Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་རྙོག

Posted on 2010-03-292010-03-29 By དགེ་རབ་ 18 Comments on མགོ་རྙོག

བློ་གྲོས་བརྟན་པ།
————-
ཉེ་ཆར་སྐུ་འབུམ་ཨ་ཀྱཱ་རིན་པོ་ཆེའི་རང་རྣམ་འབྲུག་སྐད་ཞི་བའི་ཁ་བ་ཟེར་བ་ཞིག་དབྱིན་ཡིག་ཐོག་ཐོན་ཚུལ་གྱི་གླེང་སློང་མང་དུ་བྱུང་ཞིང་།   དེའི་ཚིག་དང་དོན་གྱི་ཆ་ལ་དྲ་ཐོག་ནས་བསྟོད་སྨད་སྣ་ཚོགས་དང་བདེན་རྫུན་གྱི་སྐད་ཆ་མང་པོ་བྱས།   འོན་ཀྱང་དེབ་དེ་ལག་སོན་མ་བྱུང་བས་ཁོ་བོས་དཔྱད་བརྗོད་གང་ཡང་བྱས་མེད།   སྟབས་ལེགས་པ་ཞིག་ལ་དེ་རིང་བོད ་བསྒྱུར་བྱས་པའི་ཤོག་ལྷེ་དུམ་ཅིག་ལག་སོན་བྱུང་བ་ལ་སྐར་མ་ལྔ་ཙམ་གྱི་རིང་ཁྱུག་བལྟ་ཞིག་བྱས་པས་དངོས་གནས་མགོ་རྙོག་པོ་ཞེ་དྲག་བྱུང་།   ཤོག་ངོས་༡༩ལས་མེད་ན་ཡང་མགོ་རྙོག་ཧ་ཅང་ཆེ་བ་ནི།   དཔེར་ན།   ཤོག་ངོས་༡༡པར།   སྐུ་གོང་མའི་མཛད་པ་གླེང་སྐབས།  སྟབས་མ་ལེགས་པ་ཞིག་ལ་ལོ་རབས་བཞི་བཅུའི་མཇུག་ཙམ་ལ་ཁོང་དགོངས་པ་རྫོགས་ཤིང་།  ཞེས་བྲ ིས་པ་དང་།   ཤོག་ངོས་༡༩པར།   ཕྱི་ལོ་༡༩༥༠ལོར་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་སྐུ་འབུམ་དགོན་དུ་བཞུགས་ཡོད་པས་སྐབས་དེར་ཁོང་རིན་པོ་ཆེ་གཙོ་བོར་གྱུར་པའི་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དང་གཞན་རྒྱ་ཡག་རིན་པོ་ཆེ་སོགས་བླ་ཆེན་ཁག་ཅིག་གདན་ཞུས་ཀྱིས་མེ་ཏོག་དཀར་དམར་སེར་གསུམ་རྣམ་པར་བཞད་པའི་ཏོ་ལོན་ནོའུར་འབྲོག་པའི་རྩ་ཐང་དུ་ཆིབས་བས ུ་རྒྱ་ཆེར་ཞུས།   ཞེས་པ་གཉིས་ལ་ནང་འགལ་ཆེན་པོ་ཡོད་དེ།     ལོ་རབས་བཞི་བཅུའི་མཇུག་ཙམ་ལ་དགོངས་པ་རྫོགས་ཡོད་ན་༡༩༥༠ལོར་གདན་ཞུ་བྱེད་རྒྱུ་ཞིག་མེད་ཅིང་།
ཡང་གོང་གསལ་གྱི་ཕྱི་ལོ་༡༩༥༠ལོར་ཨ་ཀྱཱ་སྐུ་ཕྲེང་བདུན་པ་སོགས་ཏོ་ལོན་ནོའུར་གདན་ཞུ་བྱས་ཚུལ་དང་།   ཤོག་ངོས་༩པར།   མཚམས་འདིར་ང་རང་སྐྱེས་དུས་སྐོར་གྱི་གནས་ཚུལ་ཅུང་ཙམ་ཞིག་ཞུས་ན།    དེ་ཡང་ཕྱི་ལོ་༡༩༥༠ལོའི་བོད་ཟླ་༨པའི་ཚེས་ཉི་ཤུ་གཅིག་ཉིན་གྱི་སྔ་དྲོ་སྐྱེས་པ་རེད་ཟེར་གྱི་འདུག་ཟེར་བ་གཉིས་ལ་ཡང་ནང་འགལ་ཚབས་ཆེ་བ་ནི།   གལ་ཏེ་སྐ ུ་གོང་མ་དེ་༡༩༥༠ལོའི་ཟླ་བ་༡པོའི་ནང་ཏོ་ལོན་ནོའུར་ཕེབས་ཤིང་དེ་ནས་འཕྲལ་དུ་འདས་པ་ཡིན་ན་མ་གཏོགས།   སྐུ་གོང་མའི་སྤྲུལ་སྐུ་ཞིག་བོད་ཟླ་༨པའི་ནང་འཁྲུངས་ཐབས་མེད་པ་དང་།

ད་དུང་གལ་ཏེ།  ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་དེབ་དྲུག་པའི་ཤོག་ངོས་ ༤༡༥དང་༤༡༦པར།
མཚན།  ཨ་ཀྱཱ་བློ་བཟང་ལུང་རྟོགས།
འཁྲུངས་ཡུལ།   མཚོ་སྔོན།
འཁྲུངས་ལོ།   ༡༩༡༠
འདས་ལོ།  ༡༩༤༩
འདི་པ་སྐུ་འབུམ་ཨ་ཀྱཱ་སྐུ་ཕྲེང་དྲུག་པ་ཡིན་ལ།   མཚན་ཡོངས་རྫོགས་ལ་ཨ་ཀྱཱ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད།   ཟེར་བ་འདི་བདེན་པ་ཡིན་ན།   ད་ལྟའི་ཨ་ཀྱཱ་འདིས་རང་ཉིད་ཨ་ཀྱཱ་སྐུ་ཕྲེང་ག་ཚོད་ཡིན་ཡང་ཤེས་མི་འདུག་སྟེ།    གོང་བཤད་བོད་བསྒྱུར་མའི་ཤོག་ངོས་༡༠པར།   ངའི་སྐུ་གོང་མ་ཨ་ཀྱཱ་སྐུ་ཕྲེང་བདུན་པ་བླ ོ་བཟང་བསྟན་པའི་རྒྱལ་མཚན་ཞེས་བྲིས་པ་དང་།   ཤོག་ངོས་༨པར།   དེ་ནས་དཀར་ཞིང་གཙང་བའི་ཁ་བཏགས་གཉིས་བླངས་ནས་ངའི་ཕ་མ་གཉིས་ཀྱི་མགུལ་དུ་སྒྲོན་པ་དང་།  བཀྲ་ཤིས་པའི་སྨོན་འདུན་དང་བཅས་ཨ་ཀྱ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་དེ་ཁྱེད་རང་ཚོའི་ནང་དུ་འཁྲུངས་འདུག་ཅེས་གསུངས།  ཞེས་བྲིས་པའི་ཕྱིར་རོ།
ཡང་ཤོག་ངོས་ ༩ བར། ཨ་མཆོད་ཀྱིས་ཀྱང་བྱིས་པ་འདི་ལ་གཞན་དང་མི་འདྲ་བའི་མཉམ་འཇོག་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན་ད་ལོ་ནི་ལྕགས་སྟག་ལོ་ཡིན་ལ་ཁོ་སྐྱེས་པའི་ཉིན་དེ་ཡང་སྟག་གི་ཉི་མར་ཁེལ་འདུག དེ་བཞིན་ཐོ་རེངས་སྟག་དུས་སུ་སྐྱེས་དུས་སྟག་གསུམ་ཚང་བ་ཡ་མཚན་ཆེ། ཞེས་བྲིས་པ་དང་། ཤོག་ངོས་ ༨ པར་གོང་གསལ་ལྟར། དེ་ཡང་ཕྱི་ལོ་༡༩༥༠ ལོའི་བོད་ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྐྱེས་པ་རེད་ཟེར་གྱིན་འདུག་ལ། ཞེས་བྲིས་པ་གཉིས་ཀྱང་ཆེས་མི་མཚུངས་སྟེ། བོད་ཟླ་བརྒྱད་པའི་ཚེས་ ༢༡ ཉིན་ནི། འབྲུག་གི་ཉི་མ་ཡིན་པ་ལས་སྟག་མ་ཡིན་ཞིང་།
དེ་བཞིན་ཐོ་རེངས་སྟག་ལ་སྐྱེས་པ་དང་། སྔ་དྲོར་སྐྱེས་པ་ཡང་ཤིན་ཏུ་འགལ་ཏེ་ཐོ་རེངས་སྟག  ནམ་ལངས་ཡོས།   ཉི་ཤར་འབྲུག  ཉི་དྲོས་སྦྲུལ་ཞེས་སོགས་སུ་ཡོངས་སུ་གྲགས་པའི་ཕྱིར་རོ།།
ཤོག་ལྷེ་བཅུ་ཁ་ཞིག་གི་ནང་དུ་འདི་འདྲའི་བྱིས་པའི་རྩག་ཕྲུག་མགོ་ལ་འཐེན་ན་འཕོང་མི་ཁེབ་པ་དང་།   འཕོང་ལ་འཐེན་ན་མགོ་མི་ཁེབ་པའི་དཔེ་ལྟར་གྱུར་བའི་དཔྱད་མི་བཟོད་པ་མང་དག་ཅིག་འདུག་པ་ལ་བལྟས་ན་ལོ་རྒྱུས་ཧྲིལ་པོའི་ནང་དུ་ཡིད་བརྟན་ཕེར་བའི་ལེགས་བཤད་ག་ཚོད་ཅིག་ཡོད་དམ།   ཇི་ལྟར་ཡིད་ཆེས་དགོས་སམ།

རྩོམ་རིག

Post navigation

Previous Post: རང་བཙན་མཐུན་ཚོགས་ཀྱི་དྲ་རྒྱ།
Next Post: བཙན་བྱོལ་རྩོམ་རིག་གི་དབུ་འབྱེད་བསྒྲགས་གཏམ།

Comments (18) on “མགོ་རྙོག”

  1. བཀྲ་ཤིས says:
    2010-03-29 at 8:24 am

    ྷ་ཧཧཧཧཧཧཧཧཧཧཧཧ

  2. ཐེམ་ཆེན། says:
    2010-03-29 at 10:50 am

    ཡ་ཡ།   ཡང་ཨ་ལགས་ཨ་ཀྱཱའི་སྐོར་གླེང་གིན་འདུག་ཀ   ཁ་བརྡ་འདི་ངོ་མ་ཁ་བརྡ་བྱེད་ས་རེད་ཡ།   ངས་ཨ་ཀྱཱ་རིན་པོ་ཆེའི་སྐོར་གང་ཡང་ཤེས་ཀྱི་མེད་མོད།   ཁོང་གིས་དེངས་སྐབས་གང་སར་རང་རྣམ་སྐོར་ལ་གཏམ་བཤད་བྱེད་ཀྱིན་འདུག་ཟེར།   ད་དུང་ཁོང་གིས་སྐད་ཡིག་ལྔ་དྲུག་ཙམ་ཤེས་ཟེར་གྱིན་འདུག་པ་བདེན་ནམ།   ང་བོད་ན་ཡོད་དུས་ཨ་ཀྱཱ་སོག་རིགས་ཡིན་པ་ཐོས་མ་མྱོང་མོད།   དེངས་སྐབས་ཁོང་གིས་སོག་པོ་ཡིན་ཟེར་གྱིན་འདུག་པས་དེའི་རྒྱུ་མཚན་གྲ་དྲོགས་སུས་ཤེས་ན་ཅུང་ཟད་གསུང་རོགས་ཞུ།

  3. ཀརྨ་རྡོ་རྗེ་ says:
    2010-03-29 at 11:52 am

    འབྲུག་གི་ཞི་བའི་ཁ་བས། །ཨ་ཀྱྰ་རྙོག་དྲའི་མགོ་རྙོག །

  4. ཤེས་རབ་སེང་གེ says:
    2010-03-29 at 12:22 pm

    འབྲུག་གིས་ཁ་བ་མ་ཞུ།།   ཁ་བས་འབྲུག་རྒན་བཞུས་སོང་།   ཧ་ཧ་ཧ་ཧ་ཧ།

  5. གཞོན་ནུ་ཟླ་མེད says:
    2010-03-29 at 12:38 pm

    ངས་བསམ་ན་དེ་ཨ་རྒྱ་ནོར་བ་ཡིན་རྒྱུ་མ་རེད། བོད་ཡིག་འབྲི་མཁན་དྲུང་ཡིག་དེ་ནོར་བ་ཡིན་རྒྱུ་རེད། དྲུང་ཡིག་ལ་གླ་ཆ་མ་སྤྲད་ན་དེ་འདྲ་བྲིས་པ་ཡིན་རྒྱུ་རེད། སྔོན་མ་བོད་པའི་ལྷམ་བཟོ་ཞིག་ལ་ཉིན་གུང་ཁ་ལ་མ་སྤྲད་པས་ལྷམ་གྱི་རྟིང་པའི་བར་དེར་རྡེའུ་གཅིག་བཞག་པའི་སྒྲུང་ཡོད་པ་དེ་འདྲ་བྱས་པ་ཡིན་རྒྱུ་རེད། རིན་པོ་ཆེ་ནི་མཛད་བྲེལ་ཆེན་པོ་རེད་པ། ཞུ་དག་ཡིག་འབྲུ་རེ་རེ་ནས་གཏོང་ཁོམས་ཡོད་ཀྱི་མ་རེད། དག་ཡིག་གསར་སྒྲིག་གསར་བ་བཟོས་པ་དེར་བལྟས་ན་ཐོ་ཅོ་ཆེན་པོ་རེད། དག་ཡིག་གསར་སྒྲིག་ནི་སྡེ་ཚ་དགོན་པའི་ཨ་ཁུ་བསམ་གཏན་གྱིས་བྲིས་པ་རེད། འོན་ཀྱང་དེའི་སྐོར་གཏན་ནས་མེད་པར་རྩོམ་སྒྲིག་པ་ཐ་ལ་ཐོ་ལེ་སྐོར་ཟིག་བྲིས་ནས་བཞག་འདུག དེ་ཚོ་རྗེས་མ་ཁྲིམས་ཐོགས་ནས་ཞིབ་བཤེར་བྱས་ན་ཁེགས་ཙམ་མེད་འགྲོ་བསམ། རྒྱུ་མཚན་ད་ལམ་གྱི་ཁོང་ཚོས་སྒྲིག་པ་དེའི་ནང་དུ་ཆོག་མཆན་མེད་པར་པར་བཤུས་བྱེད་མི་ཆོག་གསུང་འདུག ཁོ་ཚོ་ལ་ཆོག་མཆན་སུས་ལག་ནས་རེག་པ་རེད། རང་གིས་བརྐུ་བཤུས་བྱེད་ཆོག་ན་གཞན་ལ་བཤུ་མི་ཆོག་ཟེར་ན་དེ་འདྲའི་དགོད་བྲོ་བོ་ཞིག་ག་ལ་ཡོད།

  6. ཐེམ་ཆེན། says:
    2010-03-29 at 1:21 pm

    གྲོགས་པོ་གཞོན་ནུ།

    ཁྱོད་ཀྱིས་ཇི་ལྟར་བྱས་ནས་ཨ་ཀྱཱ་རིན་པོ་ཆེས་དྲུང་ཡིག་ལ་གླ་ཆ་མ་སྤྲད་པའི་གནས་ཚུལ་ཤེས་སོང་།   ངས་བལྟས་ན་དེ་འདྲ་ཨེ་ཡིན་ནམ་བསམ་དྲན་གི   རྒྱུ་མཚན་རིན་པོ་ཆེ་ཁོ་རང་བོད་སྐད་བོད་ཡིག་གཞིར་བཞག་ཐོག་གཞན་པའི་སྐད་ཡིག་གསུམ་བཞི་ཙམ་ཤེས་ཀྱིན་ཡོད་ན།   དམིགས་བསལ་བོད་སྒྱུར་བྱེད་མཁན་དགོས་ཀྱི་མ་རེད་སྙམ།   གལ་ཏེ་གཞན་གྱིས་བསྒྱུར་བ་ཡིན་ན་དེ་ལ་གླ་ཆ་མི་སྤྲོད་མཁན་ཞིག་ཨེ་ཡིན་ནམ།
    ཨ་ཀྱཱ་རིན་པོ་ཆེའི་ཚོགས་པ་ནས་དག་ཡིག་གསར་བསྒྲིགས་དག་བཅོས་བྱས་ནས་དག་གསར་ཟེར་བ་ཞིག་བསྒྲིགས་ཡོད་པ་དེ་ངས་ཀྱང་མཐོང་མྱོང་ལ།   དེ་ནི་ཡག་རུ་གཏོང་རྒྱུའི་ཚབ་ལ་བཙོག་ཏུ་བཏང་འདུག་པས་ཁྱེད་ཀྱིས་བཤད་པར་རྒྱབ་སྐྱོར་ཡོད།   ད་དུང་ཁྲིམས་ཐོག་ནས་བཤད་ན་བསྒྱུར་བཅོས་ཆོག་པའི་ཆོག་མཁན་སུས་ཀྱང་ཁོང་ཚོར་སྤྲད་མེད་པ་ཧ་ལམ་ཐག་གཅོད་བྱེད་ཐུབ།
    གང་ལྟར་ཨ་ཀྱཱ་རིན་པོ་ཆེའི་ལོ་རྒྱུས་དེ་འཚོལ་བཞིན་ཡོད།   རག་ན་མུ་མཐུད་དུ་གླེང་ཆོག ཡིན་ན་ཡང་།   ངས་ཁྱེད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད་པ་ཡག་པོ་ཤེས་མ་སོང་།   སྐབས་རེར་སྐུ་དྲག་གི་ལྟ་བ་བཟུང་ནས་ཨ་ཀྱཱ་རིན་པོ་ཆེ་ལ་བསྟོད་ཀྱིན་ཡོད་པ་འདྲ་བོ།   སྐབས་རེར་དག་ཡིག་གསར་བསྒྲིགས་དག་བསྒྲིགས་བྱས་པ་ཁྲིམས་འགལ་རེད་ཅེས་སྡུག་གིན་ཡོད་པ་འདྲ་བོ།   གང་བདེན་པ་ཡིན་ཤེས་མ་སོང་།  

  7. ཤེས་རབ་སེང་གེ says:
    2010-03-29 at 5:13 pm

    འོ་ཡ།   སྐྱེ་བ་རྗེས་མ་བོད་དུ་སྐྱེས་ན་སྐུ་དྲག་ཅིག་ཏུ་སྐྱེ་བའི་སྨོན་ལམ་འདེབས་དགོས་ཀྱི་འདུག   རང་གི་ལག་གིས་བྱས་པའི་ནོར་འཁྲུལ་ཡང་འགག་ལ་ཐུག་གཡོག་པོ་ཚོའི་སྟེང་དུ་གཡུག་ཆོག་ནི་རེད།   མི་འདི་ཚོས་གནམ་སྡིབ་ཏུ་བཅུག  ས་རལ་དུ་བཅུག་ན་ཡང་ད་དུང་མཛད་པ་ཡིན་པས་ལོག་ལྟ་བྱེད་རྒྱུ་ག་ལ་ཡོད།   ལྷག་ཏུ་གཞོན་ནུ་ཟླ་མེད་ཅན་པོ་གཟུ་བོར་མི་གནས་པ་དང་རང་ཚུགས་མེད་པ་གར་ཁྲིད་ཀྱི་ཕྱོགས་ཞེན་པ་ཚོས་རྒྱབ་སྐྱོར་ཡོད་བཏང་ན་ད་མི་འདི་ཅན་པོ་ལ་སྐྱོན་ཞིག་བཙལ་ན་རྙེད་རྒྱུ་མེད་ཡ།   སྐྱག་པ་ཞིག་བཏང་ཡང་བཟང་དྲུག་གི་དྲི་མ་བྲོ་བར་མ་ཟད་ད་དུང་ནང་ན་གསེར་ཀྱང་སྒྲུག་རྒྱུ་ཡོད་རབས་བཤད་ཀྱི་རེད།  

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-29 at 5:33 pm

    བློ་གྲོས་བརྟན་པ་ལགས་ནས་དགོངས་ཚུལ་གསུངས་བ་ཡག་པོ་རེད།
    འོན་ཀྱང་། དེབ་དེ་ད་ལྟ་བོད་ཡིག་ཏུ་དཔར་བསྐྲུན་བྱས་ཚར་ཡོད་མ་རེད། དཔར་བསྐྲུན་བྱེད་འགྱུར་རེད། ཁྱེད་ཀྱིས་ལག་སོན་བྱུང་བ་དེ་ཡང་ལེའུ་དང་པོའི་འགྱུར་དེ་རེད་འདུག་དྲན། ཨ་ཀྱཱ་རིན་པོ་ཆེ་ནས་ཀྱང་འགྱུར་དེ་ངོ་ཤེས་དེ་འདྲར་ཞུ་དག་གི་སླད་དུ་སྤྲད་ཡོད་ཚུལ་ཞིག་ཀྱང་གོ་ཐོས་བྱུང་། གང་ལྟར། བོད་ཡིག་གི་ལེའུ་དང་པོའི་འགྱུར་དེ་དཔར་བསྐྲུན་མ་བྱས་སྔོན་ལ་ཞུས་དག་ཐེངས་ཁ་ཤས་འགྲོ་གི་རེད་དྲན། ཁྱེད་ཀྱི་དགོངས་ཚུལ་དེས་ཀྱང་བོད་ཡིག་གི་་ཞུས་དག་ལ་ཕན་ཐོགས་ཀྱི་རེད་དྲན། གཞན། བསམ་ཚུལ་གསུངས་མཁན་ཚོའི་ཁྲོད་ན་་བོད་ཡིག་གི་འགྱུར་དེ་དེབ་ཀྱི་ངོ་བོར་དཔར་བསྐྲུན་ཟིན་པའི་སྣང་བ་དེ་བཟུང་ནས་བསམ་ཚུལ་བཤད་མཁན་འདུག ཞུས་དག་མ་ཟིན་པའི་འགྱུར་གྱི་རིགས་ལ་ཆད་པ་དང་ནོར་བ་། ལྷག་པ་་སོགས་ཡོད་ཀྱི་རེད་འདོད།
    དེ་ཙམ་ཡིན།

  9. རྒྱ་ནག་ཉམས་ཞིབ་པ། says:
    2010-03-29 at 8:01 pm

    བློ་གྲོས་བརྟན་པ།

    གཅིག་།སུས་ཁྱོད་ལ་སྒེར་གྱི་མ་རྩོམ་འདི་ཕྱི་ཕྱོགས་སུ་བཀྲམས་པའི་དབང་ཆ་སྤྲད་པ་ཡིན་།ཨ་ཀྱཱ་རིན་པོ་ཆེས་སྤྲད་པ་ཡིན་ནམ་།་ཁྱེད་རང་གིས་བརྐུས་བ་ཡིན་ནམ་།རྙེད་པ་ཡིན་།ང་ཨ་ཀྱཱ་རིན་པོ་ཆེ་ཡིན་རྒྱུ་ན་།མི་འདི་་ཁྲིམས་་ལ་གཏུག་ཏེ་།རྩོམ་འཆལ་འདི་ལས་བྱུང་བའི་མི་སྒེར་གྱི་སྙན་གྲགས་ལ་གནོད་པ་དང་།དཔལ་འབྱོར་གྱི་གྱོང་གུན་ཆ་ཚང་ཁོ་ལ་ཁུར་གིན་མཇུག་རྒྱུ་ཡིན་།
    ཁྱོད་ཀྱིས་འདི་ཙམ་གྱི་འགྲོ་སྟངས་ཙམ་ཡང་ཤེས་ཀིན་མི་འདུག་གམ་།ད་དུང་ཡིན་མདོག་གི་སྐད་ཆེན་པོ་རེ་རྒྱབ་ཡོང་གིན་འདུག་།ངོ་མ་སེམས་པ་སྐྱོ་བ་ལ་།ངས་ཡང་དང་ཡང་དུ་བཤད་ཡོད་པ་བཞིན་།བོད་ཀྱི་སྨྱུག་ཐོགས་པ་འདི་ཚོས་ཁ་ནས་སྐད་ཆ་ཆེན་པོ་ས་སྟེང་མི་ཤོར་བ་རེ་ལབ་ཀྱིན་ཡོད་མོད་།དོན་གྱི་ཤེས་རྒྱ་དང་འཇིག་རྟེན་མཐུན་ལུགས་ཀྱི་འགྲོ་སྟངས་སོགས་བྱིས་བ་ལོ་བརྒྱད་ལས་ཙམ་ཡང་ཤེས་ཀྱིན་མི་འདུག་།
    གཉིས་།སྙིང་རྗེ།ཧོར་འཇིག་གི་དཔེ་དེབ་དྲངས་ཏེ་ཨ་ཀྱཱ་རིན་པོ་ཆེའི་ཟིན་ཐོ་ལ་དོགས་སློང་ཙམ་བྱ་བཞིན་པ་འདི་ཁྲོན་སྤལ་ཞིག་དང་མཚུངས་།ཨ་ཀྱཱ་རིན་པོ་ཆེའི་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར་ཤེས་འདོད་ན་།ཀུན་མཁྱེན་འཇིགས་མེད་དཔང་བོའི་སྐུ་འབུམ་གདན་རབས་དང་།དེ་བཞིན་གསེར་ཏོག་སྐུ་འབུམ་གདན་རབས་ལ་ལྟོས་།དེ་ནས་དོགས་སློང་བྱས་།
    གསུམ་།ཨ་ཀྱཱ་རིན་པོ་ཆེས་བོད་ཀྱི་ལོ་རྒྱུས་བྲིས་བ་མ་རེད་།ཁོང་གི་རང་རྣམ་བྲིས་བ་རེད་།གཙོ་ཆེ་ཤོས་ཁོང་གི་མཛད་པ་མཛད་སྟངས་དང་།སེམས་ཀྱི་འཆར་ཚུལ་བཅས་།སྐུ་ཕྲེང་གོང་མ་དག་གི་རྣམ་ཐར་མ་རེད་།
    བཞི།ཁྱེད་རང་གིས་ཤོག་ལྷེ་གཅིག་ཙམ་གྱི་ནང་དུ་ནོར་འཁྲུལ་ག་ཚོད་འདུག་།ཏོ་ལོན་ནོའུར་ཞེས་ཐེངས་ག་ཚོད་དྲངས་འདུག་།་མཚོ་སྔོན་པོའི་མིང་ལ་སོག་མིང་དུ་ཏོ་ལོན་ནོའུར་ཅེས་མི་འབོད་ཅིང་།དེའི་མིང་དུ་ཁོ་ཁོ་ནོའུར་ཞེས་འབོད་།་ཏོ་ལོན་ནོའུར་ཟེར་བ་པེ་ཅིན་ཉེ་འགྲམ་གྱི་Dolon Nor ་ཟེར་བའི་མཚོ་དེའི་མིང་ལ་ཟེར་།་ཨ་ཀྱཱ་རིན་པོ་ཆེས་ཐུགས་ཉམས་མ་བཞག་པར་དེ་ལྟར་བྲིས་བ་ལ་།ཁྱེད་རང་ཡང་ཅལ་རྒྱུགས་ཀྱི་དེ་ལྟར་བྲིས་འདུག་།
    ཁྱེད་ཚོ་བསམ་བློ་གཏོང་ཤེས་ཀྱིན་མི་འདུག་གམ།

  10. གཞོན་ནུ་ཟླ་མེད says:
    2010-03-29 at 8:19 pm

    རྒྱ་ནག་གིས་དང་པོ་ཨ་མདོ་ཕྱོགས་ལ་དམག་རྒྱགས་སྐབས་ཞིག་ལ་སྣང་ར་དཔོན་པོ་ནས་མི་དམངས་ལ་འདི་འདྲ་ཞིག་གསུངས་པ་རེད། ༼ཤིང་གི་ཤིང་འཁུར་ན་ལྷ་ཁང་དང་གསེར་ཁང་། མི་ཡིས་མི་བཀུར་ནས་བླ་མ་དང་དཔོན་པོ།༽ ཟེར་ནས་གསུངས་བཤད་གནང་སྟེ་དམངས་སེམས་གཅིག་བསྡུད་བྱས་རྗེས་ཀུང་ཁྲན་ལ་ངོ་ཡ་བྱས་འདུག ངོ་ནས་བཤད་ན་ཁོའི་ངོ་ཡ་བྱེད་སའི་ས་ཆ་ཆུང་དྲག་པ་དང་འབངས་མི་ཉུང་དྲག་པའི་དཀའ་ངལ་ཡོད། ཡིན་ན་ཡང་དམག་རྒྱག་ཐེངས་ཁ་ཤས་རིང་ཕམ་ཉེས་མ་བྱུང་པས་རྒྱ་དམག་གིས་གདེང་འཇོག་ཆེན་པོ་གནང་ནས་ཀའ་ཐེ་ཝན་ཟེར་ནས་མིང་བཏགས་པ་རེད་ཟེར། དེ་ནི་དཔོན་འབངས་བསམ་པ་གཅིག་མཐུན་གྱི་སྟོབས་ཤུགས་ལས་བྱུང་བ་རེད།
    སྤྱི་བའི་དོན་དུ་བསམ་པ་གཅིག་མཐུན་བྱེད་དགོས་པ་ལས། དོན་མེད་ཀྱིས་རང་ཚུགས་ཟེར་ནས་ལྐུག་པའི་ཨུ་ཚུགས་རྐྱང་བྱས་ན་དེ་ནི་སྤྱི་སྒེར་གང་ལ་མི་ཕན་པར་མ་ཟད། གནོད་པའི་གཞི་རུ་འགྲོ དེ་འེ་རེད་ཤེས་རབ་སེངྒེ་ལགས།།

  11. ཤེས་རབ་སེང་གེ says:
    2010-03-29 at 10:12 pm

    ཨ་ཨ། རྒྱ་ནག་ཉམས་ཞིབ་པ། རྒྱ་ནག་ཉམས་ཞིབ་པ། ཕེ་ཕེ་ཕེ།
    འཇིགས་སྐུལ་བ་རྒྱ་ནག་ཉམས་ཞིབ་པའི་མིང་ཅན་ཁྱོད་ཀྱིས་བློ་བརྟན་ལ་ལན་ཕོག་རྒྱུ་ཕར་བཞག དེ་ལས་ལྡོག་དེ་ཨ་ཀྱཱའི་ཕྱོགས་བྱེད་ཁུལ་གྱིས་ཨ་ཀྱཱའི་རྐང་བ་ནས་མར་དཔག་ཚད་བཅུ་ལ་འཐེན་འདུག་པས། ཁྱོད་ཀྱིས་ཉོག་མཆན་དེ་ཨ་ཀྱཱས་མཐོང་ན་ཁོང་ངོ་ཚ་ས་རེད།

    ༼གཅིག སུས་ཁྱོད་ལ་སྒེར་གྱི་མ་རྩོམ་འདི་ཕྱི་ཕྱོགས་སུ་བཀྲམས་པའི་དབང་ཆ་སྤྲད་པ་ཡིན་།༽ཟེར་བ་འདི་ལ་ཁུང་ལུང་མི་འདུག་སྟེ། ཨ་ཀྱཱའི་ལོ་རྒྱུས་དབྱིན་དེབ་དེ་ཕྱི་ལོགས་སུ་བཀྲམས་ཚར་ཞིང་། བློ་བརྟན་གྱིས་མཐོང་བ་དེ་ནི་བོད་བསྒྱུར་མ་རེད་འདུག ཨ་ཀྱཱའི་ལོ་རྒྱུས་དེ་ཕྱི་ལོགས་སུ་བཀྲམས་རྒྱུའི་ཆེད་དུ་བྲིས་པ་མ་གཏོགས་ཉལ་ཁྲིའི་ནང་དུ་མནན་རྒྱུའི་ཆེད་དུ་བྲིས་པ་ནི་ཡིན་ཨེ་ཡོང་།

    ༼ཨ་ཀྱཱ་རིན་པོ་ཆེས་སྤྲད་པ་ཡིན་ནམ་། ཁྱེད་རང་གིས་བརྐུས་བ་ཡིན་ནམ་། རྙེད་པ་ཡིན་།༽ཟེར་བ་ཡང་སྐྱུགས་བྲོ་བའི་སྐད་ཆ་ཞིག་སྟེ། ཨ་ཀྱཱས་གཞན་གྱིས་མཐོང་བའི་ཆེད་དུ་ཤོག་བུ་དཀར་པོའི་ཐོག་ལ་སྣག་ཚ་ནག་པོས་བྲིས་པ་དེ་བློ་བརྟན་མཐོང་བ་དེ་འདྲའི་ཚབས་ཆེན་ཞིག་ཡིན་ན། འོ་ན་ཁྱོད་ཀྱིས་བློ་བརྟན་གྱི་དོགས་སློང་དེ་ལ་བལྟས་འདུག་པ་དེ། བློ་བརྟན་གྱིས་ཁྱོད་ལ་སྤྲད་པ་ཡིན་ནམ། ཁྱེད་རང་གིས་བརྐུས་བ་ཡིན་ནམ། རྙེད་པ་ཡིན།

    ༼ཏོ་ལོན་ནོའུར་ཞེས་ཐེངས་ག་ཚོད་དྲངས་འདུག་སོགས་ནས། ཨ་ཀྱཱ་རིན་པོ་ཆེས་ཐུགས་ཉམས་མ་བཞག་པར་དེ་ལྟར་བྲིས་བ་ལ་། ཁྱེད་རང་ཡང་ཅལ་རྒྱུགས་ཀྱི་དེ་ལྟར་བྲིས་འདུག་།༽ཟེར་བ་འདི་ཡང་ཆེས་ངོ་ཚ་མི་ཤེས་པ་དང་སྐྱག་དྲི་ཁ་བའི་སྐད་ཆ་ཞིག་སྟེ། ཨ་ཀྱཱས་རང་གི་ལྟེ་བ་བཅད་ཡུལ་དང་རང་ཉིད་ཚེ་གང་པོར་སྡོད་ཡུལ་ལ་མགོ་དཀར་པོ་ཆགས་ཀྱང་ད་དུང་ཐུགས་ཉམས་བཞག་མེད་ན། བློ་བརྟན་གྱིས་དེ་བས་ཀྱང་དེའི་འགན་ག་ལ་ཁུར། ད་དུང་གཅིག་བཤད་ན་བློ་བརྟན་གྱིས་ཏོ་ལོན་ནོའུར་ཞེས་བྲིས་པ་དེ་ཨ་ཀྱཱ་ཁོ་རང་གི་རང་ལུགས་གཞིར་བཟུང་བྱས་ནས་ཁོ་ལ་གོ་བརྡ་སྤྲད་པ་ཞིག་རེད་འདུག་གཱ

    ༼ ང་ཨ་ཀྱཱ་རིན་པོ་ཆེ་ཡིན་རྒྱུ་ན་། མི་འདི་་ཁྲིམས་་ལ་གཏུག་ཏེ་།རྩོམ་འཆལ་འདི་ལས་བྱུང་བའི་མི་སྒེར་གྱི་སྙན་གྲགས་ལ་གནོད་པ་དང་། དཔལ་འབྱོར་གྱི་གྱོང་གུན་ཆ་ཚང་ཁོ་ལ་ཁུར་གིན་མཇུག་རྒྱུ་ཡིན་།༽ ཟེར་བ་དེ་ནི་ཁྱོད་རང་གི་དེ་ཉིད་ཕྱི་ལོགས་སུ་སྟོན་བྱེད་ཅིག་རེད་འདུག་པས་ལན་རིན་ཡོད་པར་མ་མཐོང་མོད། གལ་ཏེ་ཁྱོད་ཨ་ཀྱཱའི་ཨ་ཕྲུག་རེ་ཡིན་ན་གོང་གི་འཇིགས་སྐུལ་དེས་ཅི་ཞིག་མཚོན་གྱི་ཡོད་དམ། བློ་བརྟན་གྱི་དཔྱད་བརྗོད་དེས་ཨ་ཀྱཱའི་མཚན་སྙན་ལ་དེ་ལྟར་གནོད་ཅིག་བསྐྱལ་ཡོད་དམ། ཨ་ཀྱཱའི་དཔལ་འབྱོར་ལ་གྱོང་གུན་དེ་ཙམ་ཞིག་ཐེབས་ཡོད་དམ། འདི་ནི་ཧ་ལམ་གཅིག་བྱས་ན་ཨ་ཀྱཱ་དང་ཨ་ཕྲུག་གཉིས་མ་གཏོགས་གཞན་གྱིས་མི་ཤེས་པའི་གསང་བ་རེ་ཡིན་ན་ཡང་ཐང་། གཞོན་ནུ་ཟླ་མེད་ཀྱིས་ཀྱང་ཨ་ཀྱཱས་གཡོག་པོ་ལ་གཡོག་གླ་སྤྲད་མེད་རབས་ཟེར་གྱི་འདུག་ག ངོ་མ་ཡ་མཚན་རེད།

    ས་སྐྱ་ལེགས་བཤད་ལས། ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར།། དམན་ལ་གནོད་བྱེད་གནོད་པར་འགྱུར།། ནགས་མེ་རླུང་གིས་སྦར་མོད་ཀྱིས།། དེ་ཡི་སྒྲོན་མེ་ཆུང་ངུ་གསོད།། ཟེར་བ་ལྟར་ཡིན་པས། བློ་བརྟན་གྱིས་དཔྱད་རྩོམ་ཉུང་ངུ་ཞིག་གིས་ཨ་ཀྱཱའི་མཚན་སྙན་དང་། ཨ་ཀྱཱའི་དཔལ་འབྱོར་ཡར་ལངས་རྒྱུ་མེད་པ་ཞིག་བྱས་ཡོད་ན་ད་ཨ་ཀྱཱ་ཡང་ཤེས་ཚར་བ་རེད། འདི་ཁྱོད་ཀྱིས་ཨ་ཀྱཱ་ལ་བསྟོད་བྱེད་ཡིན་ནམ་སྨོད་བྱེད་ཡིན།

    ད་དུང་ཁྱོད་ཀྱིས་གཅོད་མཚམས་རེ་རེ་བཞིན་ཐ་མའི་ཡི་གེ་གང་བྱུང་ཁྱད་མེད་ལ་ཚེགས་ཤད་རེ་བཞག་འདུག་པར་བལྟས་ན་དངོས་གནས་རྒྱ་ཕྲུག་ཞིག་ཡིན་ཡང་ཧ་གོ་གི་མི་འདུག སྤྱིར་ཡིག་ནོར་ཡོད་ཚད་མ་ཤེས་པར་ནོར་བའི་ངེས་པ་མེད་ཀྱང་། ཡིག་ནོར་གཅིག་ཐེངས་གང་མང་ལ་བྱུང་ན་མ་ཤེས་པར་ནོར་བ་ལས་གཞན་ཅི་ཡོད། དེས་ན་ཁྱོད་མཐར་གཏུགས་ན་བོད་ཡིག་འབྲི་ཀློག་ལ་ཡང་ད་དུང་རང་མགོ་མི་ཐོན་མཁན་ཞིག་རེད་འདུག

  12. མི་རྐང་གླིང་བུ། says:
    2010-03-30 at 9:03 am

    ༡༽ཤོག་ངོས་༡༡པར། སྐུ་གོང་མའི་མཛད་པ་གླེང་སྐབས། སྟབས་མ་ལེགས་པ་ཞིག་ལ་ལོ་རབས་བཞི་བཅུའི་མཇུག་ཙམ་ལ་ཁོང་དགོངས་པ་རྫོགས་ཤིང་། ༽ ཞེས་པའི་ལོ་རབས་བཞི་བཅུ་པ་ནི་༡༩༣༠ནང་དུ་བརྩི་དགོས་པ་འདྲ། དཔེར་ན་དུས་རབས་ཉེར་གཅིག་པ་ཞེས་པ་དེ་༢༠༠༠ནང་དུ་བརྩི་དགོས་པ་བཞིན་ནོ། དེ་ཡང་དུས་རབས་ཉེར་གཅིག་ལ་2000-2100བར་ཏེ་ལོ་ངོ་བརྒྱ་ཐམས་པ་ཡོད་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པ་ལ་1930-1940བར་དེ་ཡིན་དགོས་པ་འདུག་བསམ། དེ་ལྟར་ན་ཨ་ཀྱཱ་གོང་མ་དགོངས་པ་རྫོགས་པའི་དུས་དེ་ནི་༡༩༣༠ནང་ཡིན་པར་གྲུབ།
    ༢༽ཤོག་ངོས་༡༩པར། ཕྱི་ལོ་༡༩༥༠ལོར་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་སྐུ་འབུམ་དགོན་དུ་བཞུགས་ཡོད་པས་སྐབས་དེར་ཁོང་རིན་པོ་ཆེ་གཙོ་བོར་གྱུར་པའི་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དང་གཞན་རྒྱ་ཡག་རིན་པོ་ཆེ་སོགས་བླ་ཆེན་ཁག་ཅིག་གདན་ཞུས་ཀྱིས་མེ་ཏོག་དཀར་དམར་སེར་གསུམ་རྣམ་པར་བཞད་པའི་ཏོ་ལོན་ནོའུར་འབྲོག་པའི་རྩ་ཐང་དུ་ཆིབས་བསུ་རྒྱ་ཆེར་ཞུས།༽ ཞེས་པའི་སྐབས་དེར་ནོར་བ་ཞིག་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་ནི་༡༩༣༧ལོར་ཁམས་སྐྱེ་དགུ་མདོ་རུ་དགོངས་པ་རྫོགས་པ་རེད། འདི་རྩོམ་པ་པོ་ནོར་བ་ཡིན་ནམ། བསྒྱུར་བ་པོ་ནོར་བ་ཡིན། ཡང་ན་བཤུ་བ་པོ་ནོར་བ་ཡིན་གང་ལྟར་གཅིག་ནོར་བ་རེད། དེ་ལྟར་ན་༡༩༥༠ལོར་སྐུ་འབུམ་བཞུགས་པའི་པཎ་ཆེན་དེ་པཎ་ཆེན་གོང་མ་བཀའ་དྲིན་ཅན་བཅུ་པ་ཆོས་ཀྱི་རྒྱལ་མཚན་ཡིན་པ་གདོན་མི་ཟའོ། ཨ་ཀྱཱ་དེ་ཡང་ད་ལྟ་བཞུགས་བཞིན་པ་འདི་ཉིད་ཡིན་པ་དོན་གྱིས་གྲུབ་འདུག

    ༣༽ཤོག་ངོས་༩པར། མཚམས་འདིར་ང་རང་སྐྱེས་དུས་སྐོར་གྱི་གནས་ཚུལ་ཅུང་ཙམ་ཞིག་ཞུས་ན། དེ་ཡང་ཕྱི་ལོ་༡༩༥༠ལོའི་བོད་ཟླ་༨པའི་ཚེས་ཉི་ཤུ་གཅིག་ཉིན་གྱི་སྔ་དྲོ་སྐྱེས་པ་རེད་ཟེར་གྱི་འདུག་༽ཟེར་བ་སོགས་ཀྱང་བདེན་པ་ཡིན་ཆོག་སྟེ། ཨ་ཀྱཱ་གོང་མ་དགོངས་པ་རྫོགས་པའི་དུས་དེ་ནི་༡༩༣༠ནང་ཡིན་པར་གྲུབ། ཨ་ཀྱཱ་ཕྱི་མ་དེ་༡༩༥༠ནང་དུ་འཁྲུངས་ཆོག་པ་ཞིག་རེད།

    ༤༽ཨ་ཀྱཱའི་སྐུ་ཕྲེང་བརྩི་ཚུལ་གྱི་ཐད་དུ་ཧོར་འཇིགས་ཀྱི་དེབ་དང་མཐུན་གྱིན་མེད་པས་གང་ལྟར་གཅིག་ནོར་བ་ངེས་ལ་དེ་གཉིས་གཤིབ་བསྡུར་བྱེད་རྒྱུ་གལ་ཆེ།
    ༥༽ཡང་ཤོག་ངོས་ ༩ བར། ཨ་མཆོད་ཀྱིས་ཀྱང་བྱིས་པ་འདི་ལ་གཞན་དང་མི་འདྲ་བའི་མཉམ་འཇོག་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན་ད་ལོ་ནི་ལྕགས་སྟག་ལོ་ཡིན་ལ་ཁོ་སྐྱེས་པའི་ཉིན་དེ་ཡང་སྟག་གི་ཉི་མར་ཁེལ་འདུག དེ་བཞིན་ཐོ་རེངས་སྟག་དུས་སུ་སྐྱེས་དུས་སྟག་གསུམ་ཚང་བ་ཡ་མཚན་ཆེ། ཞེས་བྲིས་པ་དང་། ཤོག་ངོས་ ༨ པར་གོང་གསལ་ལྟར། དེ་ཡང་ཕྱི་ལོ་༡༩༥༠ ལོའི་བོད་ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྐྱེས་པ་རེད་ཟེར་གྱིན་འདུག་ལ། ཞེས་པའི་སྐོར་ན་བོད་ཚེས་ལ་ཆད་ལྷག་དང་། ལོ་ཐོའང་འདྲ་མིན་འབྱུང་བས་ངེས་པ་མི་རྙེད། སྔ་དྲོར་ཡིན་ན་ཐོ་རེངས་སྟག་གིས་དུས་མ་ཡིན་མི་དགོས་པས་དེའི་སྐོར་ལ་རྩོད་པ་མི་འདུག
    རང་རྣམ་འདི་ཉིད་དངོས་སུ་ཀློག་རྒྱུ་མ་བྱུང་ཡང་མཆན་འདི་ཉིད་རྩོམ་པ་པོའི་ངོས་ནས་ནོར་བ་ལས། ཀློག་པ་པོའི་ངོས་ནས་ནོར་བ་ཤུགས་ཆེ་བ་བྱུང་འདུག་བསམ་བྱུང་། དངོས་སུ་འགལ་བ་ཞིག་ནི་གཉིས་ཏེ། པཎ་ཆེན་སྐུ་ཕྲེང་དགུ་པ་༡༩༥༠ལོར་བཞུགས་པ་དེ་དང་། ཨ་ཀྱཱའི་སྐུ་ཕྲེང་གི་གྲངས་ཀ་མི་མཐུན་པ་འདི་གཉིས་རེད། ཀློག་པ་པོ་དང་། ཟིན་བྲིས་སྤེལ་བ་པོ་སུ་ཡིན་ཡང་ཧོལ་རྒྱུགས་མི་རུང་། རང་གི་དེ་ཉིད་མི་ཤེས་པས།། དེ་ནི་ཐུབ་པའི་ལྟ་བུ་མངོན།། ཞེས་པའི་གདམས་ངག་འདི་མ་བརྗེད་རོགས། དེས་ན་ཆེད་དུ་གོང་གི་མཆན་དེ་ལ་བསུབ་འཇུག་བྱས་པ་ཡིན།

  13. ཀརྨ་རྡོ་རྗེ་ says:
    2010-03-30 at 6:06 pm

    རང་གི་མགོ་རྙོག
    ཨ་ཀྱྰ་རྙོག་དྲའི་གོང་བུར།
    འབྲུག་ཞི་ཁ་བས་བཟོས་སོང་།
    བཀའ་ཁྲིར་བསྐོས་དགོས་ཟེར་གྱི།
    བོད་རིགས་མ་རེད་ཟེར་གྱི།

  14. ཟླ་བ་གཞོན་ནུ་ says:
    2010-03-31 at 3:36 am

    རིག་འབྱུང་གིས་བཤད་པ་དེ་བདེན་ན་རྩོམ་ཡིག་རྩོམ་འཆལ་རང་དུ་བརྩི་རྒྱུ་ཁོ་ནའོ༎

  15. རྒྱ་ནག་ཉམས་ཞིབ་པ། says:
    2010-03-31 at 6:31 am

    ཤེས་རབ་སེང་གེ་།
    སྤྱིར་བཏང་ཁྱོད་བོད་ཡིག་དང་དབྱིན་ཇིའི་ཁྱད་པར་མ་ཤེས་བ་།བླུན་པོ་ཁྱི་རྒན་གནམ་ཟུག་ཅིག་ལ་ངེད་ཀྱི་གསེར་འདྲ་བེད་སྤྱད་ནས་ལན་བཏབ་པ་གཟི་བརྗིད་ཅིག་ཏུ་བརྩིས་།ཨ་ཀྱཱ་རིན་པོ་ཆེ་དགོངས་དག་ཞུས་།སྤྱིར་བཏང་ཨ་ཀྱཱ་རིན་པོ་ཆེས་རང་རྣམ་རྒྱ་ཡིག་གི་ཐོག་ནས་བརྩམས་པ་རེད་།དབྱིན་ཇི་དང་བོད་ཡིག་ཐོག་ཏུ་ག་རེ་བྲིས་ཀྱང་སྐྱོན་ཆེན་པོ་མི་འདུག་།དེ་བཞིན་ཨ་ཀྱཱ་རིན་པོ་ཆེས་ཧོར་འཇིགས་སོགས་ཀྱིས་ལོ་རྒྱུས་འབྲི་གིན་ཡོད་པ་རེད།
    བློ་གྲོས་བརྟན་པས་ཨ་ཀྱཱ་རིན་པོ་ཆེའི་བརྩམས་པ་ཡིན་པ་ཡིན་པ་ཟེར་བའི་རྩོམ་འཆལ་ཞིག་དྲངས་ཏེ་།ཨ་ཀྱཱ་རིན་པོ་ཆེས་འདི་ལྟར་བརྩམས་འདུག་ཅེས་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱས་པ་རེད་།དེ་ཁྲིམས་འགལ་རེད་།འཛམ་གླིང་གང་གི་ཁྲིམས་ཐོག་ནས་བཤད་ན་ཁྲིམས་འགལ་རེད་།དབྱིན་ཡིག་གི་ཐོག་བྲིས་ཡོད་ན་།དེ་བཞིན་དབྱིན་ཇིའི་དཔེ་དེབ་ཐོག་ཏུ་འདི་ལྟར་གསུང་འདུག་ཅེས་དཔེ་དེབ་་དེ་དྲངས་ནས་དཔྱད་བརྗོད་བྱེད་དགོས་བ་ཤིག་ནས་།བོད་འགྱུར་མ་ད་ལྟ་པར་ཏུ་སྐྲུན་མེད་པས་།དེའི་ཚིག་ཇི་བཞིན་དྲངས་ནས་།དེ་ལ་དཔྱད་བརྗོད་བྱ་ཁུལ་བྱེད་ན་།དེ་ལ་རྐུན་མ་།ངོ་ཚ་ཁྲེལ་མེད་པ་ཞིག་གིས་མི་སྒེར་གྱི་སྙན་གྲགས་དང་།འབྱུང་འགྱུར་དཔེ་དེབ་འཚོང་བ་ལ་བསམ་བཞིན་ཏུ་གནོད་སྐྱོན་བཏང་བ་རེད་ཅེས་་འཛམ་གླིང་ཁྲིམས་གང་གི་ཐོག་ནས་ཀྱང་དག་བསྐྱེལ་བྱ་ཐུབ་།ཁྱེད་ཚོས་རྒྱ་ནག་དང་རྒྱ་གར་གྱི་ཁྱིམ་ཕྱགས་ནང་ནས་བཏུས་བའི་ངོ་ཚོ་ཁྲེལ་མེད་ཀྱི་ལུགས་དེ་དག་འཛམ་གླིང་ཁྲིམས་ལྡན་རྒྱབ་ཁག་དག་གི་ནང་སྤེལ་བསམ་ན་ནོར་བ་རེད་།ངས་ཨ་ཀྱཱ་རིན་པོ་ཆེའི་དཔེ་སྐྲུན་ཁང་ལ་ཁྱེད་ཚོའི་ཁུངས་མེད་ངོ་ཚོ་མེད་པའི་བྱ་སྤྱོད་འདི་ལབ་ངེས་ཡིན་།དེ་བཞིན་ཁ་བརྡའི་དྲ་བས་ཀྱང་རྩོམ་འཆལ་འདི་ད་དུང་འདིར་འགོད་མེད་ཀྱི་ཐུགས་བསམ་བཞེས་རོགས་ཞེས་ཞུ་བ་ལགས་།
    ངས་ཨ་ཀྱཱ་རིན་པོ་ཆེ་ཆ་རྒྱུས་དེ་འདྲ་མེ་།དབྱིན་ཇིའི་རྣམ་ཐར་ཀློག་མྱོང་།ཡག་པོ་དྲིས་འདུག་།

  16. མགོན་པོ་ཕྱག་གཉིས་པ། says:
    2010-03-31 at 1:43 pm

    ཨ་ཀྱྰ་རིན་པོ་ཆེས་བརྩམས་གནང་བའི་དབྱིན་དེབ་དེ་བཀླགས་པ་ཡིན། རྒྱ་ནག་དང་བོད་དོན་ཉམས་ཞིབ་པ་རྣམས་ཀྱིས་མིག་གིས་མ་མཐོང་ཞིང་རྣ་བས་མ་གོ་བའི་གནས་ཚུལ་ཡང་མང་པོ་འདུག རྒྱལ་སྤྱིའི་ཐོག་རྒྱ་གཞུང་གི་གསང་གནས་སྐོར་ཞིག་གི་གདོང་འབག་དམར་རྗེན་དུ་ཕྱེས་འདུག དེབ་འདི་འདྲ་ནི་ལོ་རྒྱུས་དང་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་སྐུལ་ལ་མཚོན་ན་བདེན་དཔང་དུ་དྲངས་འོས་པའི་དཔེ་དེབ་གལ་ཆེན་པའི་གྲས་སུ་འཇོག་ཆོག་པ་འདུག་སྙམ།
    ཨ་ཀྱྰ་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱི་ངན་ཉྭ་ལ་འཇུ་མཁན་བོད་ཕྱི་ནང་གཉིས་ཀར་ཡོད་པས་དེ་རིགས་ལ་གཟབ་པར་འཚལ།

  17. རྒྱ་ནག་ཉམས་ཞིབ་པ། says:
    2010-03-31 at 2:04 pm

    མགོན་པོ་ཕྱག་གཉིས་བ་།
    དེ་དེ་བཞིན་དུ་འདུག་།ལྷག་པར་ཏུ་ཡང་སྲིད་ཀྱི་སྐོར་ལ་གསང་གནས་མང་པོ་ཤིག་ཕྱིར་བཏོན་འདུག་་སྙམ།རྒྱ་གཞུང་གིས་གསེར་བུམ་གྱི་ནང་དུ་རས་སྟེགས་ཤིག་བཞག་ཏུ་བསམ་བཞིན་དུ་རྒྱལ་མཚན་ནོར་བུ་ཐོན་ཏུ་བཅུག་པ་དེ་བོད་ཀྱི་ཆོས་ལྡན་རྣམས་ཀྱིས་ཤེས་དགོས་བའི་རྒྱུ་མཚན་གལ་ཆེན་ཤིག་རེད་སྙམ་།ང་ཚོ་བོད་ལ་བླ་མ་དང་།སྤྲུལ་སྐུ།དེ་བཞིན་དཔོན་པོ་མིང་བཏགས་པ་མང་པོ་རེད།ཡིན་ནའང་རྒྱུ་དང་ལོངས་སྤྱོད་ཆ་ཚང་ས་ལ་གཡུགས་ཏེ་བཙན་བྱོལ་ཏུ་ཕེབས་པ་ཨ་ཀྱཱ་རིན་པོ་ཆེ་ཤིན་ཏུ་ནས་ཉུང་ཤས་མ་གཏོགས་མེད།རིན་པོ་ཆེ་ཇི་སྲིད་དུ་འགྲོ་བ་ཐམས་ཅད་རྗེས་སུ་བཟུང་ཏེ་།བཞུགས་པར་མཚལ་ཞེས་ཞུ་བ་ལས་གཞན་ཅི་ཡང་མེད་།
    འགན་ཁུར་མེད་པའི་ཁྱི་རྒན་གནམ་ཟུག་ལ་འདི་ཚོ་ལ་དོ་སྣང་མ་བྱེད་།རང་ནོར་བ་ཤེས་ཡང་ནོར་འདུག་ཅེས་ཁས་ལེན་བྱ་ཐུབ་པའི་སྙིང་སྟོབས་ཀྱང་མེད་།ཁོ་ཚོའི་མི་ཚེའི་ཁྱིའི་མཉམ་དུ་སྐྱེལ་བ་རེད་ཡང་།མཆུ་ཁར་ཁྱིའི་རྔ་མ་ལག་ཏུ་ཤི་རྒྱུ་ལས་གཞན་ཅི་ཡང་མེད།

  18. ཀརྨ་རྡོ་རྗེ་ says:
    2010-03-31 at 4:09 pm

    དངོས་ནས་བྱས་ན་ཨ་ཀྱྰའི་རང་རྣམ་ནང་ལ་དེ་འདྲའི་ནོར་འཁྲུལ་ཡོད་མི་སྲིད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme