Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇག་ཚོགས་སྤྲིངས་པ།

Posted on 2012-04-122012-04-12 By ཁ་བརྡ་ 7 Comments on ཇག་ཚོགས་སྤྲིངས་པ།

ངས་པོ་རྒྱལ་མཚན།

ཤར་ཕྱོགས་ན་ཡུལ་རྒྱ་ནག་ཞེས་བྱ་བའི་མཐའ་བསྐོར་ན་ལག་རྒྱ་དངུལ་ལ་བརྗེ་བོ་བརྒྱབ་མཁན་དམེ་བོ་དང་། མི་སྤྱོད་མེད་པའི་ལག་དམར་བ། མི་མཐུན་པའི་ལས་ལ་གོམས་པའི་ཁྲམ་པ་དང་གདོན། གངས་ཅན་ཆོས་ལྡན་འཕགས་མཆོག་ཕྱག་ན་པད་མོའི་ཞིང་དུ་སྐྱེས་ཀྱང་ད་ཆ་རྩམ་དྲི་ཙམ་མི་བྲོ་བའི་རྒྱལ་བཙོང་བ་ཇག་པ་དང་བཅས་པ་བཙན་ཤེད་དང་དྲག་གནོན་བསྐྲུན་པའི་ཕོ་བྲང་ན། གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་ཤན་པ་ལག་དམར་བ་ཧུའུ་ཅིན་ཐའོ་དང་ཤན་པའི་ཕོ་ཉ་ཚོས་རང་རིགས་སྤུན་ཟླ་གངས་ཅན་པ་ཚོར་བཙན་གནོན་དང་། མནར་གཅོད། གདུག་རྩུབ། རྡུང་རྡེག་གང་འདྲ་གཏོང་དགོས་མིན་གྱི་གྲོས་མོལ་ལ་མཉམ་དུ་གནས་སོ། དེའི་ཚེ་དེའི་དུས་སུ་ལ་རྒྱ་དངུལ་དང་བརྗེད་པའི་ཇག་དཔོན་གྱིས་རང་གི་རོ་མྱགས་ལྟ་ཚུལ་དེ་དམ་བཟུང་ནས་ལག་པ་བརྐྱངས་ཏེ་ང་ཚོའི་རླབས་ཆེན་ཤ་ཁྲག་རུས་གསུམ་ལ་རྔམ་པའི་སྤྱང་ཀི་མའོ་ཡིས་“རྫུན་གཏམ་གཅིག་ཚར་བརྒྱ་ཙམ་བཤད་ན་བདེན་པ་ཆགས་”ཀྱི་རེད་ཞེས་པའི་ལོག་བཤད་དེ་དམ་འཛིན་བྱས་ནས་བོད་ཡུལ་དེ། དེ་སྔ་ཆེས་ཀློ་ཀློ། ཆེས་གདུག་རྩུབ། ཆེས་མུན་ནག་དང། ད་ཆ་གུང་ཁྲན་ཏང་གིས་བཅིངས་གྲོལ་བཏང་སྟེ་འགྱུར་ལྡོག་གསར་པ། རྣམ་པ་གསར་པ། འཚོ་བ་གསར་པ། རྒྱ་ཆེའི་ཞིང་བྲན་ཁྲི་ཚོ་མང་པོར་བདེ་སྐྱིད་བསྐྲུན་ཡོད་ཅེས་སོགས་དོན་དངོས་དང་མི་མཐུན་པར་འཁྱོག་བཤད་ལོག་གཏམ་རི་བོ་ཙམ་བཤད་ཀྱང་།
དངོས་ཡོད་གནས་ཚུལ་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར། རང་རིགས་སྤུན་ཟླ་ས་ཡ་གཅིག་དང་། གསུམ་ཁྲི་ལྷག་གདུག་རྩུབ་སྣ་ཚོགས་ཀྱིས་དམར་གསོད་བཏང་བ། རིག་གཞུང་གི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིགས་བཏང་བ། མུན་ནག་གི་ལོ་དེ་དག་གི་ནང་། རྒྱ་དམར་གྱིས་བོད་ཀྱི་དངོས་ཡོད་ ཀྱི་གནས་སྟངས་དང་མི་འཚམས་པར་སྔར་གྱི་སྲོལ་རྒྱུན་ལས་འདས་ཏེ་མུ་མཐའ་མེད་པའི་སྤང་ལྗོངས་ལ་ལྕགས་ཀྱི་རྭ་བ་བསྐོར་ནས་རང་རིགས་སྤུན་ཟླ་ཕན་ཚུན་འཁྲུག་རྩོད་སློང་བ། གདོད་མའི་ཤིང་ནགས་ཚད་མེད་གཅོད་པ། རྡུལ་ཕྲན་མཚོན་ཆའི་དུག་རྫས་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ། དུས་རབས་ཉེར་གཅིག་ནང་ད་དུང་གྲོང་ གསེབ་ཁག་ལ་ཤེས་ཡོན་དང་འཕྲོད་བསྟེན་སྔར་བཞིན་ཉམ་ཐག་པར་གནས་པ། མི་འབོར་སྤོ་ཤུགས་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་གྲངས་ཉུང་མི་རིགས་བཟོ་བ། མི་རིགས་དབྱེ་འབྱེད། ཆོས་དད་བཀག་འགོག བོད་མིའི་སེམས་ཁམས་དང་། མི་བསྟུན་པར་གང་སར་གཏེར་ཁ་སྔོག་འདོན་བྱས་པ། ཁེ་བཟང་ཡོད་པའི་ལས་རིགས་ཡོངས་རྫོགས་རྒྱ་མི་རིགས་ལ་སྤྲད་པ། རྒྱ་ཆེའི་ཞིང་འབྲོག་མི་མང་ལ་འབྲུ་ཁྲལ་དང་། མར་ཁྲལ་སོགས་བཙན་ཤེད་ཆེན་པོས་བསྡུ་ལེན་བྱས་པ། ཤེས་འཇོན་གཉིས་ལྡན་གྱི་བོད་ཞེན་ཅན་རྣམས་འབུར་འཇོམས་གཏོང་གི་ཡོད་རེད་ཅེས་དྲང་བདེན་གནས་ཚུལ་དེ་རྣམས་འཛམ་གླིང་གི་གསར་འགྱུར་དག་ལས་བསྒྲགས་དུས། འབྱུང་ཚོགས་ཀྱིས་ངོ་བོ་གནོངས་སོ། རྫུན་རྐུབ་བཏོལ་ཏོ།
དེ་ནས་ཁྱི་སྤྱང་ལག་སྦྲེལ་གྱིས་༸གོང་ས་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་ཉི་ཟླར་འགྲན་པ་དེ་ཕྲག་དོག་གི་དུག་རླངས་ནག་པོས་སྒྲིབ་ཐབས་བྱ་དགོས། དེ་ལ་འཁྱོག་བརྗོད་གང་སྡུག རྫུན་གཏམ། དཀྲོག་གཏམ། ཁྲམ་ཚིག་ལ་སོགས་གང་དགོས་བེད་སྤྱོད་བཏང་ནས་དྲ་རྒྱའི་ནང་དཀྲུག་ཤིང་བརྒྱབ་དགོས་ཞེས་བརྗོད། དེ་ནས་འབྱུང་པོའི་ཕོ་ཉ་ཚོ་དྲ་རྒྱའི་ནང་ལ་ལོག་གཏམ་དང་རྫུན་ཚིགས་སྣ་ཚོགས་སྤེལ་ཡང་། ༸གོང་ས་མཆོག་ནས་བདེན་པ་དང། འཚེ་བ་མེད་པ། དངོས་ཐོག་བདེན་འཚོལ་གཞི་རྩར་འཛིན་ནས་རླབས་ཆེན་གྱི་ཐུགས་བསྐྱེད་ཀྱི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པ་དག་ལ་དྲང་བདེན་དང་ཞི་བདེར་དགའ་པའི་འཛམ་གླིང་མི་མང་ཀུན་གྱིས་གུས་བཏུད་དང་ཡིད་སྨོན་བྱས་པ་མ་ཟད་དེ་ལ་ལེགས་སོ་མཚོན་བྱེད་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་གཟེངས་རྟགས་ལ་སོགས་པའི་གཟེངས་རྟགས་བརྒྱ་ལྷག་ཐོབ་པ་དེས་འབྱུང་པོའི་ཚོགས་དེར་སླར་ཡང་གྲོགས་མེད་ཁེར་རྐྱང་དུ་ལྷག་ཏུ་བཅུག་གོ
༸གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ཟབ་མོས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་དེང་སྐབས་ཀུན་གྱིས་མོས་མཐུན་ཡོད་པའི་དམངས་གཙོ་ལམ་བུར་བསྒྱུར་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ར་སྤྲོད་གནང་ཡོད། བློ་གྲོས་ལྡན་པའི་པའི་མི་སྣ་དག་གིས་རླབས་ཆེན་དགོངས་བཞེད་དང་གསར་གཏོད་བྱ་བར་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་ཡོད་ཀྱང་དྲང་བདེན་གྱིས་ལོང་བའི་འབྱུང་ཚོགས་ཀྱིས་ཤེས་རབ་སྙིང་པོ་མིག་གིས་མཐོང་ཡང་དོན་དུ་དེས་དྲི་མ་ཙམ་མི་བྲོ་བ་ནི་ངོ་མ་སྲིན་བྱ་མགོ་ལེབ་དང་གཉིས་སུ་མ་མཆིས་སོ། ༼སྲིན་བྱ་མགོ་ལེབ་ལ་ཁྱེད་ཀྱི་མགོ་ལེབ་ལེབ་རེད་འདུག གང་བྱས་སམ་ཞེས་བྲིས་དུས་ཁོས་བླ་མའི་ཕྱག་དབང་ཞུ་ཡག་མང་དྲགས་ནས་རེད་ཅེས་ལན་བཏབ། དེ་ནས་ཁྱེད་ཀྱིས་རྣ་བ་འོན་པ་རེད་འདུག་གང་བྱས་སམ་ཞེས་བྲིས་དུས། ཁོས་ཆོས་སྒྲ་རྣ་བས་མི་ཐོས་ཙང་རེད་ཅེས་ལེན་བཏབ། ཁྱེད་ཀྱི་མིག་སེར་པོ་རེད་འདུག་གང་བྱས་སམ་ཞེས་དྲིས་དུས་ཁོས་ངས་མར་ཁུ་མང་པོ་བཏུང་ཙང་རེད་ཅེས་ལན་བཏབ། དེ་ནས་ཁྱེད་ཀྱི་ལག་པར་སེར་ཁ་མང་པོ་གད་འདུག་ཅེས་དྲིས་དུས་ཁོས་ཞག་ཚི་མིག་གིས་མི་མཐོང་ཙང་རེད་ཅེས་ལན་བཏབ་བོ།༽

སྣ་ཚོགས།

Post navigation

Previous Post: “རྒྱོབས་། རྒྱོབས།” ཁྲུང་ཆིན་གྱི་ཟིང་ཆའི་ཟུར་ཞིག
Next Post: མེ་ལྕེ་དང་སྙིང་སྟོབས།

Comments (7) on “ཇག་ཚོགས་སྤྲིངས་པ།”

  1. དགའ་ལྡན་ says:
    2012-04-12 at 1:24 pm

    ངས་པོའི་རྒྱལ་མཚན་ལགས་ཁྱེད་ཀྱི་རྩོམ་ཡིག་ཁྱད་དུ་འཕགས་པ་ཞིག་བྲིས་འདུག ཧ་ཧ། ཧ་ཧ། ཧ་ཧ།
    དཔེ་འདི་
    ༼སྲིན་བྱ་མགོ་ལེབ་ལ་ཁྱེད་ཀྱི་མགོ་ལེབ་ལེབ་རེད་འདུག གང་བྱས་སམ་ཞེས་བྲིས་དུས་ཁོས་བླ་མའི་ཕྱག་དབང་ཞུ་ཡག་མང་དྲགས་ནས་རེད་ཅེས་ལན་བཏབ། དེ་ནས་ཁྱེད་ཀྱིས་རྣ་བ་འོན་པ་རེད་འདུག་གང་བྱས་སམ་ཞེས་བྲིས་དུས། ཁོས་ཆོས་སྒྲ་རྣ་བས་མི་ཐོས་ཙང་རེད་ཅེས་ལེན་བཏབ། ཁྱེད་ཀྱི་མིག་སེར་པོ་རེད་འདུག་གང་བྱས་སམ་ཞེས་དྲིས་དུས་ཁོས་ངས་མར་ཁུ་མང་པོ་བཏུང་ཙང་རེད་ཅེས་ལན་བཏབ།༽ཞེས་པ་འདི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་སྦྱར་ན་དཔེ་མི་སྲིད་པའི་ལན་པོ་འདུག ༸གོང་ས་མཆོག་གི་ཕྱག་དབང་ཞུ་ཡག་མང་དྲགས་པ་དང་ཆོས་སྒྲ་རྣ་བས་ཐོས་ཡས་མང་དྲགས་ནས་རླབས་ཆེན་ཚོགས་པ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚོས་བསག་བསག་གྲུང་གྲུང་བྱས་པའི་སྤྱི་རྒྱུ་བེུད་ལྷན་ཚོགས་ཀྱི་ཚོགས་དངུལ་འབུམ་གཉིས་སྲིན་བྱ་མགོ་ལེབ་པ་ཁོས་མར་ཁུ་བཏུང་བཏུང་བཞིན་ཀི་ཏི་སྒྲོལ་དཀར་ལྷ་མོས་བཟས་འདུག འདི་རིང་བོད་ཀྱ་བང་ཆེན་གསར་འགོད་པ་སོགས་གསར་འགོད་པ་མང་པོ་ཞིག་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཡུལ་དུ་ཚོགས་དངུལ་གང་དྲས་བཟས་སྐོར་སྐད་ཆ་འདྲི་རུ་སླེབས་སོང་། ཡིན་ནའི་རྒྱུན་ལས་ཚོས་ཚེས་ ༡༦ ལ་ཚོགས་ཆེན་ཚར་གྱི་ཡོད་དེ་རྗེས་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་གྱི་ཡིན་ཞེས་ལན་བརྒྱབ་པ་ང་རང་རང་གིས་གོ་ཐོས་བྱུང།

  2. ཚེ་བསམ་ says:
    2012-04-13 at 2:21 am

    ངས་པོ་ལགས་ད་དུང་ཡོད་

    ཡངདེའི་ཚེ་༸གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་དེ་ཉིད།
    ཡུལ་རྡ་རམ་ས་ལ་ཞེས་པ་ན་འཁོར་འབུམ་ཕྲག་མང་པོ་དང་ལྷན་གཅིག་ཏུ་བཞུགས་ནས།
    འཛམ་བུ་གླིང་གི་མི་མང་དུང་ཕྱུར་མང་པོ་ལ་ཆོས་བསྟན་ཅིང་བཞུག་པའི་ཚེ།
    ཤར་ཕྱོགས་པེ་ཅིང་གཞུང་གི་གཞུང་འཛིན་པ་རྣམས་ང་རྒྱལ་དང་འགྲན་སེམས་ཀྱིས་མ་བཞག་པར།
    གཤེན་པ་ལག་དམར་བ་ཧུའུ་ཅིང་ཐོའོ་ཡིས་གཙོས་པའི་གཞུང་འཛིན་པ་རྣམས་དང་།
    མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་ཏིལ་འབྲུ་ཙམ་ཡང་མེད་པའི་བོད་པའི་རྒྱུག་ཁྱི་རྣམས་དང་།
    ལྷན་གཅིག་ཏུ་འདུས་ནས་མི་གསོད་ལག་དམར་བ་ཧུའུ་ཅིང་ཐོ་ཡི་འདི་སྐད་ཅེས་སྨྲས་སོ།།
    ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་བརྟན་བརླིང་ལ་ཁ་གཡར་ནས་བོད་ནང་གི་བོད་ཞན་ཅན་རྣམས་བསོད་དོ།
    བོད་ཕྱི་ལོགས་སུ་ཡོད་པའི་བོད་པ་རྣམས་ལ་ང་ཚོས་ཚོར་བ་ཟབ་པའི་དཀྲུག་ཤིང་འཕེན་ནོ།།
    འདི་བསྐད་ཅེས་སྨྲས་པ་དང་གཞུང་འཛིན་པ་རྣམས་དང་བོད་པའི་རྒྱུག་ཁྱི་ཆེ་འབྲིང་ཆུང་གསུམ་ནས།
    རྫུན་གཏམ་དང་གཡོ་རྒྱུར་བྱང་ཆུབ་པའི་མི་གསོད་ལག་དམར་ཧུའུ་ཅིང་ཐོའོ་ཡི་གསུང་ལ་མངོན་པར་བསྟོད་ནས་
    ཡིག་རྨོངས་སེལ་ཙམ་གྱི་རྒྱུག་ཁྱི་འགའ་ཞིག་ཀྱང་ཡུལ་རྡ་རམ་ས་ལར་ཡོང་ནས་ཁ་འཐེན་ནས་རྐུབ་ནང་ལ་སླེབས་ཐབས་ཀྱང་བྱས་སོ།།

  3. དགའ་ལྡན་ says:
    2012-04-13 at 2:59 am

    དངོས་གནས་ཡིག་རྨོང་སེལ་ཙམ་རང་རེད་འདུག ཧཧཧཧཧཧཧཧཧཧཧཧཧཧ

  4. དགའ་ལྡན་ says:
    2012-04-13 at 3:00 am

    དངོས་གནས་ཡིག་རྨོང་སེལ་ཙམ་རེད་འདུག ཧཧཧཧཧཧཧཧཧཧཧཧཧཧཧཧ

  5. དགའ་ལྡན་ says:
    2012-04-13 at 3:02 am

    དངོས་གནས་ཡིག་རྨོང་སེལ་ཙམ་རེད་འདུག ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  6. ངས་པོ་རྒྱལ་མཚན། says:
    2012-04-13 at 3:13 am

    རྩོམ་སྒྲིག་པ་ལགས་ཇག་ཚོགས་ལ་སྤྲིངས་པ་ཞེས་ལ་ཞིག་སྣོན་རོགས་གནང་།

  7. ཚེ་བསམ་ says:
    2012-04-13 at 5:22 am

    ཁ་འཐེན་ནས་རྐུབ་ནང་ལ་སླེབས་ཐབས་ཀྱང་བྱེད་དོ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme