Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོང་ལས་དང་འགྲོ་བ་མའི་ཐོབ་ཐང་གི་ལྕི་ཡང་འདེགས་པ།

Posted on 2012-02-212012-02-21 By ཁ་བརྡ་ No Comments on ཚོང་ལས་དང་འགྲོ་བ་མའི་ཐོབ་ཐང་གི་ལྕི་ཡང་འདེགས་པ།

རྩོམ་མཁན། ཇེཌེ།
དབྱིན་ཡིག་ནས་པདྨ་རྒྱལ་གྱིས་བསྒྱུར།

ཟླ་འདིའི་ནང་ཨན་གྷི་ལ་མར་ཁེལ་གྱིས་སྲིད་འཛིན་ནཱ་ཛར་བྷེ་ཡར་གྲལ་གདན་དམར་པོ་བཤམས་ནས་སྣེ་བསུ་བྱས། སུའི་ལེན་སྲིད་གཞུང་འཐོར་བཤིག་སུ་གྱུར་རྗེས།སྤྱི་ལོ་༡༩༩༡ལོ་ནས་བཟུང་སྐུ་ཞབས་ནཱ་ཛར་བྷེ་ཡས་ཁ་ཛི་སི་ཐན་གྱི་སྲིད་སྟེགས་བཟུང་།འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བརྗོད་པ་ལྟར་ན།རྒྱལ་ཁབ་དེ་རང་བཙན་བྱས་བ་ནས་བཟུང་སྐུ་ཞབས་ནཱ་ཛར་བྷེ་ཡས་ལྕག་གི་ལག་པ་སྤྱད་ནས་རྒྱབ་ཁབ་སྲིད་ཀྱིས་བསྐྱངས་་ཡོད་ཟེར། ལྕམ་མེར་ཁེལ་རྒྱལ་ཁབ་དེ་ཅི་ལྟར་སྲིད་སྐྱོང་བྱེད་ཀྱིན་ཡོད་པར་རྨོངས་མེད་ན་ཡང།མཁོ་ཆེ་བའི་གློག་རྫས་རླངས་འཁོར་དང་ཉི་བསྡུ་རྣོ་ལྕགས་ཐོན་ཁུངས་ཐད་འཇར་མན་གྱི་ཐོན་ལས་ཕྱོགས་ཡོངས་ནས་རྒྱ་ནག་ལ་བསྟུན་དགོས་པར་ཞེད་ཀྱིན་ཡོད། རྒྱ་ནག་གིས་རྣོ་ལྕགས་ཐོན་སྐྱེད་བརྒྱ་ཆ་༩༧རྟིང་འཛིན་བྱས་ཡོད་པ་ལས་རྒྱ་ཆ་༩༠ཡོ་རོབ་ནང་མཁོ་སྤྲོད་བྱེད་ཀྱི་ཡོད། ཉིས་སྟོང་བཅུ་ལོར་རྒྱ་ནང་གི་རྣོ་ལྕགས་ཕྱི་འདྲེན་ཚད་དམའ་རུ་གཏོང་རྒྱུ་གཏན་འབེབས་བྱས་པ་དེ་ཡི་འཇར་མན་བཟོ་ལས་ཀྱིས་ཐོན་ཁུངས་རེས་མོས་འཚོལ་ཞིབ་བྱ་དགོས་པར་གཏུགས།

ལོ་སྔོན་མར།འཇར་མན་སྲིད་གཞུང་གིས་མཁར་མིག་རྒྱལ་ཁབ་དང་ལྷན་དུ་རྣོ་ལྕགས་ཉོ་ཚོང་སྐོར་ལ་མོས་མཐུན་གྱི་མིང་རྟགས་བཀོད།སྐུ་ཞབས་ནཱ་ཛར་བྷེ་ཡ་འཇར་མན་གྲོང་ཁྱེར་བྷར་ལེན་ནང་རྒྱལ་མཚམས་གཟིགས་སྐོར་དུ་སྐྱོད་སྐབས་ཕྱོགས་གཉིས་ཀྱིས་ཨ་སྒོར་ཁྲག་ཁྲིག་གསུམ་ལྷག་གི་ཚོང་ཟོག་མཉམ་འབྲེལ་གཏན་འབེབས་བྱས།
འཇར་མན་མཉམ་འབྲེལ་བཟོ་ལས་ཀྱིས་དེ་ལ་རྒྱལ་ཁའི་ལས་དོན་ཞིག་ཏུ་འབོད་ཅིང་།ཡུལ་དེ་གའི་བཟོ་གྲྭ་ཁག་གིས་མ་བཅོལ་རྒྱུ་ཆ་དང་རྣོ་ལྕགས་སྐྱེན་འདྲེན་བྱས་པ་དང་།ཁ་རྫི་སི་ཐན་སྲིད་གཞུང་གིས་འཇར་མན་གྱི་ལག་རྩལ་ནང་འདྲེན་བྱེད་ཐུབ་པ་བྱུང་ཡོད།འོན་ཀྱང་།འགྲོ་བ་མའི་ཐོབ་ཐང་དོན་གཉེར་བ་ཚོའི་འདོད་ཚུལ་དེ་ལྟ་མ་ཡིན་པར།ཁོ་ཚོས་བརྗོད་དོན་ལ།དམངས་གཙོའི་རྒྱལ་ཁབ་ཁག་གིས་ཁ་རྫི་སི་ཐན་ལྟ་བའི་སྲིད་དབང་སྒེར་གཅོད་རྒྱལ་ཁབ་ཁག་ལ་ཚོང་ཟོག་མཉམ་འབྲེལ་བྱས་པ་དེས་ཁེ་ལས་འབའ་ཞིག་གི་སླད་དུ་འགྲོ་བ་མིའི་ཐོབ་ཐང་སྣང་མེད་དུ་གཏོང་ཐབས་མེད་ཟེར། ཁ་རྫི་སི་ཐན་གྱི་སཱོ་རཱོ་སི་ཐེབས་རྩ་ཚོགས་པའི་ཚོགས་མི་ཨེ་སྒྲ་དང་ཨེན་ཌོན་གཉིས་ཀྱིས་གློག་འཕྲིན་གྱི་ལམ་ནས་བརྗོད་དོན།ཡོ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་སྐྱེད་ཀ་དང་།འགྲོ་བ་མིའི་ཐོབ་ཐང་བདེ་འཇགས་སྲུང་སྐྱོབ་ཚོགས་པའི་ངོས་ནས་ཕྱོགས་གཉིས་ཀའི་གནད་དོན་ཁག་སྣང་མེད་དུ་བཏང་ཡོད་ཟེར།ཐེབས་རྩ་ཚོགས་པ་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་།དེས་སྲིད་ཕྱོགས་ཀྱི་གུ་ཡངས་དང་འགན་འཁྲི་སོགས་ཀྱི་ཐད་ལ་སྐུལ་སྤེལ་གཏོང་གིན་ཡོད།ཁོ་ཚོས་མུ་མཐུད་དུ་བརྗོད་པ་ལྟར་ན།ཁེ་ལས་མཉམ་འབྲེལ་གྲོས་ཆོད་དེ་སྤྱི་ཚོགས་དང་འཁོར་ཡུག་གི་འགན་འཁྲི་དང་འབྲེལ་བ་དམ་ཟབ་ཡོད་པ་ནང་བཞིན་འགྲོ་བ་མིའི་ཐོབ་ཐང་ཡང་གཞིར་བཟུང་གིས་གྲོས་ཆོད་ཞིག་ཡིན་དགོས་པར་བཤད།དེ་ལྟ་མ་ཡིན་ཚེ།ཁེ་ལས་དེ་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཉེན་ཚབ་རང་བཞིན་ཞིག་ཆགས་ཡོད།

སྤྱི་ལོ༢༠༠༥ལོར་སྲིད་སྟེགས་བཟུང་བ་ནས་ལྕམ་མར་ཁེལ་གྱིས་ཨུ་རུ་སུ་དང་།རྒྱ་ནག ཁ་རྫི་སི་ཐན་སོགས་ཐེ་བའི་རྒྱལ་ཁབ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐད་ལ་འབོད་སྐུལ་བཏང་ཡོད་ནའང་།དོན་འབྲས་དེ་ཙམ་བྱུང་མེད།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་གནས་ཚུལ་སྤེལ་བ་ལྟར་ན།ལོ་སྔོན་མའི་སྤྱི་ཟླ་ ༡༢ ནང་ཁ་རྫི་སི་ཐན་གྱི་ལས་བཟོ་བས་ངལ་རྩོལ་དཀའ་རྙོག་ཐད་ལ་ཟས་བཅད་ངོ་རྒོལ་བྱས་པར་ཡུལ་དེའི་ཉེན་རྟོག་དམག་གིས་ས་སྣུམ་ཐོན་གཉེར་ལས་མི་ ༡༤ དམར་གསོད་བཏང་བ་དང་།ཁ་ཅིག་ལ་གཅར་རྡུང་ཚབ་ཆེན་དང་རེ་འགའ་འཇུ་བཟུང་བཀག་ཉེར་བྱས་པ་མ་ཟད།གསར་ལམ་ཁག་ལ་ཞིབ་བཤེར་ནན་ཏུར་བྱས། ད་དུང་ཁ་གཏད་ཚོགས་པའི་གཙོ་འཛིན་རྣམས་ལ་བསུན་བཙུར་མནར་གཅོད་བཏང་འདུག གསར་འགོད་བསྐོང་ཚོགས་ཤིག་གི་སྟེང་ལྕམ་མར་ཁེན་ལགས།སྐུ་ཞབས་ན་ཛར་བྷེ་ཡ་དང་ལྷན་ཞུགས་ཀྱིས་བརྗོད་དོན།ང་ཚོས་དཔལ་འབྱོར་ཁེ་ལས་གླེང་སྐབས་ད་དུང་འགྲོ་བ་མིའི་ཐོབ་ཐང་དང་།མང་གཚོའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པའི་སྐོར་ཡང་གླེང་མོལ་བྱས་ཡོད། འཇར་མན་དང་ཡོ་རོབ་བཟོ་ལས་ཁག་གིས་མི་འདོད་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་གི་བདེ་འཇགས་སྲུང་སྐྱོབ་དཔལ་འབྱོར་ཁེ་ལས་དང་ཟུང་འབྲེལ་བྱེད་ཀྱིན་འདུག དོན་ངོ་མར།ཁེ་བཟང་ཆེ་བའི་ཆིང་ཡིག་ཤོར་བར་དོགས་ནས་བཟོ་ལས་ཁག་གིས་དུས་ཀུན་སོ་སོའི་སྲིད་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་མི་གླེང་བར་སྐུལ་མ་བྱེད་ཀྱིན་ཡོད་ལ།རང་ཡུལ་ལས་གནས་ཀྱི་གནས་བབ་ཚབ་ཆེན་ཆགས་དུས།འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཞུ་སྣེ་སྦྱོར་བ་དང་།ཡང་རྒྱལ་ཁབ་ཁག་ཅིག་ནང་ཁོ་ཚོའི་སྐྱོན་བརྗོད་ཐད་དུ་ཁྲོ་གཏམ་བཤད་ཡོད། འཇར་མན་ཁོན་རཱ་སྒྲི་ཨེ་སྒྲ་ནཱ་ཡཱོར་ཐེབས་རྩ་ཚོགས་པའི་འགོ་གཙོ་སྐུ་ཞབས་ལཱན་གྷས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་མདུན་ཅོག་སྟེང་བདག་བཟུང་བྱས་པ་ནས་བཟུང་།ཁ་རྫི་སི་ཐན་དང་ལྷན་དུ་ཆིང་ཡིག་ལ་མིང་རྟགས་བཀོད་པ་དེ་དཀའ་རྙོག་ཞིག་ཏུ་མཐོང་གིན་མེད་པ་བརྗོད་འདུག

ཐེབས་རྩ་ཚོགས་པ་དེ་(ལྕམ་མར་ཁེལ་གྱི་ཡེ་ཤུའི་མང་གཙོ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་ཁུངས་སུ་ཞུགས་ཡོད།)་ཡཱོ་ཁི་རཱ་ནཱན་སྲིད་དབང་གི་གནོན་ཤུགས་འོག་ཡོད་པ་ཞིག་དང་།སྐུ་ཞབས་ལཱ་གྷས་རང་རྒྱལ་གྱི་ལྐོག་ཟ་རུལ་སུངས་དང་།རྩ་ཁྲིམས་སྲུང་འཛིན་ནུས་མེད་སྐོར་གསལ་བོར་གླེང་མཁན་ཞིག་ཡིན་པ་དང།ཁོས་གསར་འགོད་བཅར་འདྲི་ཞིག་དང་ལེན་བྱས་ནས་བརྗོད་དོན།ང་ཚོས་རང་ཉིད་ཀྱི་རིན་ཐང་ལ་རྩིས་འཇོག་བྱེད་པ་དང་ཉེར་མཁོའི་ཁེ་ལས་གཉིས་དབར་གྱི་ཡང་ལྕི་དོ་མཉམ་ཐད་བརྡུངས་རྡེག་གཞུས་ཀྱི་ཡོད་པར་ང་ལ་་དོགས་པ་འདུག་ཟེར། ལྕམ་མར་ཁེན་གྱིས་ལྕི་ཡང་ཞིག་དོ་མཉམ་བྱ་རྩིས་ཡོད། སྤྱི་ལོ ༢༠༠༧ ལོར་ཁོ་མོས་འཇར་མན་གཞུང་ཕྱོགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་ཆོས་སྲིད་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་འགྲོན་འབོད་ཞུས་སྐབས་རྒྱ་ནག་སྲིད་གཞུང་དང་འཇར་མན་བཟོ་ལས་ཁག་ལ་ཕོག་ཐུག་ཆེན་པོ་བསླངས་ཡོད་།པེ་ཅིང་གིས་འཇར་མན་གྱི་བཟོ་ལས་ཁག་གི་གྲོས་ཆོད་མཚམས་འཇོག་བྱ་བར་འཇིགས་སྐུལ་བྱས་མཐར།སྔོན་མའི་ཁེ་ལས་གྲོས་ཆོད་ཁག་ཡོངས་སུ་མཇུག་སྒྲིལ་དགོས་པ་བྱུང་།སྐབས་དེར་ལྕམ་མར་ཁེལ་གྱི་ལངས་ཕྱོགས་ལ་སྙན་པའི་སྔགས་བརྗོད་ཐོབ་ཡོད། ད་དུང་ཕྱོགས་ཡོངས་ཀྱི་འགྲོ་མིའི་ཐོབ་ཐང་ཆེད་ལས་མཁས་པ་ཚོས་ཡོ་རོབ་མཐུན་ཚོགས་ཀྱིས་སྔར་ལས་ཀྱང་རང་གི་རིན་ཐང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཤུགས་འོག་ཉམས་ཆགས་སུ་འགྲོ་རུ་འཇུག་གིན་ཡོད་ཅིང།ཡོ་སྒོར་ཉེན་ཁའི་དུས་སུ་འཕྲད་པ་དང་ཆབ་ཅིག ཡོ་རོབ་མཐུན་ཚོགས་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གི་མ་དངུལ་ལ་བསྟུན་དགོས་ཡོད་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་ཀྱིན་ཡོད།དེས་ཡོ་རོབ་དཔོན་རིགས་ཚོ་ཀུན་གྱི་གླེང་བྱར་གྱུར་བའི་ཐད་དུ་དོགས་ཟོན་བྱེད་དགོས་པ་བཟོས་འདུག་ཟེར། དབྱེ་ཞིབ་བྱས་པ་ལྟར་ན།ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྡེ་ཚན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཤུགས་དེ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བདེ་སྲུང་ཐད་རྒྱབ་སྐྱོར་གྱི་རྒྱལ་ཁ་ལས་ཀྱང་བརྒལ་ཡོད་ཚུལ་བཤད།རྒྱ་ནག་གིས་ཡོ་རོབ་གྱི་རིན་ཐང་ཡུན་གྱིས་འཕྲོག་གིན་ཡོད་པ་དེ་མཐའ་འབྲས་ཤིག་ཆགས་ཡོད།དེའི་ཁ་ཕྱོགས་སྒྱུར་བར་གདོང་ལེན་དང་འགྲོ་བ་མིའི་ཐོང་ཐང་དོན་གཉེར་བར་དང་ལེན་བྱེད་རྒྱུ་སོགས་དཀའ་གནད་ཏུ་གྱུར་ཡོད་ནའང་།ཁོ་ཚོས་དུས་ད་ལྟ་ད་དུང་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་ཚོང་ཟོག་ཕྱི་བྲིན་མ་བྱས་ནའང་དཔལ་འབྱོར་ཁེ་ལས་ཀྱི་ཐབས་ལམ་གཞན་མང་པོ་རྙེད་ཐུབ་ཚུལ་འཆད་ཀྱིན་གདའ།

ཐོག་མའི་གོམ་པ་དེ་ཡོ་རོབ་མཐུན་ཚོགས་བཟོ་ལས་ཀྱིས་གོང་གི་གནད་དོན་དེ་གཉིས་དང་ཟུང་འབྲེལ་གྱིས་ཁེ་སྤོགས་ཅི་ཙམ་རག་པ་དེ་ཤེས་དགོས་ཤིང་།སཱོ་རཱོ་སི་ཐེབས་རྩ་ཚོགས་པའི་ལྕམ་ཨེ་སྒྲ་ཁོ་ལོ་ཝ་དང་སྐུ་ཞབས་ཨར་ཌེམ་ཡ་གཉིས་ཀྱིས་ཁེ་ལས་ནི་(མི་སྡེ་གཙོས།)ངེས་པར་དུ་འགན་འཁྲི་དང་།ཕྱི་གསལ་ནང་གསལ་དང་།རྩ་་ཁྲིམས་སྲུང་འཛིན་གྱི་སྲིད་གཞུང་ཞིག་ལ་མོས་དགོས་ཤིང་། ཡང་དཔལ་འབྱོར་ཁེ་ལས་སྲུང་སྐྱོབ་གྱི་བདེ་འཇགས་འཁོར་ཡུག་ཞིག་ཚུགས་དགོས་ཚུལ་བརྗོད། ཐེངས་གཉིས་པ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་རྫི་སི་ཐན་ལྟ་བུའི་རྒྱལ་ཁབ་ཁག་ལ་ཁེ་ལས་མཉམ་འབྲེལ་གཏན་འབེབ་གནང་སྐབས་ངེས་པར་དུ་མ་བཅོལ་རྒྱུ་ཆ་དང་རྣོ་ལྕགས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་བྱ་བར་འཁོར་ཡུག་དང་སྤྱི་ཚོགས་གནས་བབ་ཐད་དུ་སྔར་ལས་ཀྱང་དམ་དྲེག་ནན་མོ་བྱས་དགོས་པར་ནན་སྐུལ་བྱས་ཡོད། འགྲོ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྐུ་ཞབས་ནཱ་ཛར་བྷ་ཡ་ཕྱི་གསལ་ནང་གསལ་གྱི་སྲིད་བྱུས་ལ་སྤྲོ་བ་དེ་ཙམ་མི་འདུག་མོད་།འོན་ཀྱང་ཚོང་ལས་མཐུན་ཚོགས་ཁེ་དབང་ངམ་གཞི་རྩའི་རང་དབང་སྲུང་འཛིན་བྱེད་པའི་ཐོན་ཁོངས་སྔོག་འདོན་བྱེད་མཁན་རྣམས་ལ་དེར་སྤྲོ་བ་མེད་པ་ག་ལ་ཡིན། ཡོ་རོབ་གྱི་སྲིད་དོན་པ་དང་ཁེ་གཉེར་པ་ཚོས་ཨ་རབ་དཔྱིད་ཀྱི་གསར་རྗེས་སྔོན་ལ་བཟོས་པའི་རང་ཉིད་ཀྱི་ནོར་འཁྲུལ་དེ་དུས་ད་ལྟར་ཤེས་རྟོགས་བྱུང་གིན་ཡོད།ཡོ་རོབ་གྱིས་ཨེ་ཤ་ཡའི་ནང་རང་གི་རིན་ཐང་སྲུང་འཛིན་དང་དེ་མཚུངས་ཀྱི་ནོར་འཁྲུལ་བཟོ་ཐུབ་གྱི་མེད་ལ།རྒྱལ་ཁག་འདི་དག་ནང་དཔྱིད་ཀྱི་གསར་བརྗེ་སླེབས་པའི་ཉིན་མོ་ཞིག་ཡོད་པ་དེ་བས་ཀྱང་སྣང་མེད་དུ་གཏོང་མི་ནུས།ཞེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་གིས་བརྗོད་འདུག་གོ

གསར་གནས་ཐོན་ཁུངས།ནེའུ་ཡོག་དུས་བབ་དྲ་ཚིགས།

འགྱུར་རྩོམ།

Post navigation

Previous Post: རྒྱ་གར་གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་ལ་སེམས་ཁུར་དང་།བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ།
Next Post: བཙན་བྱོལ་གྱི་ཤེས་ཡོན་སྐོར་ལ། གཞོན་སྐྱེས་ཚོའི་བགྲོ་གླེང་གལ་ཆེན་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme