Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་བུས་འགྲམ་ལྕག་མཚན་ལ་གཞུས།

Posted on 2012-06-29 By ཁ་བརྡ་ 2 Comments on རླུང་བུས་འགྲམ་ལྕག་མཚན་ལ་གཞུས།

——–དོ་ནུབ་ཕྱི་རོལ་དུ་རླུང་བུ་ཤུར་ཤུར་དུ་གཡུག་གིན་འདུག

ཀླུ་འབར་ཞུན།

རླུང་བུའི་འགྲམ་ལྕག་གིས་ལོ་མའི་ཚོགས་ཀུན་དཀྲོགས།།
ཤུར་ཤུར་སྒྲ་དབྱངས་ཀྱིས་ལྷིང་འཇགས་ཚལ་བར་གཤགས།།
ཁྱི་ལྡོམ་འབ་འུབ་དུ་ཟུག་པའི་ཉམས་སྣང་དེ།།
ལྟོགས་གྲང་གཉིས་འཐབ་ཀྱི་འབོད་པའི་བརྡ་རུ་ཟད།།

སྡོང་མགོའི་ཚང་མལ་ན་བྱ་བྱེའུ་གཉིད་ཚོད་འདུག །
རླུང་བུའི་བར་ཆད་ཀྱིས་རྨི་ལམ་དཀྲོགས་ཚོད་རེད།།
རང་བྱུང་འགྱུར་ལྡོག་ལ་འཚིག་པ་ཟོས་སོང་ངམ།།
མཚན་མོའི་དུས་ཚོད་ལ་རིང་སྣང་སྐྱེས་བྱུང་ངམ།།

སྒེའུ་ཡོལ་སྲབ་སྲབ་ཀྱིས་རླུང་བུ་མི་ཁོག་པས།།
ཤག་མལ་ཆུང་ཆུང་འདི་གྲང་བས་འདར་ཚོད་རེད།།
དུག་སྦྲང་མཆུ་རིང་དེའི་ཙིར་སྒྲ་ངུ་སྒྲར་ཟད།།
ཉལ་ཆས་ལྟེབ་མ་རེར་འཛུལ་ས་རྙེད་རེ་འདུག །

ཤིང་སྒོའི་ཙག་སྒྲ་དེས་རླུང་བུའི་ཆོ་འཕྲུལ་བསྙད།།
ཤག་མཚེས་སྔུར་སྒྲ་དེ་རླུང་བུའི་འགྲན་ཡར་བརྟས།།
ཙག་སྒྲ་སྔུར་སྒྲ་གཉིས་འཐབ་པའི་རོལ་དབྱངས་དེ།།
ས་མཐའི་མཚན་ལྗོངས་ཀྱི་སྙན་ངག་ཐུན་གཅིག་རེད།།

ཉིན་གྱི་འུར་ཟིང་གིས་སྣང་བ་གཙེས་གཙེས་པས།།
མཚན་མོའི་འཇིག་རྟེན་འདིས་སེམས་པ་འཁྲིད་འགྲོ་ལ།།
ལས་ཀྱི་སྦྱོར་བ་ཡིས་སེམས་པ་བྲེལ་བྲེལ་བས།།
ལྷིང་འཇགས་འཇམ་ཤ་དེ་ཚོར་བར་འཁྱུད་འགྲོ་འོ།།

དོ་ནུབ་མཚན་གཞུང་གི་རླུང་བུ་ཆ་མེད་པས།།
ང་ཡི་ལྷིང་འཇགས་ཀྱི་ཚོར་བ་དཀྲུགས་སོང་ལ།།
དོ་ནུབ་རླུང་ཡུག་གི་རྒྱུ་བ་གྲང་མོ་འདིས།།
ང་ཡི་སྣང་བ་ལའང་འདར་ཟུག་བསླངས་སོང་ངོ་།།

༢༠༡༢ ལོའི་ཟླ་ ༦ ཚེས་ ༢༩ མཚན་མོར་རང་ཤག་ཏུ།

སྙན་ངག

Post navigation

Previous Post: ཀུ་ཤུས་ཞུ་བ་འཐེན་པ།
Next Post: ཞང་ཞུང་སྨར་ཆུང་གི་ཡིག་གཟུགས་རྒྱལ་སྤྱིའི་ཨང་རྟགས་གཅིག་གྱུར་ཐོག་གློག་ཀླད་དུ་བཅུག་ནས་འགྲེམ་སྤེལ་སྒོ་འབྱེད་མཛད་སྒོ་སྤེལ་བ།

Comments (2) on “རླུང་བུས་འགྲམ་ལྕག་མཚན་ལ་གཞུས།”

  1. མིག་གསུམ་པ། says:
    2012-07-02 at 3:41 am

    ལུས་སེམས་ལྷོད་ལ་བབས་པའི་སྐད་ཅིག་དེར།།
    སྙན་མོ་གླུ་གཞས་ཅིག་གིས་རམ་འདེགས་བགྱིས།།
    རྨི་ལམ་གྲོང་དུ་ཆས་པའི་སྔ་རྗེས་སུ།།
    ཐོབ་ཤོར་བང་དུ་བསུས་པ་རྒྱུ་ཞིག་གོ།

  2. འཁྱམ་པོ says:
    2012-07-03 at 10:00 am

    ༧གོང་ས་མཆོག་གིས། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད།”
    ག་སྲིད་༼དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད།༽བཅས་པ་དེ་དངོས་གནས་ཁུངས་ལྡན་་ཡིན་ན་བོན་པོ་ཚོ་ལ་ཆགས་འཇོག་དགོས། འོང་ཀྱང་ཞང་ཞུང་རང་སྐྱོང་དགོས་ཟེར་བ་དེ་དེང་བོན་དར་སའི་མི་དེ་ཚོས་བཤད་དབང་ཨེ་ཡོད་དམ། ཞངཞུང་གི་ས་ཆ་ནི་དེང་མངའ་རིས་དང་རྒྱ་གར་བལ་ཡུལ་ཁོངས་ཀྱི་ས་ཆ་ཁག་ཡིན་པས་རང་སྐྱོང་བརྩོད་ན་ཁོ་ཚོ་རེད། ག་སྲིད་ཞང་ཞུང་མི་རིགས་ཟེར་བ་ཞིག་ལོ་རྒྱུས་ཐོག་དངོས་གནས་བྱུང་མྱོང་པའི་དབང་དུ་བཏང་རུང་། དེའི་མི་རྒྱུད་ནི་མངའ་རིས་པ་རེད་མ་གཏོགས་གཞན་ཚོ་མ་རེད། གཞན་པ་དེ་ཚོ་ནི་བོན་ལ་དད་པའི་བོད་མི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme