་འབྱོར་འབྲིང་། འབྱོར་འབྲིང་ནས་ཕྱུག་པོ་ཚད་དུ་བསྐྱལ་ནས་ཁྱེད་ཀྱི་དཀའ་ངལ་ཉུང་དུ་བཏང་བ་མ་ཟད་ང་ཚོ་བཟའ་ཚང་ཡོངས་རྫོགས་སླར་ཡང་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་བྱུང་།
འོན་ཏེ་ངས་རང་གི་ཕུགས་བསམ་གྱི་སླད་ཁྱེད་དང་ཁ་བྲལ་དགོས་བྱུང་བས་ཉིན་དེ་ནས་ཁྱེད་ཀྱི་སེམས་པ་རེ་སྒུག་གི་གི་ལོ་ཟླ་དང་འགྲོགས་ཏེ་སེམས་ཁྲལ་བསྣོན་མ་ཞིག་གིས་གནོན་ཤུགས་འོག་ལུས་ཁམས་ནད་ཀྱིས་ཟིན་ནས་མལ་ས་དྲོན་མོ་རུ་ལྷུང་ཏེ་ལོ་དགུའི་རྗེས་ཀྱི་ན་ནིང་ཁྱེད་ཉིད་འཇིག་རྟེན་འདི་ནས་དངོས་སུ་གྱེས་ཕྱག་ཞུས་སོང་། སྐབས་དེ་དག་ཏུ་གུས་པ་ལན་གསུམ་ཙམ་ཁྱེད་ཀྱི་སྐུ་མདུན་བཅར་རྒྱུ་བྱུང་ཡང་ཞང་ཚང་གི་ཆབ་སྲིད་ཀྱི་ངོ་གདོང་ནག་པོ་དེས་ངེད་ཅག་མ་བུ་ལྷོད་ལ་བབ་ནས་ཁ་བརྡ་ཞིག་བྱེད་རྒྱུའི་དཀའ་ངལ་འཕྲད་པ་མ་ཟད་ལམ་བར་དཀའ་ངལ་དང་སྡུག་བསྔལ་ཇི་ལྟར་འཕྲད་ཀྱང་ཁྱེད་དང་མཇལ་བ་ཙམ་ནས་རང་སེམས་འདི་དྲོད་ཀྱིས་ཁེངས་བཞིན་ཡོད་ཚད་གཏིང་བརྗེད་དུ་འགྲོ་བཞིན་འདུག། འོན་ཏེ་ཁྱེད་ཀྱི་བཀའ་དྲིན་ལ་བསམ་ཤེས་མེད་པའི་བུ་ངས་ཆེས་ཐ་མའི་ཁྱེད་ཀྱི་ཞལ་རས་དེ་མཇལ་མ་ཐུབ་པས་ཁྱེད་ཀྱིས་གཏམ་གྱི་ཐ་མ་ལ་ཡང་ཁོ་བོའི་མིང་ནས་འབོད་བཞིན་ཕྱི་མའི་འཕྲང་ལམ་དུ་འགྲིམས་སོང་ཟེར།

ཨ་མ་ལགས། ངས་ལག་པ་འདར་གྱིན། མིག་ཆུ་བཞུར་གྱིན། ངུ་འབོད་བྱེད་ཀྱིན་ཁྱེད་ལ་དགོངས་དག་ཞུ་བཞིན་ཡོད་ལ་ངས་ཁྱེད་ཀྱི་རེ་བ་དང་ང་རང་གི་དམིགས་ཡུལ་ནམ་ཡང་ཆུད་ཟོས་སུ་བཏང་མི་སྲིད། གལ་སྲིད་སྐྱེ་བ་རྗེས་མ་ཞིག་ཡོད་ཚེ་ང་སླར་ཡང་ཁྱེད་ཀྱི་བུ་རུ་སྐྱེ་བའི་སྨོན་ལམ་འདེབས་ཀྱི་ཡོད་ལ་མི་ཚེ་གང་པོར་ཁྱེད་དང་ལྷན་དུ་འགྲོགས་ཏེ་བཀའ་དྲིན་གསོ་ཐུབ་རེ་འདུན་སྙིང་ནས་ཆེ། ཨ་མ་ལགས། ཁྱེད་ཉིད་བློ་བདེ་བའི་ངང་དུ་དག་པའི་ཞིང་ཁམས་སུ་ཕེབས་རོགས་འདི་ནས་ཁྱེད་ཀྱི་བུ་བཟང་པོ་ཀར་རྒྱལ་གྱི་བཀའ་དྲིན་ལ་བརྟེན་ང་ཚོ་མིང་སྲིང་ཚ་བོ་ཡང་ཚ་དང་བཅས་པ་གང་ཅིའི་ཐད་དཀའ་ངལ་ཅུང་ཟད་ཙམ་ཡང་མེད། ཨ་མ་ལགས། ང་ཚོས་ནམ་ཡང་ཁྱེད་ཉིད་དྲན་ལ་ང་ཚོ་ནམ་ཡང་ཁྱེད་ལ་དགའ།

རྩོམ་རིག

Post navigation

Previous Post: སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ཁྱད་ཆོས་གཙོ་བོ་ཁག་དགུ།
Next Post: མདོ་སྨད་སྤྱི་འཐུས་འོས་མི། སྤྲོ་ཚིགས་ཆོས་གྲགས་ལགས།

Comments (3) on “ཨ་མ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དུ་ཕུལ་བ།”

  1. བན་དེ་བ། says:
    2013-12-24 at 5:24 am

    མི་གསོན་པོས་དྲིན་མ་ལོ་དྲན་པའི་སྐྱོ་གདུང་གི་བརྩམས་སྒྲུང་དེ་ནི་ངོ་མ་མི་གསོན་པོའི་སྐད་ཆ་རེད
    འདུག ཁྱེད་ལ་གདུང་སེམས་མཉམ་བསྐྱེད་ཡོད་་མ་དྲིན་མོ་ཆེའི་ཆེད་དུ་སེམས་བཟང་དང་གཞན་ཕན་སོགས
    གནོང་དང་དེས་དྲིན་མ་ལོའི་དྲིན་ལན་འཁོར་བའི་རེ་བ་ཡོད། ཁྱེད་རྗེས་ལུས་མིང་སྲིང་རྣམས་ལ་ཐུགས་གསོ
    ཞུ་བཞིན་ཡོད།

  2. འཕྲིན་ལས་ལྷུན་གྲུབ་ says:
    2013-12-24 at 7:00 am

    གདུང་སེམས་མཉམ་བསྐྱེད་ཡོད།

  3. ཤར་པ་ says:
    2013-12-26 at 5:55 am

    ཡག་པོ་རེད་ཕྲུག་གུས་ཨ་མ་དྲན་པ་དེ་ལོས་ཡིན་། པུ་གུ་མ་ངུ་ཨ། ངའི་ཨ་མ་ཡང་བདེ་བ་ཅན་འགྲོ་ཚར་རེད། མི་ཚང་མའི་ཨ་མ་ཤི་ཡག་རེད། ཉིན་ཅིག་ང་ཡང་ཤི་། སྐབས་གཞན་དུ་ཁྱོད་ཡང་ཤི། རང་ཉིད་ཤི་དུས་ཨ་མ་མ་ལབ་པར་བླ་མ་ལབ་ཐུབ་ན་བསམ་བཞིན་ཡོད། པུ་གུ་མ་ངུ་ཨ་སྔན་པ་བྱེ་རིལ་སྤྲོད་ཆོག་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme