Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་ཟེར་ནའང་བསྡུར་ཆོག

Posted on 2011-05-05 By དབང་ཕྱུག་ 7 Comments on རང་བཙན་ཟེར་ནའང་བསྡུར་ཆོག

རྩོམ། ཝང་ལིས་ཞུང་།
སྒྱུར། ནགས་ཤོད་སད་མི།

གསར་འགོད་པས་ང་ལ་ཅིའི་ཕྱིར་ཁྱོད་ཀྱིས་རྒྱ་ནག་ལ་དམངས་གཙོ་སྐུལ་འདེད་བྱེད་པ་དང་། ཏཱ་ལའི་བླ་མ་དང་དྲ་བརྙན་བརྒྱུད་གླེང་མོལ་བྱས་པ་དྲིས་ཚེ། ངས་ལན་འདེབས་བྱས་དོན། དབང་སྡུད་པས་སྒེར་སྡེམ་བྱས་པའི་རྒྱ་བོད་འབྲེལ་ཐུག་གི་དངོས་རིས་ལ་འཁྱོག་བརྗོད་བྱས་ཡོད། ལོ་ངོ་དེ་འདྲ་མང་པོའི་རིང་དུ་ཏཱ་ལའི་བླ་མས་རང་བཙན་རྩོད་ཀྱི་མེད་པ་འགྲེལ་བརྗོད་བྱས་པ་དེ་འཛམ་གླིང་གི་མི་ཕལ་མོ་ཆེས་ཧ་གོ་ཡོད། ཡིན་ནའང་། རྒྱ་ནག་གི་སྲིད་གཞུང་འདིས་ག་དུས་ཡིན་ནའང་རྒྱ་ནག་མི་དམངས་ལ་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་གི་འདུག བོད་རང་བཙན་རྩོད་ཀྱི་འདུག་ཟེར་བ་སོགས་བརྗོད།

དེ་ནི་ཏན་ཏན་ངས་གླེང་མོལ་བྱ་རྒྱུར་འབད་བརྩོན་བྱེད་པའི་གཙོ་བོའི་དམིགས་འབེན་ཞིག་ཡིན། ཏཱ་ལའི་བླ་མས་ཀྱང་དེར་གལ་གནད་དུ་རྩི་བཞིན་ཡོད་ལ། ཁོང་གིས་སྔ་ལོའི་ལོ་སྟོད་དུ་དྲ་བརྙན་ནས་དྲི་བར་ལན་འདེབས་བྱས་དོན། དྲུག་བཞིའི་དོན་རྐྱེན་རྗེས་ཀྱི་ལོ་ཞིག་གི་ནང་དུ། ཨ་རིའི་ཧ་ཝར་སློབ་གྲྭར་རྒྱ་ནག་གི་ཤེས་ཡོན་པ་འགའ་དང་ཐུག་འཕྲད་བྱས་པ་མ་ཟད། དབུ་མའི་ལམ་གྱི་གོ་དོན་འགྲེལ་བཤད་ཞིབ་ཚགས་བྱས།

དེའི་ཚེ། ཚོགས་ཞུགས་ཀྱི་རྒྱ་ནག་གྲོགས་པོ་ཚོས་ཁ་གཅིག་གྲག་གིས་བཤད་དོན། གལ་ཏེ་རྒྱ་ནག་མི་དམངས་ཀྱིས་ཁྱེད་ཀྱི་དགོངས་ཚུལ་ངོ་མ་འདི་རྟོགས་པའི་གོ་སྐབས་ཤར་ན། རྒྱ་ནག་མི་དམངས་ཀྱིས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱ་ངེས་ཡིན་པ་ཁས་ལེན་བྱ་ཆོག་ཟེར།

རེད་དེ། ངས་བསམས་ན་དེ་ནི་གླེང་མོལ་བྱེད་པའི་དམིགས་འབེན་ཡོད་ཚད་ཡིན་མི་དགོས། གླེང་མོལ་ནི་སྐད་ཆ་བཤད་རེས་བྱེད་པ་དང་། དེའི་དམིགས་ཡུལ་ཡང་ཕ་རོལ་པོའི་བསམ་ཚུལ་སྣ་ཚོགས་རྒྱུས་ལོན་བྱ་ཆེད་ཡིན་པ་ལས་དེའི་ཁྲོད་བསམ་ཚུལ་སྣ་གཅིག་ཁོ་ན་རྟོགས་ཆེད་མ་རེད། ལྷག་པར་དུ། རང་ཉིད་འབའ་ཞིག་གིས་ཁས་ལེན་བྱ་འདོད་པའི་བསམ་ཚུལ་རྟོགས་ཆེད་མིན། དཔེར་ན། ཕྱི་ཕྱོགས་ན་ཡོད་པའི་རྒྱ་ནག་གི་བཙན་བྱོལ་བའི་མི་སྣ་འགའ་ཤས་ལྟ་བུ། མ་གཞི་ཁོང་ཚོས་དམངས་གཙོ་འུད་སྒྲོག་བྱེད་ཀྱིན་ཡོད་ནའང་། བཙན་བྱོལ་བའི་བོད་མི་དང་ཕན་ཚུན་གླེང་མོལ་བྱེད་སྐབས། ཡང་ཁོང་ཚོས་སྔོན་འགྲོའི་ཆ་རྐྱེན་འདོན་གྱི་རེད།

བོད་མིས་རང་བཙན་ཤོད་མི་རུང་བ་དང་། རྒྱ་ནག་ལ་གོ་རྒོལ་བྱ་མི་རུང་ཟེར་བ་སོགས་བརྗོད། དེ་ནི་དང་ཐོག་ཁོ་རང་ཚོ་དམངས་གཙོར་ཕྱིན་ཡོད་པ་མ་རེད། དམངས་གཙོ་ཟེར་དུས་ངེས་པར་དུ་མི་ཚོས་གང་བསམ་དེ་དྲན་ཤོད་དུ་འཇུག་དགོས། ཏེང་ཞོ་ཕིང་གིས་བོད་ལ་བཤད་པ་ལྟར། རང་བཙན་ཕུད་དེ་མིན་ག་རེ་ཡིན་ནའང་བཤད་ཆོག་ཟེར་བ་དེ་ནི་དབང་ཆ་གཅིག་སྡུད་པའི་རྣམ་འགྱུར་རེད། ཡིན་ནའང་བཙན་བྱོལ་བོད་མི་དང་གནས་སྟངས་གཅིག་མཚུངས་ཡིན་པའི་རྒྱ་ནག་ཕྱི་སྡོད་བཙན་བྱོལ་བ་ཚོ་ཡང་ཁྱིམ་ཡོད་ཀྱང་ཁྱིམ་དུ་ལོག་ས་མེད། ད་དུང་རང་ཉིད་བོད་མི་ཚོ་ལས་དབང་ཆ་ཆེ་བར་འཛིན་པ་འདི་ནི་གད་མོ་འཆོར་བྱེད་ཀྱི་ལྟ་ཚུལ་ཞིག་རེད། དེ་མིན། དང་ཐོག་ང་ཚོས་ཕ་རོལ་པོའི་མི་མཐུན་པའི་བསམ་ཚུལ་ཉན་པའི་ཚེ། ངང་རིང་གི་རྣམ་འགྱུར་བཟུང་བ་ཁོ་ན་ཙམ་མིན་པར་སེམས་ཐག་པ་ནས་ཕ་རོལ་པོའི་སྐད་ཆ་ཉན་འཇོག་བྱས་ནས་རང་དང་ལྟ་བ་མི་མཐུན་ས་གང་ཡིན་པ་དེ་ངོས་བཟུང་དགོས། ཁོང་ཚོས་དེ་ལྟར་བསམ་དགོས་དོན་གང་ཡིན་པ་རྟོག་ཞིབ་བྱ་དགོས། དེ་ལྟར་བྱས་ནས་དགེ་མཚན་ག་ན་ཡོད་མེད་འཚོལ་བ་དང་། མི་ཕ་རོལ་པོར་སྐད་ཆ་གང་ཡོད་ལྷུག་གླེང་བྱར་བཅུག་པ། སོ་སོ་རང་ཉིད་ཀྱིས་དེར་ནན་ཏན་གྱིས་མཉམ་འཇོག་བྱས་པ་དེའི་ཚེ། ད་གཟོད་གཞི་ནས་ཕན་ཚུན་གོ་ཤེས་རྙེད་ནས་མཐར་ཐུན་མོང་གི་གཞི་རྟེན་རག་ཐུབ། དེས་ན་དམངས་ཁྲོད་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་རྒྱ་མི་དང་བོད་མིའི་དབར་གླེང་མོལ་བྱེད་སྐབས་ཏན་ཏན་ག་རེ་ཡིན་ནའང་གླེང་ཆོག རང་བཙན་ཟེར་ནའང་གླེང་
ཆོག་དང་ཆོག
ཕྲན་ནས་ཏཱ་ལའི་བླ་མའི་ཚོད་དཔག་ལ་ཡིད་ཆེས་ཡོད། རྒྱ་ནག་མི་དམངས་ཀྱིས་དབུ་མའི་ལམ་ངོ་ཤེས་རྗེས། མི་གང་མང་མང་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་རེད། ཡིན་ནའང་། རྒྱབ་སྐྱོར་བྱས་པ་དེ་ཁོ་ནས་གནད་དོན་ཐག་ཆོད་པར་རྩི་མི་རུང་། གང་ཞེ་ན། ཏཱ་ལའི་བླ་མ་ཕུད་དེ་མིན་གྱི་བོད་མི་གང་མང་ཞིག་གིས་རང་བཙན་རྩོད་ཀྱི་ཡོད་པས་རེད། ཞི་དུལ་བབ་ཆགས་དང་ཤེས་རབ་ཀྱི་བློ་མིག་དག་པའི་ཏཱ་ལའི་བླ་མ་མཆོག་དང་གླེང་མོལ་བྱ་རྒྱུ་དེ་ནི་རྣམ་པ་བཟང་པོ་ཞིག་ཡིན་པ་ཐེ་ཚོམ་མེད། འོན་ཏེ་དམངས་ཁྲོད་ནས་ཕྱོགས་
གཉིས་ཀྱི་མི་དམངས་དབར་གླེང་མོལ་བྱེད་པ་དེའི་ཚེ། འགལ་ཟླ་ཅན་གྱི་བསམ་ཚུལ་སྣ་མང་ཞིག་ཏན་ཏན་ཡོང་སྲིད་པ་རེད། སྐད་ཆ་དང་རྣམ་འགྱུར་ལ་ཡང་དུས་གཏན་དུ་བློ་རིག་དང་ལྡན་པ་ཡོང་དཀའ། གལ་ཏེ། གུ་ཡངས་ཀྱི་བསམ་བློ་མེད་པ་དང་ཁེངས་སྐྱུངས་ངང་ཕ་རོལ་པོའི་བསམ་ཚུལ་རྟོགས་རྒྱུའི་འབད་བརྩོན་མེད་ན། གླེང་གིན་གླེང་གིན་ལམ་ཐག་ཇེ་རིང་ཇེ་སྡུག་ཏུ་འགྲོ་སྲིད།
དེ་ལྟར་བྱུང་ཚེ། ཐ་ན་སྐད་ཆ་བྱས་པ་དེ་ཡང་མ་བྱས་པ་ལས་ཐབས་སྡུག་པའི་གནས་སྟངས་ཀྱང་ཆགས་སྲིད། །

2011 2 2

འགྱུར་རྩོམ།

Post navigation

Previous Post: མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་སྤྲིངས་པའི་ཞུ་ཚིག
Next Post: ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསལ་བསྒྲགས།

Comments (7) on “རང་བཙན་ཟེར་ནའང་བསྡུར་ཆོག”

  1. རྒྱ་བཀྲ་དོན། says:
    2011-05-05 at 4:42 pm

    ནགས་ཤོད་སད་མི་ཟེར་བ་འདིས་རྒྱ་ཡིག་གི་རྩོམ་ཡིག་དག་བསྒྱུར་གྱི་ཡོད་པས་དགེ་མཚན་ཆེ་བར་སེམས་ཀྱི་ཡོད། མུ་མཐུད་དུ་བསྒྱུར་རོགས་གནང་།

  2. དགེ་འདུ་ཚང་ says:
    2011-05-05 at 7:50 pm

    རྒད་པོའི་ད་ཐེངས་ཡིན་ན་འདྲ་བོ་ཞིག་བྲིས་འདུག་ཡ་་་་་བཤད་པ་བདེན་པ་རེད་ཏཱ་ལའི་བླ་མ་མེད་ན་ང་ཚོ་ལ་ག་དུས་ཡིན་ན་སྐད་ཆ་གཅིག་པོ་བཤད་ནས་ཡོང་རྒྱུ་གང་ཡང་མེད་་་་དོན་གྱི་སྙིང་པོ་ང་ཚོ་ཕམ་པ་དང་ཁོང་ཚོ་རྒྱལ་དགོས་པ་རེད་མོད་ང་ཚོའི་བཤད་པ་སྐྱག་རྫུན་དང་ཁོང་ཚོའི་བཤད་པ་བདེན་པ་ཡིན་དགོས་རེད་་་་་ཨ་ཁ་་འདི་འདྲ་བྱས་ན་ག་བ་ཡོང་གི་རེད་་་་་ཕྱི་བསྡོད་རྒྱ་མི་དེ་ཚོ་ལ་ཡང་ཆ་རྐྱེན་དེ་འདྲ་ཡོད་རེད་པེ་་བོད་མི་དེ་ཚོ་ཐུག་སྐབས་ཆ་རྐྱེན་དེ་ཚོ་ཁས་བླངས་ནས་གླེང་མོལ་བྱེད་གི་ཡོད་རེད་པེ་་་་་་་ད་ན་ཡིན་ང་ཚོའི་གང་ཡང་ནུས་ཀི་ཡོད་ས་མ་རེད་ཡ་་་སྐྱིད་པོ་བཤད་ནས་བསྡད་ཡོད་ས་རེད་་་་་རྒྱ་མི་ཤེས་ཡོན་པ་དེ་ཚོ་ལ་ཐུག་ཡིན་བོད་དོན་བཤད་ཡིན་ཁ་ལག་ཟོས་ཡིན་ཆང་འཐུང་ཡིན་རང་བཙན་མི་གླེང་རྒྱུ་དང་ངོ་རྒོལ་མི་བྱེད་རྒྱུ་བྱས་ཡོད་་་་་ཨོ་རེད་བདེན་པ་རེད་གོ་ཚོད་ལ་ཉིས་སྟོང་བརྒྱད་ལ་རྒྱ་མི་ལ་ངོ་རྒོལ་བྱེད་མཁན་ཡོད་ན་གསང་ཉུལ་པ་ཡིན་ད་ལབ་མ་རེད་པེ་་ཧཧཧཧཧཧ་་་ད་ཡིན་ན་ང་བཟི་འདུག་ཡ་་

  3. ༜࿋དབྱངས་བུ། says:
    2011-05-06 at 1:42 am

    ཡག་པོ་བསྒྱུར་འདུག ཕྱི་སྡོད་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་ཚོ་དང་སྐད་ཆ་བཤད་སྐབས་ཆ་རྐྱེན་དེ་འདྲ་བཏོན་པར་ཁོང་གིས་མང་གཙོའི་རིན་ཐང་རྟོགས་པའི་སྒོ་ནས་ལན་འདེབས་གསལ་པོ་སྣང་བར་འགྲོ་པོ་ཞིག་སྐྷོན་འདུག་པར་ཝང་ལི་ཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  4. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2011-05-06 at 10:47 am

    ནགས་ཤོད་སད་མི་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་བརྗོད་འདོད་བྱུང་། དེ་ནི་ངས་ཁྱོད་རང་ལ་འཛིན་པའི་བཟང་ཕྱོགས་ཀྱི་ལྟ་སྟངས་ཞིག་ཡིན། འོན་ཀྱང་ད་དུང་ངས་ཁྱོད་སུ་ཡིན་པ་ཤེས་ཀྱིན་མེད་ལ་ཤེས་འདོད་ཀྱང་དེ་ཙམ་མེད། ཁྱོད་ཀྱི་དུང་ལྟར་དཀར་བའི་ལྷག་བསམ་དང་ལག་ལེན་དེར་ངས་ནམ་ཡང་དགའ་བསུ་ཡོད། བཀྲ་ཤེས་དགའ་ཤོག་

  5. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2011-05-06 at 11:04 am

    ནགས་ཤོད་སད་མི་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་བརྗོད་འདོད་བྱུང་། དེ་ནི་ངས་ཁྱོད་རང་ལ་འཛིན་པའི་བཟང་ཕྱོགས་ཀྱི་ལྟ་སྟངས་ཞིག་ཡིན། འོན་ཀྱང་ད་དུང་ངས་ཁྱོད་སུ་ཡིན་པ་ཤེས་ཀྱིན་མེད་ལ་ཤེས་འདོད་ཀྱང་དེ་ཙམ་མེད། ཁྱོད་ཀྱི་དུང་ལྟར་དཀར་བའི་ལྷག་བསམ་དང་ལག་ལེན་དེར་ངས་ནམ་ཡང་དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས་སླར་ཡང་ཞུ་

  6. བཀྲ་ཤིས་སྒྲོལ་མ། says:
    2011-05-06 at 12:30 pm

    མང་གཙོ་དོརན་གཉེར་བ་རྒད་པོ་ཝང་གིས་བསམ་ཚུལ་རེ་གཉིས་ལ་མོས་མཐུན་ཡོད། འོན་ཀྱང་སྤྱིའི་ལྟ་ཚུལ་ལ་མོས་མཐུན་མེད། ཡིན་ཡང་ཁོང་ཉིད་བོད་དཀའ་ངལ་གྱི་གནས་སུ་གྱར་བའི་གནས་སྐབས་ཀྱི་བོད་སྐོར་འབོད་སྒྲོགས་བྱེད་མཁན་གྱི་རྒྱ་མི་ཞིག་ཡིན་པའི་ངོས་ནས་ནམ་ཡང་ཁོང་ལ་གུས་ཞབས་བྱེད་ཀྱི་ཡོད།

  7. གཡུ་ཐོག་བུ། says:
    2011-05-06 at 4:25 pm

    ཝང་ལི་ཞུང་གིས་བརྗོད་པའི་སྐད་ཆ་དེ་དག་ནི་ཆབ་སྲིད་ཀྱི་འབོད་སྒྲ་ཡིན་ཕྱིར་ང་ཚོས་གོ་བ་ལེན་ཕྱོགས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད་འདོད། དེ་མིན་བསམ་ཚུལ་དེའི་རིགས་ལ་བློ་གཟུར་གནས་ཀྱི་སྒོ་ནས་དྲང་བདེན་གྱི་རྗེས་སུ་འགྲོ་རྒྱུ་ནི་ལོ་རྒྱུས་ཀྱི་འགན་ཁྲི་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme