Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝ་ཤིང་ཊོན་ཌི་སི་རུ་རང་ལུས་མེར་སྲེག་བཏང་འདུག་ཟེར།

Posted on 2013-10-042013-10-08 By ཁ་བརྡ་ 12 Comments on ཝ་ཤིང་ཊོན་ཌི་སི་རུ་རང་ལུས་མེར་སྲེག་བཏང་འདུག་ཟེར།

burn-1004ད་ལྟ་རང་དྲ་ལམ་ཁག་ན་གནས་ཚུལ་ཁྱབ་བཞིན་པར་གཞིགས་ན། མི་ཞིག་གིས་ the National Mall ཞེས་པར་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཉེན་རྟོག་པ་དང་ཉེན་སྐྱོབ་པ་རྣམས་ས་གནས་སུ་བཅར་ནས་རྟོག་ཞིབ་བྱེད་བཞིན་ཡོད་འདུག མི་དེ་ད་དུང་ཤི་མེད་པའི་གནས་ཚུལ་འདུག སྨན་བཅོས་བྱེད་བཞིན་པའི་གནས་ཚུལ་ཡོད་འདུག འོན་ཀྱང་དེ་ལས་ལྷག་པའི་གནས་ཚུལ་གང་ཡང་ད་ལྟ་བཀྲམས་མི་འདུག ད་ལྟ་ཁོང་སྨན་ཁང་ལ་བསྐྱལ་ཡོད་པའི་གནས་ཚུལ་འདུག མི་འདིའི་མིང་དང་ངོ་སྤྲོད་སོགས་ད་ལྟ་ཕྱིར་བསྒྲགས་བྱས་མི་འདུག ༼ཕྱི་ཟླ་ ༡༠ ཚེས་ ༥ ཉིན༽ ཁོང་མདང་སྨན་ཁང་ནས་གྲོངས་འདུག ད་དུང་ཡང་སུ་ཡིན་མིན་སོགས་རྩད་གཅོད་བྱེད་ཐུབ་མི་འདུག

http://www.nydailynews.com/news/national/man-sets-fire-national-mall-report-article-1.1476755

http://www.theatlanticwire.com/national/2013/10/reports-man-set-himself-fire-national-mall/70213/

གསར་འགྱུར།

Post navigation

Previous Post: སྟོབས་ཀྱི་ཕ་བོང་།
Next Post: ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Comments (12) on “ཝ་ཤིང་ཊོན་ཌི་སི་རུ་རང་ལུས་མེར་སྲེག་བཏང་འདུག་ཟེར།”

  1. རྟ་བདུན་དབང་བོ says:
    2013-10-04 at 11:54 pm

    སྙིང་རྗེ། ཁོང་རང་བསྲེགས་གཏོང་དགོསཔའི་རྒྱུ་མཚན་གང་ཡང་མེད་པ་འདི་ཐབས་སྐྱོ་བོ་རེད། ཡིན་ནའང་མྱུར་དུ་གསལ་བོ་བྱེད་པའི་རེ་བ་ཡོད། བོད་པ་ཞིག་གིས་རྒྱ་མིའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཡིན་མི་སྲིད་པ་མ་རེད། །

  2. ཀློང་ཆུང་། says:
    2013-10-05 at 3:25 am

    ང་ཚོ་མེ་བསྲེགས་གཏོང་བ་འདིས་རྒྱ་ཚོ་ལ་གོ་སྐབས་གཅིག་སྤྲོད་ཀྱི་འདུག དེ་ནི་བོད་པའི་ཐབས་ཤེས་འདི་ཤིན་དུ་ནས་མི་སྤྱོད་ལས་འདས་པ་ཞིག་ཡིན་པ་དེ་རེད། ད་རེས་ཨ་རིའི་མེར་བསྲེགས་གནས་ཚུལ་དེར་མང་ཆེ་བས་ཁ་བརྡུང་གཏོང་གི་འདུག

  3. མངའ་རིས་ཕོ་ཉ། says:
    2013-10-05 at 4:56 am

    ྸཨྃ་མ་ཎི་པདྨེ་ཧཱུྃ༔ འདི་ནས་ཤི་འཕོས་འགྱུར་མ་ཐག དགའ་ལྡན་གནས་ནས་ཡིད་བྱུང་བ། མྱུར་དུ་བྱམས་མགོན་མཉེས་བྱས་ནས། བདེ་བ་ཅན་དུ་སྐྱེས་གྱུར་ཅིག།

  4. ཤར་པ་ says:
    2013-10-05 at 5:30 am

    མི་འདི་མི་ནག་ཞིག་རེད་བསམ།

  5. དྲན་དཀར་དཔལ་ཡོན་ says:
    2013-10-05 at 8:24 am

    མངའ་རིས་ཕོ་ཉ་ཨ་རི་མི་སེར་ཅིག་ཡིན་ས་རེད། ཨ་རིའི་སྤྱི་འབངས་ཞིག་ངོས་ནས་སྒྲུབ་འོས་པ་ཅིག་རེད། ཟམ་ཁ་ནས་མཆོངས་མཁན་ཞིག་ཡིན་ནའང་སྨོན་ལམ་རྒྱག་དགོས་པ་ཞིག་རེད་རང་དབང་ཆེ་དྲག་པ་རེད་ཟེར་ན་ལན་ཡ་མེད་རེད་ད།
    རྒྱ་ནག་ཏུ་ཡང་ཁྱིམ་ཚང་གི་བདག་དབང་གི་དོན་དུ་མེར་བསྲེགས་མཁན་འདུག དེ་ཚོར་རྒྱ་མི་ཞིག་གི་ངོས་མྱ་ངན་བྱ་འོས་པ་རེད་བསམ་གི་འདི་ཚོས་ཁྲིམས་གཏུགས་ཐེངས་ཉི་ཤུ་རྩ་གྲངས་བགྱིས་ནས་ཡ་ལན་མ་བྱས་པའི་མཐར་རང་བསྲེགས་གཏོང་གིན་འདུག་ག

  6. མངའ་རིས་འཕྲིན་ལས། says:
    2013-10-05 at 12:19 pm

    དེ་རིང་བོད་རང་བཙན་མཐུན་ཚོགས་གོ་སྒྲིག་འོག མཁས་དབང་འཇམ་དབྱང་ནོར་བུས་མེད་ཐབས་མེད་པའི་རང་བཙན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བཞིན་ཡོད་པས། དེ་ལ་ངོ་རྒོལ་ཡིན་སྲིད་གང་ཡིན་ཞེ་ན་ན་དེང་སྐབས་བཙན་བྱོལ་ནང་རང་བཙན་གླེང་མི་ཉན་པ་ཡིན་བཞིན་དུ་ཁོང་གི་དེ་ལྟར་གཏམ་བཤད་བྱས་པ་ལ། དགོས་ཡག་གཅིག་མ་རེད་དམ།

  7. ཨ་ཕྱི་ཆོས་སྒྲོན says:
    2013-10-05 at 12:31 pm

    ངོ་མ་ཞུས་ན་རང་བསྲེག་པ་འདི་ཚོས་རང་བཙན་ཆེད་དུ་ཡིན་ནམ་རྒྱ་མིའི་ཆེད་དུ་དབུ་མ་རྩོད་པ་ཡིན་ནམ། ད་ཧ་གོ་མ་སོང་།

  8. དགེ་འདུན་རྒྱ་མཚོ། says:
    2013-10-06 at 12:03 am

    ཧ་མ་གོ་བ་དེ་ཡང་ཡག་པོ་རེད་སྙམ།

  9. ཆབ་ཚང་འཇམ་དཔལ། says:
    2013-10-06 at 12:17 am

    རང་བསྲེག་གནང་མཁན་ཚོས་ལམ་དབུ་མའི་ཆེད་དུ་རང་བསྲེག་བྱེད་ཀྱི་མེད་ལ། རང་བཙན་ཆེད་དུ་དེ་བས་ཀྱང་རང་བསྲེག་བྱེད་ཀྱི་མེད། ཁོང་ཚོས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ཆིབས་བསྒྱུར་གནང་མ་བཅུག་པ་དང་། བོད་ལ་ཆབ་སྲིད་ཀྱི་རང་དབང་མེད་པ་ཙམ་མ་ཡིན་པར། བོད་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག ཐ་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་འཆར་གཞི་དང་བྱེད་ཐབས་འདྲ་མིན་བཅོ་བརྒྱད་བརྒྱུད་ནས་རྩ་མེད་དུ་བཟོས་དང་བཟོ་བཞིན་པ་དང་། ལྷག་དོན་བོད་ནང་གི་གཏེར་ཁ་འདྲ་མིན་སྔོག་འདོན་དང་། བོད་མི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་གང་ཡང་མེད་པའི་འཛུགས་སྐྲུན་འདྲ་མིན་གྱིས་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པ་སོགས་ལ་ངོ་རྒོལ་མཚོན་ཆེད་དུ་བོད་ནང་གི་བོད་མི་བརྒྱ་དང་ཉེར་གཅིག་གིས་རང་བསྲེག་བྱས་པ་རེད། གོང་བཤད་ལྟར་དེ་ནི་རང་བཙན་དང་ལམ་དབུ་མ་གང་རུང་གི་ཆེད་རང་བསྲེག་བྱས་པ་མ་ཡིན་པར། དེ་ནི་འགྲོ་བ་མི་ཞིག་ལ་ངེས་པར་དུ་ཐོབ་འོས་པའི་རང་དབང་དེ་རྒྱ་གཞུང་གིས་བཙན་ལེན་བྱས་པར་མི་འདོད་པའི་རྣམ་འགྱུར་ཚད་མཐོ་ཤོས་ནས་བསྟན་པ་ཞིག་རེད།

  10. དགེ་འདུན་རྒྱ་མཚོ། says:
    2013-10-06 at 2:50 am

    ཆབ་ཚང་འཇམ་དཔལ་གྱིས་བཤད་པ་བཟང་།

  11. ལྷ་བྱ་འཕུར་མ། says:
    2013-10-06 at 3:47 am

    རང་ལུས་མེར་སྲེག་བྱེད་མཁན་ཨ་རིའི་མི་རིགས་ནག་པོ་ཞིག་རེད། ཁ་ཕྱི་ཚེས་༡ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ནང་སྲིད་དོན་ཚོགས་གཉིས་ཀྱིས་ཨ་རིའི་ལོ་འཁོར་འགྲོ་གྲོན་མ་དངུལ་ཐོག་གྲོས་མཐུན་མ་བྱུང་བརྟེན། ཨ་རི་མནའ་མཐུན་གཞུང་གི་ཁྱབ་ཁོངས་འོག་ཡོད་པའི་གླིང་ཁ་དང་འགྲེམས་སྟོན་ཁང་སོགས་མང་པོ་ཞིག་སྒོ་རྒྱག་དགོས་ཡོད་འདུག། ཕྱི་ཚེས་༡༧ བར་གྲོས་མཐུན་མ་བྱུང་ན་ཨ་རིའི་ནང་དངུལ་རྐྱང་རྫོགས་རྒྱུ་རེད་ཅེས་ཨ་རིའི་དབུས་དངུལ་ཁང་གི་འགན་འཛིན་གྱིས་བརྗོད་འདུག གང་ལྟར་མི་འདིར་མེར་སྲེག་བྱེད་དགོས་དོན་ཐེངས་འདིའི་ཨ་རི་མནའ་མཐུན་གཞུང་སྒོ་བརྒྱབ་པ་རག་ལས་ཡོད་པ་ཞིག་རེད

  12. དྲན་དཀར་དཔལ་ཡོན་ says:
    2013-10-06 at 10:36 am

    ལྷ་བྱ་འཕུར་མ་བྱོན་ལེགས། བཀའ་མོལ་ཐད་ཀར་གནང་བ་ལེགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme