Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་མང་སྔོན་གྱི་འགྲུལ་བཞུད་ཅིག་དྲན་པ།

Posted on 2012-06-162012-06-16 By ཡེ་ཤེས་ 21 Comments on ལོ་མང་སྔོན་གྱི་འགྲུལ་བཞུད་ཅིག་དྲན་པ།

ཀླུ་སྨྱོན།

—གྲོགས་པོ་གཞོན་ནུ་ཟླ་མེད་དང་ལྷན་རྩེད་མཚར་དུ་བྲིས་པ།

ཆོས་གྲོགས་ངེད་གཉིས་ལྡི་ལིར་འགྲོ་བའི་དུས། །
ཁྱེད་ཀྱིས་ཧིན་དབྱིན་ཆག་ཐོ་བརྒྱབ་པའི་དུས། །
དེ་ཡིས་ངེད་གཉིས་ལམ་ཁ་མ་ནོར་དུས། །
ང་ཡི་དཀོན་མཆོག་ཁྱེད་ཉིད་ཡིན་པའི་དུས། །
ལྡི་ལིའི་ཚ་བའི་ནང་དུ་བསླེབས་པའི་དུས། །
ཀོ་ལྷམ་རྙིང་གོག་གད་མོ་བགད་པའི་དུས། །
(འདི་ལྷ་ས་ནས་བློ་གྲོས་དཔལ་བཟང་གིས་སྤྲད་པ་ཡིན།)
ལྕགས་མཛེར་སུམ་ཅུས་གསེར་སོ་བཙུགས་པའི་དུས། །
(ཀོ་ལྷམ་གྱི་ཡ་མཆུ་མ་མཆུ་ལྷན་དུ་བཙེམས་པའི་དོན)
འུ་གཉིས་སྦག་སུའི་མགྲོན་ཁང་བསླེབས་པའི་དུས། །
ཨ་མྱེས་རྨ་ཆེན་ཚོགས་འདུར་ཞུགས་པའི་དུས། །
ང་ནི་ཁྱོད་ལས་རླུང་རྟ་བརྒྱུགས་ནི་རེད། །
རྒྱུ་མཚན་ནམ་མཁའ་རྡ་སར་ཡོད་ནི་རེད། །
ཁོ་ལ་སྡོད་ས་ཐེབས་ཆག་ཡོད་ནི་རེད། །
རྣམ་གྲོལ་ངེད་གསུམ་དེ་ནས་བསྡད་ནི་རེད། །
ཉིན་རེར་མི་དགོས་རྩོད་པ་བྱས་ནི་རེད། །
ཕྱི་དྲོ་མང་པོར་ཁ་བསྲེ་མེད་ནི་རེད། །
སྤོ་ངོ་བྱས་ནས་འཐེན་ཐུག་འཐུང་ནི་རེད། །
ཉལ་གོས་གཅིག་ནང་མཉམ་དུ་ཉལ་ནི་རེད། །
གཅིག་གི་ཤིག་སྲོ་གཅིག་ལ་འགོས་ནི་རེད། །
ལྡི་ལིར་ཨ་མདོའི་ཨ་ཅེ་ཡོད་ནི་རེད། །
མོ་ཡིས་ནམ་མཁར་གླང་ཤ་བསྐུར་ནི་རེད། །
རྒྱ་གར་ཁང་བདག་སྐྱག་ཁྲིམས་བཙན་ནི་རེད། །
གླང་ཉ་བྱ་གསུམ་ལྷ་རུ་རྩི་ནི་རེད། །
སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ནི་རེད། །
ད་རུང་ཉལ་གོས་སྒེའུ་ཡོལ་བྱས་ནི་རེད། །
ནང་ནས་གླང་ཤའི་འཐེན་ཐུག་འཐུང་ནི་རེད། །
རླངས་པ་ཚ་བོ་ནང་ལ་འཐིབས་ནི་རེད། །
འཐེན་ཐུག་ཞིམ་ཡང་ཚ་ནས་འབར་ནི་རེད། །
འདི་མོའི་གཏམ་རྒྱུད་ད་དུང་དྲན་ནི་རེད། །

སྙན་ངག

Post navigation

Previous Post: དེང་གི་གྲྭ་རྒོད། དེང་གི་ཕོ་གསར། དེང་གི་བུ་མོ།
Next Post: ལོ་མང་སྔོན་གྱི་འགྲུལ་བཞུད་ཅིག་དྲན་པ།

Comments (21) on “ལོ་མང་སྔོན་གྱི་འགྲུལ་བཞུད་ཅིག་དྲན་པ།”

  1. ཐོ་ཚའི་ཐུབ་པད། says:
    2012-06-16 at 2:40 am

    ཀླུ་སྨྱོན་མེད་ན་ཁ་བརྡ་མི་སྙན་གིས།།
    ཀླུ་སྨྱོན་མེད་ན་ཁ་བཙོག་ཀློག་རྒྱུ་མེད།།
    ཀླུ་སྨྱོན་མེད་ན་རྩོད་གཞི་མང་པོ་མེད།།
    ཀླུ་སྨྱོན་མེད་ན་ཕྱི་གསལ་ནང་གསལ་མེད།།
    ཀླུ་སྨྱོན་མེད་ན་གནམ་གྱི་གྲང་དྲོད་མི་ཤིས།།
    ལྐུ་སྨྱོན་མེད་ན་རྗེ་དེ་ཤི་ཉལ་མི་ཤིས།།

  2. སྤྲིན་དཀར་གྲོང་ཚོ། says:
    2012-06-16 at 3:08 am

    ཀླུ་སྨྱོན་མེད་ན་ཀླད་པ་དྭངས་གསལ་མེད།།
    ཀླུ་སྨྱོན་མེད་ན་བློ་གྲོས་འཕེལ་ཁ་མེད།།
    ཀླུ་སྨྱོན་མེད་ན་སེམས་ཀྱི་གདུང་དབྱངས་མེད།།
    ཀླུ་སྨྱོན་མེད་ན་མཛེས་མའི་གཏམ་རྒྱུད་མེད།།

  3. amdo baglab says:
    2012-06-16 at 4:20 am

    ཀླུ་སྨྱོན་ཡོད་ན་ཁ་མཚར་ཡོད་ནི་རེད། །ཀླྱུ་སྨྱོན་ཡོད་ན་དྲངས་བདེན་ཡོད་ནི་རེད། །ཀླུ་སྨྱོན་ཡོད་ན་མཇེ་གཏམ་ཡོད་ནི་རེད། །ཀླུ་སྨྱོན་ཡོད་ན་རྫུན་རྐུབ་རྡོལ་ནི་རེད། །

  4. སྣྲོན་ངག་ཁྲི། says:
    2012-06-16 at 4:23 am

    ཀླུ་སྨྱོན་ཡོད་ན་ཁ་བརྡ་བག་དང་ལྡན།།
    ཀླུ་སྨྱོན་ཡོད་ན་རྩོད་པ་རྒྱག་རིན་མཆིས།།
    ཀླུ་སྨྱོན་ཡོད་ན་གཏམ་ལན་གསན་འཇོག་གདའ།།
    ཀླུ་སྨྱོན་ཡོད་ན་བློ་སྐྱེད་ནོར་བུ་རྙེད།།
    འདོད་གཏམ་ཡོད་ན་ཀླུ་སྨྱོན་ཡོད་པས་ཁྱབ།།
    གཅེར་བུ་ཡིན་ན་ཀླུ་སྨྱོན་མགུར་གྱིས་ཁྱབ།།
    མཁའ་འགྲོ་ཡིན་ན་ཀླུ་སྨྱོན་བརྗོད་བྱར་ངེས།།
    ངོམས་ཟོ་ཡོད་ན་ཀླུ་སྨྱོན་ངག་གིས་ཁྱབ།།།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 5:29 am

    གླང་ཉ་བྱ་གསུམ་ལྷ་རུ་རྩི་ནི་རེད། །
    འདི།
    གླང་ཉ་བྱ་གསུམ་ལྷ་རུ་རྩི་བགྱིད་རེད། །
    བྲིས་ན་སྐྱོན་་ཐལ་ཅི་ཡོད་དམ།

  6. མེ་ཏོག་དཀར་པོ། says:
    2012-06-16 at 5:44 am

    ཀ་རྡོ་བ། ཁྱད་པར་གང་ཡང་མེད་རེད། གཉིས་ཀ་རང་གི་གྲོང་པའི་སྐད་རེད། བརྡ་དག་དང་ནི་གཉིས་ཀ་མི་མཐུན།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 6:24 am

    བརྡ་དག་དང་མཐུན་པ་དེ་གང་ཡིན་ནམ།

  8. མེ་ཏོག་དཀར་པོ། says:
    2012-06-16 at 6:30 am

    རྩི་གི་རེད། འདི་རེད། ཤེས་སོང་།།

  9. སྐྱུ་རྩི་ནས། says:
    2012-06-16 at 8:27 am

    སྨྱོན་པ་མང་བའི་རྡ་རམ་ས་ལ་རུ།
    ལྷ་ཀླུ་གཙན་གསུམ་སྨྱོན་པ་མང་ལེ་རེད།
    གནས་ཚང་བུ་མོའི་སྟེང་དུ་འཛེགས་པའི་དུས།
    ཀླུ་ཡི་མིང་ཅན་སྨྱོན་པ་བཟང་ལེ་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 9:14 am

    གླང་ཉ་བྱ་གསུམ་ལྷ་རུ་རྩི་གི་རེད། །
    ཅེས་པའི་ག་གི་གུ་གི་འདི་ཡིས་དུས་ད་ལྟ་བ་སྟོན་ཐུབ་བམ། མེ་དཀར་ལགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 9:21 am

    ཀླུ་སྨྱོན་ལགས་ཀྱི།
    གླང་ཉ་བྱ་གསུམ་ལྷ་རུ་རྩི་ནི་རེད། །
    འདི་ནི་ཨམ་སྐད་ཤེད་ཆེ་བ་དང་།
    མེ་དཀར་ལགས་ཀྱི།
    གླང་ཉ་བྱ་གསུམ་ལྷ་རུ་རྩི་གི་རེད། །
    འདི་ནི་མ་དག་རྒྱུན་འཇགས་རེད།
    ངའི།
    གླང་ཉ་བྱ་གསུམ་ལྷ་རུ་རྩི་བགྱིད་རེད། །
    འདི་ནི། ཡར་ཐོན་གསར་སྐྱེས་ཟེར་ན་མི་འགྲིགས་པ་མེད་སྙམ་ལགས།

  12. གནམ says:
    2012-06-16 at 9:33 am

    བྱ་རྒོད་པོ་རྒས་ན་ཚང་དྲན་གི།
    མྱི་དཔའ་བོ་རྒས་ན་ཡུལ་དྲན་གི།
    གྲྭ་སྨྱོན་པ་རྒས་ན་གྲགས་དྲན་གི།
    མ་བཟང་མོ་རྒས་ན་མྱི་དྲན་གི།
    བུ་ང་རང་རྒས་ན་ཞོ་དྲན་གི།

  13. གནམ says:
    2012-06-16 at 9:39 am

    དེ་འདྲ་མ་རེད་གྲོགས་པོ་ཚོ།
    གླང་ཉ་བྱ་གསུམ་རྩི་འི་རེད། ཟེར་ནི་རེད། འདི་ཨ་མདོའི་འབྲོག་སྐད་རེད། དེ་ལ་རྩོད་པ་ཡོད་པ་མ་རེད། འབྲོག་སྐད་འབྲི་ན་འདོད་ན་འདི་ལྟར་ཕྲིས། གོ་སོང་ངམ། གང་དྲན་དྲན་མ་བྱས་ན་བཟང་།

  14. ཟུར་གནས། says:
    2012-06-16 at 9:51 am

    ཀླུ་སྨྱོན་ཡོད་ན། དགའ་བ་ཡོད། སྐྱོ་བ་ཡོད། བདེན་པ་ཡོད། དྲང་གཏམ་ཡོད། ཁོང་ཁྲོ་ཡོད། ཁ་བརྡ་ཡོད། ཚེ་རིང་སྐྱིད་ཡོད། དེ་བས། སྙན་ངག་ཡོད་ལ། མིའི་ཡོད་ཚད་ཀྱི་ཡོད་ཚད་དེ། བརྩེ་བ་དང་། ལྷན་སྦྱོར། དེ་བཞིན། ཕོ་མཚན་མོ་མཚན་གྱི་རྟོག་བརྗོད་ཡོད།

    ཀླུ་སྨྱོན་ཁ་བརྡ་ལ་མེད་ན། ཆོལ་ཁའི་སྡང་ཟུག་ཡོད་ལ། ཆོས་ལུགས་ཀྱི་ཐེན་ཁྱེར་ཡོད། ད་དུང་བོད་སྤྱི་གནོན་པའི་དུག་རྩོམ་མང་པོ་ཡོད་ལ། ཀླུ་སྨྱོན་ལ་སྡང་བའི་རྩོམ་ཡང་ཡོད་དོ།

    རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་མགུར་གླུ། ཁྲེ་སྒོར་དང་དད་པའི་གླུ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་སྙིང་རྗེ། དེ་བཞིན་ཀླུ་སྨྱོན་དང་བདེན་པའི་སྙན་ངག་བྲལ་དུ་མེད་ལགས།

    ཀླུ་སྨྱོན། སྨྱོན་པའི་འཇིག་རྟེན་འདི་ན། དྲང་པོར་འཚོ་བའི་སྨྱོན་པ་གཅིག་པུ་ལགས།

  15. བསྟན་འོད་ says:
    2012-06-16 at 11:27 am

    ཁ་སང་རིགས་པའི་དགོངས་གཏེར་རྡོལ་ནི་རེད་།
    དེ་རིང་གླང་ཤའི་འཐེད་ཐུག་གླེང་ནི་རེད་།
    སང་ཉིན་ཅི་ཞིག་ཐོན་རྒྱུ་ཤེས་ནི་མེད་།
    རྒུག་ནས་སྡོད་པ་ཀུན་གྱི་ལས་དབང་རེད་

  16. གླིང་དཀར་ལྷ་རྗེས། says:
    2012-06-16 at 12:18 pm

    ཀླུ་སྨྱོན་ཀླུ་སྨྱོན་མ་རེད། ལས་མེད་ལས་མེད་ཀླུ་སྨྱོན།
    སྙན་ངག་སྙན་ངག་ཡིན་མདོག གང་གང་བྱུང་བྱུང་བྲིས་ནས།
    ཨམ་སྐད་མང་མང་བསྲེས་ནས། འཇོན་འཇོན་མདོག་མདོག་མ་བྱེད།

  17. འབའ་སྲས། says:
    2012-06-16 at 12:35 pm

    ཀླུ་སྨྱོན་སྙན་ངག་གེ་སར་སྒྲུང་རིང་འདྲ།།
    བཤད་ཀྱང་བྲིས་ཀྱང་ནམ་ཡང་རྫོགས་པ་མེད།།
    ཀླུ་སྨྱོན་མཇེ་ངན་ལ་ཕུག་གཉིད་པ་འདྲ།།
    གཅིན་པ་གཏོང་བྱེད་ཙམ་ལས་ཕན་ཐོག་མེད།།

  18. རེབ་ཐོག་མདའ says:
    2012-06-16 at 1:22 pm

    རྒན་རབས་སྙན་ངག་པ་ཀླུ་སྨྱོན་གིས་བྲིས་བའི་ཁ་སྐད་གི་སྙན་ངག་འབྲི་སྟངས་འདི་རིགས་ཡག་པོ་འདུག

  19. རུ་ཤུལ་བུ་ says:
    2012-06-17 at 1:35 am

    ཁ་བརྡ་དྲ་བའི་ཁུགས་སོ་ཉུལ་བའི་དུས།།
    ཨ་ཁུ་ཀླུ་སྨྱོན་མེད་ན་སྟོང་པ་རེད།།
    ཀུ་རེ་མཚར་གཏམ་འདྲིས་མ་དྲང་མོའི་གཏམ།།
    ང་མིན་སུ་ལའང་མཐོང་བའི་འདོད་པ་ཆེ།།

  20. སྤྲིན་དཀར་གྲོང་གཙོ says:
    2012-06-17 at 8:03 am

    གོང་གི་མཆན་གཉིས་པ་འབྲི་མཁན་དེས་ངའི་མིང་ཐོག་ནས་འབྲི་བཞིན་འདུག་པས་རྣམ་པ་ཚོ་སུ་ཡིན་ན་རེ་སྐུལ་ཞུས་པ་ཡིན་ཕྱིན་ཆད་མི་འབྲི་རོགས་ཞུ།

  21. དྲང་པོ། says:
    2012-06-17 at 10:00 am

    ངས་ཀླུ་སྨྱོན་གྱི་མི་ཚེའི་སྐོར་ལས་བླངས་པའི་རྟོག་སྒྲུང་ཞིག་འབྲི་རྩིས་ཡོད། གཤམ་གྱི་དུམ་བུ་དེ་ཁྱབ་བསྒྲགས་ཀྱི་དོན་དུ་ཡིན།

    “དེ་ནས། ཀླུ་སྨྱོན་གྱིས་སྒྲུང་བྲིས། སྙན་ངག་བྲིས། མངོན་འགྱུར་དང་ལྐོག་འགྱུར་གྱི་རྣམ་པ་སྣ་ཚོགས་སྤྱད་ནས། རང་གི་སྙིང་དཀྱིལ་ན་ཡོད་པའི་ཚེ་རིང་སྐྱིད་ལ། རང་ལས་ཟབ་པའི་བརྩེ་བ་སྤྲོད་མཁན་གྱི་གི་དོ་ཟླ་མེད་པ་བཟོས། དེ་འཇིག་རྟེན་ཀུན་གྱིས་ཤེས། བོད་ལ་ལུང་ཁུག་དགོན་པ་ཆུང་ཆུང་དེ་ཚོའི་ཁྱམ་རའི་ནང་གི་གྱང་སྟེང་ལ། “ཀླུ་སྨྱོན་ཚེ་རིང་སྐྱིད་ལ་དགའ།”ཟེར་བ་མཐོང་རྒྱུ་ཡོད་ལ། འཛམ་གླིང་ཀུན་གྱི་དུས་གཅིག་ཏུ་ལྟ་ཐུབ་པ་འི་མེ་ལོང་ཁ་བརྡ་ལྟ་བུའི་དྲ་རྒྱའི་སྟེང་ལ་ཡང་། ཚེ་རིང་སྐྱིད་ཟེར་ན་ཀླུ་སྨྱོན་ཡིད་ལ་འོང་བ་དང་། ཀླུ་སྨྱོན་གླེང་ན་ཚེ་རིང་སྐྱིད་གང་འདྲས་འདུག་ཟེར་བ་ཞར་ལ་ཁ་ནས་ཤོར་འགྲོ་བ་སོགས་བྱུང་། 

    སྟབས་མ་ལེགས་པ་ཞིག་ལ། ལོ་དེའི་སྟོན་ཁར། ཚེ་རིང་སྐྱིད་ལ་རླངས་འཁོར་གྱི་བརྡབ་སྐྱོན་བྱུང་ནས། ཁོ་མོར་སྲོག་ལ་ཉེན་ཁ་མེད་ཀྱང་སེམས་ལ་སྡུག་བསྔལ་ཆེ་བའི་བརྡབ་ཆག་ཤིག་ཕོག་ནས། ཕྱི་ལ་འགྲོ་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་པའི་ཚེ། གཏམ་ངན་པ་འདི་ཨ་རིའི་རླུང་འཕྲིན་ཁང་དང་། བོད་ཀྱི་དུས་བབ། དེ་བཞིན་གསར་རྡོར་དྲ་རྒྱ་སོགས་ཀྱི་ནང་ལ་འུར་འུར་གྱིས་བསྒྲགས། གསར་འགྱུར་གྱིས་བཤད་ན། ཚེ་རིང་སྐྱིད་དང་ཁོ་མོའི་ཟླ་གྲོགས་དབར་ལ་དཀའ་ངལ་འཕྲད་བཞིན་པའི་སྟེང་ལ། ཉིན་ཞིག་ཁོ་མོ་སྔོན་བརྡ་མེད་པར་ཟླ་གྲོགས་ཀྱི་སར་འགྲོ་སྐབས། ཁོ་པ་བུད་མེད་གཞན་ཞིག་དང་མཉམ་དུ་རོལ་བ་མིག་གིས་མཐོང་ནས། སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་བྱུང་ནས། རླངས་འཁོར་ཁ་བཅུས་ནས་ལོག་ཡོང་སྐབས། ལམ་བར་བརྡབ་སྐྱོན་ཞིག་བྱུང་བར་གྲགས།

    གསར་འགྱུར་གྱི་རྒྱུད་ལམ་སྟེང་ལ་མི་མང་པོས་ཚེ་རིང་སྐྱིད་ཀྱི་སྐོར་ལ་གཏམ་གླེང་སྣ་ཚོགས་བྱས། ལ་ལས་ཁོ་མོ་ཆང་ལ་མྱོས་ནས་བརྡབ་ཆག་བྱུང་ཟེར་བ་དང་། ལ་ལས་སྔོན་གྱི་ལས་རེད་ཟེར་བ། ལ་ལས་སྙིང་རྗེ། བོད་པའི་མེ་ཏོག་ལྟ་བུའི་བུ་མོ་འདི་ཟེར་། འོན་ཀྱང་མི་ཚང་མས་ཀླུ་སྨྱོན་གྱི་སྐྱོ་རྩོམ་རིང་མོ་ཞིག་སྒུག་ནས་ཡོད་པ་ནི་ཁ་བརྡ་ལས་ཤེས་ཐུབ། “ཀླུ་སྨྱོན་གང་ན་ཡོད།”ལྟ་བུ་དང་། “ཁོ་རེ་ཀླུ་སྨྱོན། ད་ཁྱོད་ལ་སྙིང་ཞིག་དང་ལས་རྒྱུ་འབྲས་ཤིག་ཡོད་ན། ཚེ་རིང་སྐྱིད་ལ་སེམས་གསོ་བའི་སྙན་ངག་ཞིག་བྲིས”ཟེར་བ་ལྟ་བུ་མང་པོ་མཐོང་རྒྱུ་ཡོད།

    གློ་ཡུལ་ལས་འདས་པ་ཞིག་ལ། མ་རེད། སྔར་ནས་ཤེས་ཐུབ་པ་ཞིག་ལ། ཀླུ་སྨྱོན་ནི་སྔར་ནས་ཨ་རིའི་སེར་ཡུལ་གྲོང་ལ་མཐོང་རྒྱུ་མེད་ལ། ཁོང་ནི། ཝ་ཤིང་ཀྲོན་ལ་ཚེ་རིང་སྐྱིད་ཀྱི་ཉེ་སར་ཁང་པ་ཞིག་གཡར་ནས། ཉིན་ལྟར་ཞོགས་པ་ཁྲོམ་ནས་འོ་མ་དམ་བི་གང་དང་། བག་ལེབ་གཉིས། ཞོ་ཕོར་པ་གང་ཚེ་རིང་སྐྱིད་ཀྱི་སྒོ་འགྲམ་ལ་བཞག ཁོ་ལས་ཀར་སོང་། ཉིན་དགུང་བར་གསེང་ལ། བག་ལེབ་དཀྱིལ་ལ་ཚལ་དང་ཤ་ཡོད་པའི་ཟ་མ་ཞིག་ཚེ་རིང་སྐྱིད་ཀྱི་སྒོ་ཁར་བསྐྱལ། དགོངས་མོ་རྒྱ་མིའི་ཚོད་མ་དང་འབྲས་མཉམ་བསྲེས་སྐྱི་ཟ་མ་ཞིག་དང་རྒུན་ཆང་དམར་མོ་དམ་བི་ཆུང་ཆུང་ཞིག་སྒོ་འགྲམ་ལ་བཞག 

    ཚེ་རིང་སྐྱིད་ཀྱི་ཀླུ་སྨྱོན་གྱིས་བཞག་པའི་སྒྲ་དེ་ཐོས་འཕྲལ། ཡུན་ཙམ་སྒུག ཁོ་པ་ཕྱིན་པའི་རྗེས་ལ། ཟ་མ་དེ་དག་ལེན། ཁོང་གཉིས་ངོ་ཐུག་མེད་པར་འདི་ལྟར་ཟླ་བ་དྲུག་ཙམ་སོང་མོད།

    ཉིན་ཞིག་ཀླུ་སྨྱོན་གྱིས་སྔར་བཞིན་ཟ་མ་དང་བོད་ཡིག་ཚགས་པར་ཞིག་སྒོ་ཁ་དེར་འཇོག་རྩིས་བྱེད་སྐབས། ནང་ནས་སྒྲ་ཤིག་འོངས། “ཨ་ཀླུ། ཟ་མ་འཇོག་དགོས་ནེ་མ་རེད། ང་ཡག་པོ་དྲག་འདུག ད་ཁྱེད་སེར་ཡུལ་གྲོང་ལ་ལོག་ཕེབས།”ཟེར། 

    ཀླུ་སྨྱོན་གྱིས་ཅི་ཡང་མི་སྨྲ་བར། ཟ་མ་དེ་དག་བཞག སྒོ་ཁར་ཐ་མག་ཞིག་ལ་མེ་སྒྲོན་ནས། ཅུང་ཙམ་ངལ་གསོ་བྱས། ཚེ་རིང་སྐྱིད་ཀྱི་སྒོ་ཁ་དེའི་ནང་ནས། ཐ་མག་གི་དྲི་མ་ཐུལ་བ་དང་ཁོ་ཕྱིན་མེད་པའི་སྒྲ་ཞིག་གོ། “ཁྱེད་ད་ཐ་མག་བཞེས་ཀྱིད་ཡོད་དམ།” གྲ་ཆས་གྱོན་ཡོད་དམ་ཟེར། ཀླུ་སྨྱོན་གྱིས་བསུན་སྣང་ལྟ་བུས། “གྲ་ཆས་སྔོན་མ་ནས་དོར་ཟིན།” ཟེར། 

    “ཅིའི་ཕྱིར”
    “ལས་ཀར་སྟབས་བདེ་པོ་མིན་འདུག”
    “ལས་ཀ་ཅི་བྱེད།”
    “རླངས་འཁོར་གཏོང་གི་ཡོད།”
    “ཁྱེད་ངའི་ཆེད་དུ་ཡིན་གྱི་མ་རེད།”
    “མིན།”
    “འོ་ན།”
    “མི་ཤེས།”
    “ཁྱེད་ད་དུང་སྙན་ངག་འབྲི་བཞིན་ཡོད་ན།”
    “མེད། སྔ་ས་ནས་དོར་ཟིན།”
    “ཁྱེད་ང་ཡང་སྔ་ས་ནས་དོར་ཟིན་མེད་དམ།”
    “ཡིན།”
    “ཁྱོད་ལས་འབྲས་མེད་མཁན།”
    “ད་ཅི་ཟེར་མ་སྡོད། ཁྱོད་ངལ་གསོ་རྒྱོབ། ང་འགྲོ་གི་ཡིན།”
    “ཁྱོད་སྒུག་དང་། ང་ལ་སྐད་ཆ་ཤོད་རྒྱུ་ཡོད།”
    “ད་ཤོད་དགོས་མ་རེད། ཉན་འདོད་ཀྱང་མིན་འདུག  བདེ་མོ།”
    “འོ་ན་དེ་རིང་ནས་ང་ལ་ཟ་མ་ཁྱེར་མི་དགོས། ངའི་སྒོ་ཁར་ཡོང་མི་ཆོག ཁྱོད་མི་མ་རབས་ཅན།”
    “ཡ་བདེ་མོ།”

    སང་ཞོགས་ཀླུ་སྨྱོན་གྱིས་སྔར་བཞིན་ཚེ་རིང་སྐྱིད་ཀྱི་སྒོ་འགྲམ་ལ་ཞོགས་ཟས་དེ་དག་བཞག ཁོ་པ་ཁ་ཕྱིར་སྐོར་ནས་འགྲོ་རྩིས་བྱེད་སྐབས། ནང་ནས་སྒྲ་ཞིག་ཐོན་ཡོང་།

    “ཨ་ཁུ།”
    “ཟ་མ་དེར་ཡོད། གོན་རྒྱུ་ཁ་ཤས་ཉོས་ཡོད། ཡོད་བློ་ལ་ཐད་མིན་མི་ཤེས། མི་ཐད་ན་གཡུགག།”

    “ཁྱེད་ང་ལ་སྐད་ཆ་ཤོད་ཁོམས་ཨེ་ཡོད།”
    “མེད། ལས་ཀར་འགྲོ་དགོས།”
    “ཁྱེད་སྒུག་དང་།”
    “བདེ་མོ།”

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme