Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བའི་སྐུ་པར་བཤམ་ཆོག་པའི་རང་དབང་ནི་གཡོ་སྒྱུའི་སྲིད་བྱུས་ཤིག་རེད་འདུག

Posted on 2013-06-282013-06-28 By ཁ་བརྡ་ 8 Comments on རྒྱལ་བའི་སྐུ་པར་བཤམ་ཆོག་པའི་རང་དབང་ནི་གཡོ་སྒྱུའི་སྲིད་བྱུས་ཤིག་རེད་འདུག

ལོག་སྨྲ་ཚར་གཅོད།

དེ་ཡང་རྒྱ་ནག་དབུས་གཞུང་གིས་བོད་ལ་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་གུ་ཡངས་སམ་ལྷུག་ཏུ་སོང་བ་ཞིག་མིན་པ་དེ་སྔོན་རྒྱ་གཞུང་གིས་ཁ་བྲལ་བ་སིམ་འཛུལ་ངན་སྐུལ་གྱིས་བོད་ནང་གློ་བུར་གློ་བུར་དུ་དོན་རྐྱེན་འདྲ་ལྷག་པ་ཙམ་ལས། ནམ་རྒྱུན་དུ་བོད་ནང་ཞི་བདེ་ལྷིང་འཇགས་ཡིན་པའི་ཁྱབ་བསྒྲགས་མང་དག་ཅིག་བྱས་པ་དེར་དོགས་པ་ཡོད་མཁན་གྱི་རྒྱལ་སྤྱི་དང་། ཕྱི་རྒྱལ་བའི་རང་དབང་ཅན་གྱི་གསར་འགོད་པ་དང་གཞུང་ཚབ་ཆེན་མོ་བ་མང་པོ་ཞིག་བོད་ནང་གཏོང་རྒྱུའི་འཆར་གཞི་ཞིག་བཟོས་ཡོད་པ་དེ་ལག་བསྟར་མ་བྱས་གོང་འདིར། གནས་སྐབས་ཕྱི་རྒྱལ་བ་ཚོར་དོགས་པ་སེལ་ཆེད་ཁོ་ནར་དམིགས་ཏེ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད་བོད་ནང་ཆོས་དད་རང་དབང་ཡོད་མདོག་དང་འགྲོ་བ་མིའི་ཐོབ་ཐང་ཡོད་མདོག་བསྟན་པ་ཙམ་ཡིན་པའི་ཁུངས་སྐྱེལ་གྱི་གསང་བརྡ་ཞིག་རེག་འདུག

ཉིན་གཅིག་གི་གོང་དུ་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་ང་ཚོས་ཏཱ་ལར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད། ཏཱ་ལ་ནི་ཁ་བྲལ་བ་དང་བོད་ནང་ངན་སྐུལ་བྱེད་མཁན་གཏེ་པོ་དེ་རེད་ཅེས་བསྒྲགས་པ་དེས། བོད་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་གུ་ཡངས་ཀྱི་རྣམ་པ་འདི་རྒྱ་གཞུང་གིས་མི་མངོན་པའི་ཐོག་ནས་གཤམ་འོག་ལ་བཀའ་ཕབ་སྟེ་བོད་མི་རྣམས་ལ་བྱིས་པར་བྱི་རིལ་གྱིས་མགོ་སྐོར་ཡིན་པ་ངོས་འཛིན་ཐུབ་པའི་སྒོ་ནས་ཚང་མས་སྔར་རྒྱུན་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་དང་གཞུང་ཚབ་པ་རྣམ་པ་ཕེབས་སྐབས་སུ་ངོ་རྒོལ་དང་སྐད་འབོད་དངོས་ཡོད་གནས་ཚུལ་རྣམས་གསལ་བཤད་གང་ཐུབ་གནང་དགོས་པ་གལ་ཆེན་རེད་འདུག

ཟླ་༦ ཚེས༢༨ ལ་ཕུལ།།

སྣ་ཚོགས།

Post navigation

Previous Post: རྒྱ་ནག་གི་ཆབ་སྲིད་འཚུབ་སྤྱོད་ལ་དོ་སྣང་མི་བྱ་ཀ་མེད་རེད།
Next Post: སྐབས་དང་པོའི་ Hot Focus Focusབརྙན་ཐུང་(Micro Movie) ༼ཡིད་འགྱུར༽འགྲན་སྡུར།

Comments (8) on “རྒྱལ་བའི་སྐུ་པར་བཤམ་ཆོག་པའི་རང་དབང་ནི་གཡོ་སྒྱུའི་སྲིད་བྱུས་ཤིག་རེད་འདུག”

  1. ཅོག་མྱི། says:
    2013-06-28 at 10:48 am

    དཔྱད་པ་འདིར་ནང་དོན་ཅི་གང་མི་འདུག
    རྒྱ་ནག་གི་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཀྱི་གནས་ཚུལ་ལ་ཤིན་ཏུ་རྨོངས་ན་སྐད་ཆ་འདི་རིགས་བཤད་ནི་རེད། ཁག་མེད།

  2. བློ་ཚེ། says:
    2013-06-28 at 11:29 am

    ད་ལྟ་བོད་ནང་དུ་ཏོག་ཙམ་ཞིབ་འཇམ་དང་ལྷོད་རུ་འགྲོ་བའི་ལམ་འདྲ་པོ་ཞིག་ཚོར་དུས་་་འདི་ཚོད་དཀྲུག་དཀྲུག་གཏོང་བའི་དམིག་ཡུལ་དང་ཆ་བཞི་འདུག། རྒྱ་གུང་ཁྲན་གིས་ཕྱི་ལོག་ནས་ངན་བསྐུལ་བྱས་གིས་ཡོད་རེད་ཟེར་ཡ་ལ་རྒྱུ་མཚན་ཡོད་ཁྱོད་ཚོ་འདྲ་པོ་མི་ངན་ཁ་ཤེས་གི་བོད་རྒྱ་བར་ལ་དུས་རྒྱུན་དཀྲུག་གིས་ཡོད་རེ། ད་ལྟ་༧རྒྱ་བའི་སྐུ་པར་བཤམ་འཇུག་པ་ལ་སོགས་གང་གསར་བསྒྲགས་བྱས་པ་་དེ་ཚོ་རྗེས་ལ་གང་བྱུང་གིས་ཕྱིར་བསྡུ་གཏང་མི་སྲིད་ལགས་གལ་སྲིད་གནས་ཚུར་ཆེན་པོ་སླགས་པ་སོང་བྱུང་ནམ་མ་གཏོག། ཕྱི་སྲིད་འགྲིན་ཚབ་པས་ད་ལྟ་ལམ་སང་ཏྭ་ལི་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བའི་རྣམས་པར་སྟོན་མི་སྲིད། ས་གནས་ལ་འགྱུར་བ་གང་་འདྲ་གཏང་ཡང་རྒྱལ་སྤྱི་མདུན་ཁོ་ཚོས་ག་དུས་ཡང་འགྱུར་བ་གཏང་ཡོས་ཟེར་མི་སྲིད་གང་ཡིན་ཟེར་ན་ག་དུས་ཡིན་ཡང་བོད་དེ་སྐྱིད་པོ་བདེ་པོ་ལྷོད་པའི་ངང་གནས་ཡོད་ཟེར་སྒྲོག་བཞིན་པ་རེད།

  3. ཕྱུགས་རྫི་ says:
    2013-06-28 at 12:00 pm

    དོག་པ་ནི་དོག་པ་ཡིན་པས་སུས་ཀྱང་ཡིད་མི་ཆེས་གང་ལྟར་བསམ་ཚུལ་བཀོད་པ་དེ་རྣམས་ཡག་སོང་།

  4. བོད་ལ་ཞེན། says:
    2013-06-28 at 1:53 pm

    བོད་དོན་ནི་རྒྱ་ནག་གི་ཆབ་སྲིད་གནད་དོན་ཡིན་པས་ཁོ་རང་ཚོ་ལ་ཁེ་མེད་པའི་སྲིད་ཇུས་ནམ་ཡང་བཟུང་མི་སྲིད།

  5. ལྷ་སྒང་བློ་ཆོས་གྲགས། says:
    2013-06-28 at 2:24 pm

    རྒྷ་ནག་སྤྱང་མདོག རྒྷལ་སྤྷི་ལྐུག་མདོག བོད་པ་ཐོམས་མདོག

  6. བཀྲ་ཤིས་རྡོ་རྗེ། says:
    2013-06-28 at 10:57 pm

    གཅིག་བྱས་ན་དེ་འདྲའང་ཡིན་སྲིད། དེ་ལྟར་ང་ཚོས་ཕྱོགས་ཚང་མ་ནས་ལྟ་ཤེས་དགོས་པ་རེད། གང་ལྟར་བསམ་ཚུལ་འདི་འདྲ་གསུང་པ་དེ་སྤྱི་བར་ཐུགས་ཁུར་ཡོད་པའི་རྟགས་རེད། ཡག་བྱུང་། 

  7. ལྕང་ཤེས་རྨིག་སྒྲ་། says:
    2013-06-30 at 8:01 am

    ལོག་སྨྲས་གསུངས་པ་ལ་རྒྱུ་མཚན་ཆེན་པོ་འདུག་དྲན་། བློ་ཚེ་ནི་རྒྱ་དགའ་ཡིན་པ་འདྲ་། རྒྱ་གཞུང་གིས་། བོད་པ་ཚོར་དགའ་སྐྱིད་ལྷིང་འཇག་ཡིན་ཞེས་བཤད་པ་གཅིག་དཔུས་རྒྱལ་སྤྱིས་ནས་ཡིད་ཆད་མ་ཐབས་མེད་། རྒྱུ་མཚན་དེ་ཕྱིར་དངོས་མཐོང་གི་སྲིད་ཇུས་ཤིག་མ་སྤེལ་རང་སྤེལ་ཡིན་རྒྱུ་རེད་།། །།

  8. ལོག་སྨྲ་ཚར་གཅོད། says:
    2013-06-30 at 8:26 am

    ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུངས་པར་ཡག་བྱུང་། གཟིགས་དང་། ངས་བཤད་པ་ནང་བཞིན་བོད་ནང་རྣམ་པ་ཇེ་གསལ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme