Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྲ་སེར་མ་ཞིག་གྲོགས་ལ་བཀུགས།

Posted on 2011-04-24 By ཁ་བརྡ་ 4 Comments on སྐྲ་སེར་མ་ཞིག་གྲོགས་ལ་བཀུགས།

འབའ་སྲས།

ནམ་རྒྱུན་ཡར་མར་འགྲོ་བའི་ལམ་བར་ནས།།
སྐྲ་སེར་གཞོན་ནུ་མ་ཞིག་ཡང་ཡང་འཕྲད།།
ཡང་ཡང་འཕྲད་པའི་ཟླ་བ་འགའ་ཡི་རྗེས།།
ཕན་ཚུན་ངོ་ཤེས་ལྟ་བུའི་སེམས་པ་ཆགས།།

ཁོ་མོས་ང་ལ་འཛུམ་ཞིག་བསྟན་ནས་འགྲོ།།
ངས་ཀྱང་མིག་གིས་རེ་རེ་བལྟས་ནས་སོང་།།
འདི་ལྟར་སོང་བའི་ཁ་སང་ཉིན་མའི་གོང་།།
ངེད་གཉིས་སྙན་ངག་ཅིག་གི་གླིང་དུ་ཞུགས།།

ངོ་ཚའི་བ་སྤུ་གྱེན་ནས་གྱེན་དུ་གཟིངས་།།
སྙིང་གི་ཤ་རྡོག་ལུ་གུ་ལྡིང་ལྡིང་བྱེད།།
ལག་པ་འདར་བཞིན་ལག་པ་ཐེངས་གཅིག་འཇུས།།
སྐད་མགོ་དམའ་མོས་སྙན་ངག་འདི་ལྟར་གླེང་།།

བདག་གི་ཁ་པར་ཨང་གྲངས་ཁྱོད་ལ་སྟེར།།
ཁྱེད་ཀྱི་ཁང་པའི་ཁ་བྱང་བདག་ལ་སྤྲོད།།
ཁྱོད་ཀྱི་སྙིང་གཏམ་ཁ་པར་ནང་ནས་ཤོད།།
བདག་གི་སེམས་པ་ཡི་གེར་འབྲི་ནས་བསྐུར།།

ཕར་ཕྱོགས་ལམ་ནས་ཁྱོད་ནི་ཚུལ་ལ་ཤོག །
ཚུར་ཕྱོགས་ལམ་ནས་བདག་ནི་ཕར་ལ་ཡོང་།།
བཞི་མདོའི་ཆང་ཁང་ཞིག་ནས་ངེད་གཉིས་ཐུག །
རྒུན་འབྲུམ་ཆང་དམར་བཏུང་ནས་འགྲོགས་ཤིག་འཛིན།།

བདག་གི་ཁྲ་ཆེན་མིག་གིས་ཁྱོད་ལ་བལྟ།།
ཁྱེད་ཀྱིས་མཛེས་པའི་འཛུམ་མདངས་བདག་ལ་སྟོན།།
འཛུམ་མདངས་ཐོག་མ་མཛེས་པའི་ལང་ཚོ་ཡིན།།
ཁྱོད་ཀྱི་ལང་ཚོ་དར་ལ་རྟེན་འབྲེལ་ཞུས།།

བདག་གི་ལག་པ་གཉིས་ཀྱིས་ཆང་ཞིག་འདྲེན།།
ཁྱེད་ཀྱིས་སྤྲོ་བའི་ངང་ནས་གཙང་བཞེས་མཛོད།།
མཆོད་ཆང་ཐོག་མ་བསམ་པའི་དོན་འགྲུབ་ཡིན།།
བདག་གི་བསམ་དོན་འགྲུབ་པའི་རྟེན་འབྲེལ་ཞུས།།

ད་མ་དིག་གི་ཧྥ་སྐད་བདག་གིས་བཤད།།
འདྲ་མ་འདྲེས་ཀྱི་རྣམ་འགྱུར་ཁྱོད་ཀྱིས་སྟོན།།
ག་མ་གོ་ཡིས་གོ་བརྡ་འཕྲོད་ཐུབ་བྱེད།།
བར་མ་བར་ནས་སེམས་པ་མཐུན་གི་འཇུག །

མེ་ཏོག་ལྟ་བུའི་མཛེས་སྡུག་ཁྱོད་ལ་ལྡན།།
གཡུ་སྦྲང་ཞིག་གི་གཤོག་རྩལ་ང་ལ་ཡོད།།
གེ་སར་འདྲ་བའི་འདང་ཞིག་ཁྱོད་ཀྱིས་སྦྱིན།།
དུངས་པ་ཟབ་པའི་གླུ་དབྱངས་བདག་གིས་གྱེར།།

ཁྱོད་ཀྱི་མགོ་ཡི་སྐྲ་ལོ་སེར་ན་སེེར།།
དཔྲལ་བའི་མིག་གི་ཁ་དོག་སྔོ་ན་སྔོ།།
ཡ་ཆུང་བརྩེ་བའི་སྙིང་གི་ལྡིང་ཁང་ནས།།
ཕྱི་ཐག་སེམས་པ་དཀར་ན་དེ་ཡིས་འགྲིག །

ཁྱོད་ཀྱི་ཆོས་ལུགས་ཡེ་ཤེ་ཡིན་ན་ཡིན།།
བདག་གི་ལྷ་ལ་དད་པ་མེད་ན་མེད།།
ཁྱོད་དང་ང་ཡི་སེམས་པ་མཐུན་སོང་ན།།
འཇིག་རྟེན་བརྩེ་བ་ངེད་གཉིས་དཀོན་མཆོག་ཡིན།།

ཁྱོད་ཀྱི་རིགས་རྒྱུད་ཕྱི་གླིང་ཡིན་ན་ཡིན།།
ཤ་ཁྲག་རུས་གསུམ་བདག་དང་མ་གཅིག་ཆོག །
འདི་དག་ཚང་མ་ཕྱི་ཡི་རྣམ་པ་ཙམ།།
ནང་སེམས་མི་ཡི་ཁ་དོག་སུ་ཡིས་འབྱེད།།

གངས་ཅན་བོད་ནས་ཡོང་པའི་ཕོ་རྒོད་ང་།།
བལྟས་ན་གཡག་དང་འདྲ་བའི་སྤྱོད་པ་རྩུབ།།
འགྲོགས་ན་མེ་ཏོག་ལྟ་བུའི་སེམས་གཤིས་འཇམ།།
མཐུན་ན་རྫ་ཆུ་འདྲ་བའི་ངང་རྒྱུད་རིང་།།

ཕྱི་གླིང་གྲོང་ཁྱེར་ནང་གི་བུ་མོ་ཁྱོད།།
མཐའ་ཡས་རྩྭ་ཐང་ནས་ཡོང་བོད་པའི་བུ།།
སྙིང་དུ་སྡུག་པའི་ཡོན་ཏན་འཛོམས་ཡོད་ན།།
འགྲོགས་ཤིག་འཛིན་རྒྱུ་ཡིན་མིན་ཁྱོད་ཀྱིས་ལྟོས།།

བདག་གིས་འདི་ལྟར་ཁ་ཡག་བཤད་མ་ཐག །
ཕྱི་རྒྱལ་བུ་མོ་ཁ་རེ་ཁ་ཐུག་རེད།།
ཁ་མ་དེ་ནས་བདག་གི་མགྲིན་ལ་འཁྱུད།།
འགྲམ་པ་སྐྱོར་ནས་ཞིམ་པོའི་འོ་ཞིག་བྱས།།

སྙན་ངག

Post navigation

Previous Post: འཛམ་གླིང་དཔེ་ཀློག་ཉིན་མོ།
Next Post: ང་ ཟིན་བྲིས་སུ་ཐོན་ཡོད།

Comments (4) on “སྐྲ་སེར་མ་ཞིག་གྲོགས་ལ་བཀུགས།”

  1. བསིལ་རླུང་། says:
    2011-04-25 at 4:50 am

    རྒྱུགས་རྩལ་འཛོམས་རུང་སྐྱ་རྩལ་ཁྱོད་ལ་མེེད།།
    ཁ་ཐུག་ཡིན་རུང་འཛགས་རྩལ་ཁྱོད་ལ་དབེན།།
    ཅི་ཡང་མེད་པའི་རྒད་པོ་ཧོན་ལོག་ཁྱོད།།
    རྒད་མོ་ཐུག་ཙམ་བྱས་ནས་བསྡད་ན་བཟང་།།

  2. པ་མགོ says:
    2011-04-25 at 10:29 am

    འབའ་སྲས་བུ་ལོས་རླུང་རྟ་སྒུར་གོ་གི།
    སྐྲ་སེར་བུ་མོས་ཞེ་མདང་སྟོན་གོ་གི།
    ཁ་ཁོག་མེད་ལ་ཁ་བརྡ་ནང་ལ་བཤད།།
    ཁ་མ་མེད་ནོ་ཀུན་གྱིས་ཤེས་ནི་རེད།།

  3. འབའ་སྲས། says:
    2011-04-25 at 11:26 am

    བསིལ་རླུང་པ་མགོ་གཉིས་ཀྱིས་རྣ་བ་གཏོད།།
    ཀུན་གྱིས་བཀླག་ན་འདོད་པའི་སྙན་ངག་འབྲི།།
    སུས་ཀྱང་གོ་བར་སླ་བའི་སྙན་ངག་འབྲི།།
    བོད་ཡིག་དགའ་བའི་དཔང་རྟགས་འདི་ན་ཡོད།།

    སྙན་ངག་བྲིས་ནས་རླུང་རྟ་སྒུར་ཡང་ཆོག །
    སྙན་ངག་བྲིས་ནས་ངོ་ཚ་ཉོས་ཀྱང་ཆོག །
    སྙན་ངག་བྲིས་ནས་མི་ཚེ་ཟད་ཀྱང་ཆོག །
    བདག་གི་ཤ་ཁྲག་རུས་པ་སྙན་ངག་ཡིན།།

    རྩོམ་ཡིག་གཅིག་གི་མགོ་རྔ་མི་འཁྱོང་ཡང་།།
    ཁ་ནས་རྫིག་པོ་བཤད་པའི་ཁ་མཁས་དག །
    ཁ་བརྡའི་ནང་གི་ཁྭ་ཏ་བྱེད་པ་ལས།།
    ཁུ་བྱུག་བཞིན་དུ་སྙན་པའི་གསུང་ཞིག་སྒྲོགས།།

  4. Pingback: Yeshe

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme