Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་སྤྱི་གཉིས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས།

Posted on 2011-09-082011-09-08 By ཁ་བརྡ་ 7 Comments on བཀའ་སྤྱི་གཉིས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས།

འདྲེ་མགོ་རྡོ།
སྐད་ཆ་མང་པོ་བཤད་ན་མི་མང་པོའི་མཐོང་ཐོས་བསྐྱར་ཟློས་བྱས་པ་ལྟར་ཆགས་འགྲོ་བས། དོན་གྱི་མདོ་རྩ་ལག་ཏུ་བཟུང་ནས་ལོ་རྒྱུས་དེབ་ཐེར་དུ་བྲིས་པ་ཡིན་ན། བོད་རྒྱལ་ཁབ་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུའི་ཁའང་བཀང་ལ་ཉེ་ཞིང་། མི་ལོ་དྲུག་ཅུའི་རིང་རྒྱ་ནག་གི་ཞལ་རས་དཀར་ནག་འཚོས་ནས་བོད་ལ་འགྲོ་ས་འདུག་ས་རེ་ཨེ་ཡོད་བལྟས། མཚམས་རེར་རང་ཉིད་རང་བཙན་གྱི་རྒྱལ་ཁབ་ཅིག་ནས་བཙན་འོག་གི་རྒྱལ་ཁབ་ཅིག་ཏུ་གྱུར་ཚུལ་སྨྲས་ཤིང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་སོགས་ནི་བཙན་འཛུལ་རང་ཡིན་པས་རྩིས་མེད་ཡིན་ཚུལ་གྱི་གནམ་ས་གཡོ་བའི་སྐད་ཆེན་པོ་རྒྱབ། ཡིན་ནའང་མཚམས་ལན་རེར་རྩིས་མེད་དང་བརྩི་མཐོང་མེད་པར་རྨེག་མེད་དུ་བཏང་ཟིན་པའི་གྲོས་མཐུན་དེའང་གཞི་འཛིན་ས་ཞིག་ཡོད་པའི་རྣམ་འགྱུར་བསྟན། གང་ལྟར་ཡར་ནུར་མར་ནུར་གྲངས་ལས་འདས་པ་ཞིག་བྱས་རྗེས།
སྐབས་བཅུ་བཞི་པ་ཟེར་བའི་སྤྱི་ལྷན་འདི་དང་ཟམ་གདོང་བླ་མ་ཟེར་བའི་བཀའ་ཤག་འདིའི་ཁ་རྗེ་དབང་ཐང་ལ་བོད་ཀྱི་ཚེ་སྲོག་ཡོངས་སུ་དབང་བར་བྱས་ཏེ་དེ་རིང་གི་ཉིན་མོར་སླེབས་པ་ན། མི་རབས་གསར་པའི་གསོན་ཤུགས་དང་ཤེས་ཡོན་གྱི་དུས་རབས་ཁད་ཀྱིས་བཞད་པའི་ཚེ་ན། བརྡ་འཕྲིན་དུས་རབས་ཀྱིས་སའི་གོ་ལའི་ཤར་ནས་ནུབ་ཏུ་སྐར་ཆ་རེའི་བར་ནས་འབྲེལ་བ་བྱེད་ཐུབ་པའི་དུས་ཚོད་ཅིག་ཏུ། བོད་རྒྱལ་ཁབ་ཟེར་བ་དེའི་བརྒྱུད་པ་བར་མ་ཆད་པར་ཡོང་བའི་ཁྲིམས་མཐུན་གྱི་བཙན་བྱོལ་བོད་གཞུང་དེས། རང་གི་མི་མང་གིས་བླ་ན་མེད་པར་ངོས་འཛིན་གནང་བའི་རང་གི་༼ གཞུང་༽དེ། རྒྱ་གར་ནག་གཉིས་ཀྱི་རྔམ་བརྗིད་དང་གདུག་རྩུབ། ཁེ་ཕན་ལ་ཞེད་ནས་རང་ཤུགས་ཀྱིས་མིང་བསྒྱུར་བྱས་སོང་། རྒྱལ་སྤྱི་དང་རྒྱ་ནག་གི་མིག་ནང་དུ་ཡོད་པའི་བོད་གཞུང་དེ་གློ་བུར་༼ སྒྲིག་འཛུགས་༽ཟེར་བ་ཞིག་ཏུ་བསྒྱུར་སོང་།
འདི་ནས་མར་རྩིས་ནས་མི་རབས་ཁ་ཤས་ཤིག་འདས་མཐའ་ན། བོད་མིར་འབོད་པ་རྣམས་ཀྱིས་འདི་ལྟར་སྨྲ་སྟེ། ” སྔོན་༧ཏཱ་ལའི་བླ་མ་ཟེར་བའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ང་ཚོའི་མི་རིགས་འདིར་འཁྲུངས་འདུག ཡིན་ནའང་དེང་གི་ཀྲུང་གོ་འདིས་བཙན་འཛུལ་ལས་ཁོང་གིས་དབུ་ཁྲིད་པའི་ང་ཚོའི་གཞུང་དེ་བཙན་བྱོལ་བ་ཆགས་འདུག བཙན་བྱོལ་ནས་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སྙིང་སྟོབས་དང་མངོན་འདོད་གཞིར་བཞག་ནས་བོད་གཞུང་གི་རྒྱུན་དེ་མུ་མཐུད་གནས་འདུག ཡིན་ནའང་༧ཏཱ་ལའི་བླ་མ་ཟེར་བ་དེ་སྐྱེས་བུ་རླབས་ཆེན་ཞིག་ཡིན་སྟབས། ཁོང་ལ་སྲོལ་རྒྱུན་ནས་ཡོད་པའི་མཚན་གནས་རྗེས་འབྲེལ་གྱི་མིང་ཙམ་གྱི་དབང་ཆ་རྣམས་དུས་རབས་ཉེར་གཅིག་པའི་ནང་ཁོང་གིས་མི་མང་ལ་རྩིས་སྤྲོད་བྱས་ཤིང་། སྐབས་དེའི་བཅའ་ཁྲིམས་སུ་གསལ་བའི་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་རྣམས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་དགོས་པའི་བཀའ་ལྕི་ལྡོག་མེད་ཕེབས་འདུག སྐབས་དེར་གཤམ་འོག་ལས་བྱེད་པས་དང་པོ་བཀའ་དེ་བློ་ཡིད་དུ་མ་ཤོངས་ཁུལ་ལ། གློ་བུར་དུ་བཀའ་གསུང་རྣམས་ལག་ལེན་བསྟར་རྒྱུར་འཚུབ་ཆ་ཞེ་དྲག་ལངས་ནས་དུས་ཡུན་ཟླ་གཅིག་དང་ཉིན་ཁ་ཤས་རིང་ལ་ཁོང་དང་ང་ཚོའི་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ་ལ་སྡུད་གསོག་རྒྱབ་འདུག” ཅེས་དང་། ཡང་ཁོང་ཚོས ” དེང་སང་ཡིག་ཆ་ལག་སོན་བྱུང་བ་དག་ལ་ཞིབ་འཇུག་བྱས་ན། སྐབས་དེར་ཚོགས་ཆེན་ཞིག་འཚོགས་འདུག དེའི་མིང་ལ་༼ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་༽ཟེར་གྱི་འདུག དེའི་སྐབས་སུ་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འོས་འགན་རྩིས་སྤྲོད་གནང་ཕྱོགས་བཅའ་ཁྲིམས་སུ་ཅི་ལྟར་གསལ་རྒྱུའི་སྐོར་ལ་རེད། ཡིག་ཆ་དག་ལ་ལྟོས་པ་ཡིན་ན་ཕལ་ཆེར་སྐབས་དེར་ཚོགས་ཆུང་ཆ་བགོས་བྱས་འདུག ཚོགས་ཆུང་ ༥ པ་ཕུད་ཚོགས་ཆུང་གཞན་རྣམས་ཀྱིས་བོད་གཞུང་གི་མིང་དེ་རྒྱུན་གནས་ཡོང་ཐབས་ལ་སྤྱི་མོས་བྱུང་འདུག་ཁར། དོན་ཚན་དང་པོའི་ནང་སྐུ་ཕྲེང་ན་རིམ་འཁོད་རྒྱུར་སྤྱི་མོས་བྱུང་འདུག ཡིན་ནའང་ཡ་མཚན་པ་ཞིག་ལ་༧ཏཱ་ལའི་བླ་མར་སྙན་གསེང་ཞུ་དུས་བརྗོད་ཚིག་དེ་དག་ལ་འགྱུར་བ་ཐེབས་འདུག དེའི་རྐྱེན་ང་ཚོའི་བོད་གཞུང་དེ་དུས་རབས་ཉེར་གཅིག་པའི་དཀྱིལ་ནས་ཡིག་ལམ་དུ་མངོན་རྒྱུ་ཉུང་དུ་ཕྱིན་པ་རེད་ཅེས་”བཀའ་མོལ་གནང་།
གོང་གི་སྒྲུང་གཏམ་བཤད་མཁན་གྱི་བོད་ཕྲུག་འདི་དག་ནི་རྒྱ་མི་ཤེས་ཡོན་ཅན་གྱི་གྲས་སུ་ཚུད་པའི་ཀྲུང་གོ་བ་རྐྱང་རྐྱང་ཡིན་ལ། ཁོ་ཚོ་ལ་མཚོན་ན་བྱུང་རབས་འདི་དག་ནི་སྒྲུང་གཏམ་ཙམ་དང་གནའ་གཏམ་ཙམ་ལས་གཞན་ཅི་གང་ལ་འང་བརྩི་ཡི་མེད།
ཀྲུང་གོ་གུང་བྲན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱང་དུས་རབས་ཀྱི་འགྲོས་དང་རྒྱ་ནག་མི་མང་གི་འཚོ་བའི་གནས་ཚད་དང་བསྟུན་ནས་འགྱུར་འགོ་ཚུགས་ཤིང་། དུས་རབས་ཉེར་གཉིས་པའི་རྒྱ་ནག་གུང་བྲན་སྲིད་གཞུང་ནི་མང་གཙོའི་བྱང་ཆ་ཚད་མཐོར་སླེབས་པའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་དེའི་ནང་དུ་འཐིམས་ཟིན་པའི་གོང་གི་བོད་ཕྲུག་འདིའི་རིགས་ཀྱིས། སོ་སོའི་མི་རིགས་ཀྱི་ལོ་རྒྱུས་ཀྱི་དབུ་ལྟ་བུ་ནི་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྱུར་འགོ་འདི་ནས་ཡིན་པར་སེམས་ཡོད་ལ། ཁོང་ཚོ་ནས་ཡར་རྩིས་ན་དེ་རིང་བར་ལོ་བརྒྱ་ཕྲག་གཅིག་ལྷག་འགོར་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་སྨྱན་སྦྱོར་བྱས་པའི་༼ ངོ་ལོག་པ་མཐར་བསྐྲོད་བཏང་བའི་ལོ་རྒྱུས་༽ཁྲོད་དུ་༧ཏཱ་ལའི་བླ་མའི་མིང་འདི་ཡང་ཡང་ཐོན་གི་ཡོད་ལ། རྒྱ་ནག་གཞུང་གིས་སྐབས་དེར་ལོ་རྒྱུས་འབྲི་སྟངས་ཀྱང་དེ་རིང་གི་༼ བོད་མིའི་སྒྲིག་འཛུགས་༽ཀྱིས་མགོ་བཅུགས་ཏེ་ལོ་རྒྱུས་གཞན་རྣམས་ལྟག་ལོག་རྒྱབ་སྟེ་བྲིས་ཡོད། དེ་ནི་རྒྱ་ནག་གི་བོད་མིའི་སྒྲིག་འཛུགས་༼ ངོ་ལོག་རུ་ཚོགས་ཤིག ༽་ཕྱི་ལོག་ཏུ་གྱར་ཚུད་ནས་ལོས་འབྲི། གང་ཡིན་ཞེ་ན་༼ བོད་གཞུང ༽ཞེས་པ་ཞིག་འབྲི་དགོས་ཚེ། སྐབས་དེའི་མི་ལ་དེང་སང་ལྟ་བུའི་མགོ་བསྐོར་གཏོང་མི་ཐུབ་ལ། བཙན་གནོན་ཀྱང་བྱེད་མི་ཐུབ། ཁོང་ཚོ་རྣམས་དེ་ལྟར་རྒྱ་ནག་གི་བོད་མི་ངོ་མར་གྱུར་ནས་འགྲོ་བཞིན་པའི་སྐབས་སུ།
རྒྱ་ནག་གི་བོད་མི་ཚོའི་མཁས་མཛངས་ནི་རྒྱ་མི་ལས་ལྡབ་འགྱུར་གྱིས་རྣོ་བས། ཡང་ཁོང་ཚོ་དག་གིས་འདི་ལྟར་སྨྲ་སྟེ། ” ༼ ངོ་ལོག་ལོ་རྒྱུས ༽་སུ་བཀོད་པའི་བོད་རིགས་རུ་ཚོགས་དེ་ནི་སྒྲིག་འཛུགས་ཆུང་ཆུང་ཞིག་མིན་པར། དེ་ནི་གཞུང་ཞིག་རེད་ལ། གཞུང་དེའི་མིང་ལ༼ བོད་གཞུང་༽་ཟེར་གྱི་འདུག ཕྱི་གླིང་པའི་དཔེ་མཛོད་དག་ཏུ་འདིའི་རིགས་ཀྱི་ལོ་རྒྱུས་མང་ཙམ་མཐོང་གི་འདུག ང་ཚོས་ལོ་རྒྱུས་འདིར་ངེས་པར་དུ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ “ཅེས་བརྗོད་སྐབས།
རྒྱ་ནག་གི་བོད་མི་ཞིག་ཨ་མ་རི་ཁར་སློབ་སྦྱོང་དུ་ཕྱིན་ནས་སླེབས་པ་དེས། ད་ཐེངས་ཀྱི་ཚོགས་འདུ་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཏུ་གཟིགས། དེས་མ་ཚད་བཙན་བྱོལ་བོད་གཞུང་ཅི་ལྟར་རྒྱ་ནག་གི་བོད་མིའི་སྒྲིག་འཛུགས་སུ་གྱུར་ཚུལ་གཟིགས་ནས། ཁོང་གིས་རྒྱ་ནག་གི་བོད་མི་ཁ་ཤས་དང་མཉམ་ཏུ། ” སྐབས་དེར་གྲོས་ཚོགས་སྐབས་བཅུ་བཞི་པ་རེད། ཁོང་ཚོས་ཚོགས་ཆེན་སྐབས་ཀྱི་མི་མང་གི་མངོན་འདོད་དང་། སྟོན་པ་ཆེན་པོ་༧རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་བའི་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་༽གསུངས་བ་དེ་ལའང་ལྟོས་མེད་ཀྱིས། ༼ བོད་མིའི་སྒྲིག་འཛུགས་༽སུ་འགྱུར་བ་བཏང་འདུག སྐབས་དེ་ནས་བོད་མི་མི་ཉུང་བ་ཞིག་གི་སེམས་ཤུགས་ཆགས། ལས་དོན་གྲ་མ་འགྲིག་པས་ང་ཚོ་དེ་རིང་གི་ཀྲུང་གོ་བ་ཡིན་ཤག་གི་བོད་རིགས་སུ་གྱུར་བ་རེད་ཅེས” བརྗོད།
ཁོང་ཚོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཟེར་བ་དེ་གཅིག་པུ་མ་གཏོགས་སྐབས་དེའི་གནས་ཚུལ་གང་དག་ནས་འགྱུར་རིམ་ལ་ཞིབ་འཇུག་བྱེད་ས་མ་རྙེད་པར་ལུས། དོན་དངོས་ཤེས་འདོད་ཀྱི་འདུན་པ་འཕྱུར་བཞིན་སྡོད་བཞིན་པ་རེད།
ཡིན་ནའང་། སྟབས་ཡག་པོ་ཞིག་ལ་རྒྱ་གར་ནེ་རུ་གཙུག་ལག་སློབ་གཉེར་ཁང་དང་རྒྱ་ནག་ལྷ་སའི་སློབ་གྲྭ་ཆེན་མོ་གཉིས་ཀྱིས་སློབ་ཕྲུག་བརྗེ་རེས་བྱེད་སྐབས། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དུ་ལྷ་སའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གཉིས་ཀྱིས་བཙུན་པ་ཟམ་གདོང་ཟེར་བའི་བོད་ཀྱི་བླ་མ་ཞིག་གི་ལོ་རྒྱུས་མཐོང་། ད་དུང་ཁོང་ཉིད་༼ བོད་གཞུང་༽ གི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བསྡད་ཚུལ་ཀྱང་མཐོང་ཁར། ༼ བོད་གཞུང༽་དང་༼ བོད་མིའི་སྒྲིག་འཛུགས༽་བར་གྱི་ཐ་སྙད་དང་ནང་དོན་བར་གྱི་འབྲེལ་བ་གསལ་བཤད་ཞུས་ནས་ཨུ་ཚུགས་དང་སྤོབས་པ་ཉམས་བསྟན་བྱས་ཞིག་ཀྱང་མཇལ་འདུག
རྒྱ་གར་གཞུང་གི་གསང་བའི་ཡིག་རིགས་དེ་དག་གི་བརྗོད་བྱ་སྒྲུང་གཏམ་བཞིན་ཆགས་ནས་ག་ལེར་ཕྱིན་ཐོན་པས། རྒྱ་ནག་གི་བོད་མི་དེ་ཚོས་རྒྱ་གར་གྱིས་སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཉར་ཚགས་བྱས་སྟངས་ལ་ཧ་ལས་ཧོན་འཐོར། རང་དབང་མེད་པར་༼ བོད་གཞུང་༽ཞེས་པའི་འཚོལ་བྱ་ཞིག་ཡོད་པར་འདུན་པ་འགོག་མེད་དུ་སྐྱེས། ཁོ་ཚོས་རིམ་བཞིན་ཡིག་རྙིང་དེ་དག་སྔོགས་སྐབས་བོད་གཞུང་གི་གཞུང་ཞབས་ཞིག་གིས་སྐབས་དེར་རྩོམ་ཡིག་ཅིག་བྲིས་པ་ལག་སོན་བྱུང་། ཁོང་གི་རྩོམ་ཡིག་དེར ” ་མིང་བསྒྱུར་དེ་མི་མང་དང་༧གོང་ས་མཆོག་གཉིས་ཀའི་དགོངས་བཞེས་ལ་མ་བསྟུན་པར་ཟམ་གདོང་བླ་མའི་མཁྲེགས་ཤུགས་ཀྱིས་ཁྱེར་མིན་དོགས་པ་བྱུང་ཚུལ་” བྲིས་འདུག་པ་མཐོང་བ་དང་། ད་དུང་གཞུང་ཞབས་རྩོམ་པ་པོ་དེ་མཐའ་མར་གནས་དབྱུང་བཏང་ཚུལ་གྱི་ཟུར་མཆན་དེའང་མཐོང་། རིམ་བཞིན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་བཙུན་པ་ཟམ་གདོང་གི་མཛུབ་མོ་གར་བསྟན་ལ་འཆོང་རྐྱང་ཡིན་པའི་གནས་ཚུལ་རྣམས་ཞིབ་ཏུ་ཤེས།
ཁོང་ཚོས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཟེར་བ་དེའི་མཐའ་མའི་སྙན་ཞུའི་ནང་ལས་ཐམ་དང་རྒྱལ་རྟགས། བོད་གཞུང་གི་མིང་ཚབ་སོགས་གང་འདོགས་བཀའ་འདྲི་ཞུས་པ་འཁོད་མེད་ཀྱང་། སྐབས་དེར་༧ཏཱ་ལའི་བླ་མས་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས༽གསུངས་འདུག་པ་མཇལ་རྗེས། ཚོགས་འདུ་གྲུབ་མཚམས་ཡང་བསྐྱར་མིང་ཅི་འདོགས་ཀྱི་སྙན་ཞུ་ཕུལ་བའི་གཤམ་འོག་གི་དགོས་དམིགས་མ་ཤེས་པར་ཧད་ནས་ལུས་ཤིང་། ཁོང་ཚོས་དེ་མ་ཐག་དོགས་སློང་བྱས་པ་ནི་བཙུན་པ་ཟམ་གདོང་གི་སྔ་མོ་ནས་ཟིན་བྲིས་བཏབ་བཞག་པའི་༼ བདེན་པ་ཉིད་རྒྱལ་གྱུར་ཅིག་༽་ཅེས་པའང་རང་འཇགས་དང་། ༼ བོད་མིའི་སྒྲིག་འཛུགས་ཀྱང་༽བཙུན་པ་ཟམ་གདོང་གི་ཡིག་ཆ་ཁག་དང་གཅིག་མཚུངས་ཆགས་ཡོད་སྟབས། ཁོང་ཚོས་དོན་དམ་༧ཏཱ་ལའི་བླ་མ་དང་བཙུན་པ་ཟམ་གདོང་གཉིས་ཀྱི་འགོ་ཁྲིད་མཐོ་ཤོས་སུ་ཡིན་མིན་ལ་དོགས་པ་སྐྱེས། ད་དུང་ཁག་ཅིག་གིས་༧ཏཱ་ལའི་བླ་མ་གཞན་གྱི་ཨུ་ཚུགས་ལ་སུན་སྣང་སྐྱེས་ནས་བཙུན་པ་ཟམ་གདོང་གི་འདོད་པ་ལྟར་བཞག་པ་ཨེ་ཡིན་ཞེས་ཀྱང་བཀའ་མོལ་གནང་།
མཐར་ཁོང་ཚོས་ཀྱང་ཁོ་བོ་ཅག་ཀྲུང་གོ་བ་རྣལ་མ་ཞིག་ཡིན་ས་མི་འགྲོ་བ་ཤེས་ཤིང་། རིགས་རུས་ཀྱི་ཁུངས་ལུང་ཡོད་པ་ཞིག་ཡིན་པའི་ཐེ་ཚོམ་གྱིས་ཕ་མེས་ཡང་མེས་འཚོལ་རྒྱུའི་ཞེ་བློ་གཏིང་ནས་འཁྲུངས་བར་གྱུར།

༢༠༡༡། ༦། ༢། ཉིན།

རྩོམ་རིག

Post navigation

Previous Post: རྡ་རམ་ས་ལར་བོད་མི་གཞོན་སྐྱེས་མང་པོ་འཕྲོ་བརླག་ཏུ་འགྲོ་བཞིན་པ།
Next Post: མཚོ་སྔོན་པོའི་ཟིན་ཐོ།

Comments (7) on “བཀའ་སྤྱི་གཉིས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས།”

  1. གསེར་འབྲུག་སྡེར་ལྔ་ says:
    2011-09-08 at 9:45 pm

    འདྲེ་མགོ་ལགས།
    མ་མཇལ་ཡུན་རིང་བདེ་མོ་ཨེ་ཡིན།
    རྩོམ་འདི་སྔོན་ཆད་ངས་རིག་མྱོང་མྱོང་འདྲ་ཞིག་འདུག་གང་ནས་འཕབས་ཤུས་བྱས་མིན་གསལ་ཁ་ཡང་མི་འདུག།
    ཉིད་ཀྱི་རྩོམ་ཡིན་ན། ཁྱེད་ཀྱི་ཚད་མའི་སྐྱེས་བུ་བཙུན་པ་ཟམ་གདོང་ཚང་དེ་ག་རེ་བྱས་པ་རེད།
    མི་འདི་ལྟ་བ་ཁེར་ཚུགས་མེད་ཁོ་ཐག་རེད།

  2. བསམ་འགྲུབ། says:
    2011-09-08 at 11:21 pm

    ཨ་ཁ་ཁ་་སྒྱུ་རྩལ་གྱི་ཆ་ནས་བཞེངས་བཞག་ཡོད་ག དཀའ་ལས་མང་ཙམ་བརྒྱབས་ཡོད་བཟོ་འདུག ཐུགས་རྗེ་ཆེ་ཞུ་བ་ལས་བསམ་ཚུལ་འདྲ་གཞན་མེད།

  3. ལྷ་མོ་སྐྱབས། says:
    2011-09-08 at 11:28 pm

    ད་ལྟ་ནི་གནའ་སྔ་མོ་དང་མི་འདྲ་བས། གནས་ཚུལ་ཇི་མ་ཇི་བཞིན་རྗེས་རབས་ཚོར་མཐོང་ཐོས་གཉིས་ཀའི་ལམ་ནས་རྙེད་ངེས་པས་ན་་དེ་འདྲ་ཞིག་བྱུང་ཚུལ་གྱི་ངག་སྒྲུང་ལྟ་བུར་མི་འགྱུར་ཁོ་ཐག་ཡིན།
    རྒྱ་ནག་གཞུང་ཡང་ནམ་ནམ་ཞར་ཞར་ལ་འདི་ལྟར་སྡོད་མི་སྲིད། ལྷག་པར་དེང་སང་བོད་དོན་དེ་རྒྱལ་སྤྱི་ཅན་དུ་གྱུར་ཚར་བས་གནའ་སྒྲུང་ཞིག་ཏུ་འགྱུར་མི་སྲིད་ལ། རེ་བ་གང་ཡང་མེད་པའི་བྱ་གཞག་ཞིག་ཏུའང་འགྱུར་མི་སྲིད། འོན་ཀྱང་འདི་འདྲེ་མགོ་རྡོས་ལུང་བསྟན་ཡིན་པས་ལྷ་གཙུག་ཕུད་ཅན་གྱིས་མ་མནན་ན་རྟེན་འབྲེལ་ལོག་ཀྱང་སྲིད། ཧ་ཧཧ་ཧ་ཧ་་་་་

  4. རིན་པོ་ཆེ། says:
    2011-09-09 at 3:54 am

    གསེར་འབྲུག་སྡེ་ལྔའམ་སྤྱི་འཐུས་རྨོག་རུ་བསྟན་པས་ཀྱང་གཞན་དུ་མཐོང་བ་ལྟར། ངས་ཀྱང་ཁ་སྔོན་བོད་ཀྱི་དུས་བབ་ནས་རྩོམ་ཡིག་འདི་མཇལ་ཚར། ཡིན་ནའང་རྒྱུ་མཚན་ཤེས་པའི་རྣམ་དཔྱོད་ཀྱི་དོགས་སློང་ལ་སྤྱི་འཐུས་མཆོག་གིས་བགྲོ་གླེང་བྱེད་རོགས། ཁྱེད་ཚོ་འགན་ཡོད་རེད། རྩ་བ་འཐམས་ནས་གླེང་ན་ང་ཚོས་ཁྱེད་ཚོའི་བཟང་ངན་དང་ཤེས་ཚད་ལ་ལྟོས་ཆོག

  5. པ་སངས། says:
    2011-09-09 at 9:57 am

    ང་ཚོའི་འོས་འདེམས་བྱས་པའི་འགོ་ཁྲིད་གྲས་ནས་བཙུན་པ་ཟམ་གདོན་ལས་འོས་མཐོ་བ་ཞིག་འདས་པ་དང་ད་ལྟ་བྱུང་མེད་ལ་མ་འོངས་པ་འབྱུང་མི་སྲིད། བཙུན་པ་ཟམ་གདོང་གིས་ལོ་ངོ་དུ་མའི་རིང་བཙན་བྱོལ་གཞུང་འདི་བྱིས་པའི་ལག་རྩེད་ལྟར་བཟོས་ཡོད་པའི་ལྟ་ཚུལ་ལ་མཐའ་གཅིག་ཏུ་མ་རེད་བརྗོད་དཀའ། ངས་བཙུན་པ་ཟམ་གདོང་ལ་བཀའ་ཁྲིའི་འོས་ཤོག་ཐེངས་གཉིས་ཀར་འོས་འཕེན་བྱས་པ་དེར། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་འོས་ཤོག་ཆུད་ཟོས་ཕྱིན་སོང་སྙམ་པའི་བློ་ཞིག་ཉིན་རེ་ནས་ང་ལ་ཚོར་སྣང་དེ་ལྟར་སྐྱེ་གི་འདུག ངས་བཙུན་པ་ཟམ་གདོང་འདི་པ་གཞུང་ལུགས་ལ་མཁས་པ་མིན་པའི་དོགས་པ་མེད་ཀྱང་། ད་སྐབས་ང་ཚོ་བྱེས་ཀྱི་སྤྱི་ཚོགས་འདི་བྱེ་མའི་ཁང་པ་བཞིན་འཇིག་འཐོར་ཉེ་བ་ཞིག་བཟོས་འདུག རྨོངས་དད་ཅན་གྱི་མི་མང་གིས་དཔུང་ཤུགས་ངོམས་ཏེ་ཚིག་རྫིག་པོས་སླར་ཡང་ལེགས་ཉེས་དཔྱད་པ་མེད་པའི་མི་མང་ཡིད་ཚིམ་དུ་འཇུག་གིན་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་བ་དང་། སྲོལ་རྒྱུན་སོ་ནམ་ཞིང་ལས་བཅས་ལ་ཞིབ་འཇུག་སྐབས་ལས་ཤོར་མི་མང་གི་གྲངས་འབོར་དང་། ཕུགས་ཀྱི་བཙན་བྱོལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལ་གཏད་བཟོ་འདི་བཟོ་མེད་པ་བཟོས་པ། ལྷག་པར་ཆབ་སྲིད་ཐོག་རང་བཙན་དང་དབུ་མ་ཞེས་མེ་ཆུ་ལྟ་བུའི་འགལ་བ་བཟོས་པ། ངོ་གསོ་པད་ལད་ཤོད་མཁན་ལ་བདག་རྐྱེན་སྤྲོད་པ་བཅས་རེད། ལས་དོན་འདི་དག་དང་འབྲེལ་བ་ཡོད་པ་མི་ཚེ་ཟམ་གདོང་ལ་དད་པ་དག་སྣང་ཡོད་དོགས་སྟོན་མཁན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས། ཨ་རིའི་དོན་གཅོད་ཐུབ་བསྟན་སྙན་གྲགས་བཅས་རེད། ཁོ་པ་ཚོ་ཕོ་རང་གིས་འཇོན་པ་མ་ཡིན་པར་བཙུན་པ་ཟམ་གདོང་ལ་པད་ལད་ཁོ་ནས་དབང་ཆ་བརྟན་སྲུང་དང་། ཐོབ་གོ་སའི་ཐོག་བསྡད་པ་ཞེ་ཅིག་རེད། བཙུན་པ་ཟམ་གདོང་གི་ཀུན་སློང་དག་མ་དག་ལ་ཡང་ང་ལ་དོགས་པ་མེད་མོད། ཁོང་ལ་དབང་ཆ་ཐོབ་རྗེས་ཁོང་གི་དཀྱིལ་འཁོར་དུ་སྐྱོན་བརྗོད་ན་ཁོང་དགའ་པོ་མེད་ལ་བརྗོད་མཁན་ཡང་ཧ་ཅང་དཀོན་པོ་ཡོད། རང་ཉིད་ཀྱིས་གང་བྱས་དཔའ་དང་རྒྱན་ཡིན་སྙམ་པའི་ང་རྒྱལ་དང་ལྡན་པའི་ངང་ནས་རང་གཤིས་སུ་ཡོད་པའི་གྲྭ་པའི་བསམ་བློས་ས་ཁང་མང་པོ་ཞིག་ཚོང་སྒྱུར་བྱས་ཏེ། ལག་དེབ་ལྗང་ཁུའི་དཔྱ་ཁྲལ་དང་སྐྱེད་ཀའི་ཐོག་ནས་མ་འོངས་བཙན་བྱོལ་སྒྲིག་འཛུགས་ལ་དཔལ་འབྱོར་ཐོག་ནས་དཀའ་ངལ་མེད་པ་བཟོས་ཡོད་ཅེས་བཤད་ཡོད་ཀྱང་། ཚོང་རའི་འཁོར་རྒྱུགས་མྱུར་བའི་དེང་དུས་ལ་བསམས་ན་དེ་ནི་ཕུགས་བརྟན་མེད་ཅིང་། ཧ་ཅང་ཚད་བཀག་ཆེ་ཞིང་གྲང་རྟོགས་ཀྱི་མ་མནར་བ་ཙམ་གྱི་བསལ་བློ་རེད། འཇིག་རྟེན་པའི་བྱ་བ་རྣམས་རྒྱ་བསྐྱེད་དགོས་ཤིང་རྒྱ་བསྐྱེད་ནས་རྒྱལ་ཁ་ལེན་དགོས། བཙུན་པ་ཟམ་གདོང་གིས་རིན་གོང་མཐོ་བའི་ས་ཁང་མང་པོ་ཞིག་རིན་གོང་ཁེ་པོའི་ཐོག་ཕམ་ཚོང་བརྒྱབ་ཡོད། འཇིག་རྟེན་གཏམ་དཔེར། བ་གསོད་པ་ལས་བཞོས་པ་དྲིན་ཆེ། ཞེས་ཤོད་སྲོལ་ཡོད་ཀྱང་བཙུན་པ་ཟམ་གདོང་གིས་བ་བསད་པ་རེད།
    མ་གཞི་རང་བཙན་འཐབ་རྩོད་བྱེད་མཁན་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་མ་འགྲིག་པའི་གནས་ཚུལ་མང་པོ་ཞིག་ཐོན་སོང་། ད་སྐབས་གཞོན་ལྷན་ལ་ཕྱོགས་གང་ས་ནས་ལྟ་སྟངས་ངན་པ་འདིའི་འགན་ཞིག་བཙུན་པ་ཟམ་གདོང་ལ་ཡང་ཡོད། བཙུན་པ་ཟམ་གདོང་ང་རྒྱལ་གྱིས་མ་བཞག་པར་གཏམ་བཤད་ཐེངས་མ་རེའི་རྒྱ་དམར་ལ་སྐྱོན་བརྗོད་བྱེད་པ་དང་ནང་ཁུལ་ལ་སྐྱོན་བརྗོད་བྱེད་པ་གཉིས་བསྡུར་ན། ནང་ཁུལ་གྱི་སྐྱོན་བརྗོད་དེ་འཇིགས་ཟིལ་ཆེ་ལ། སྡང་སེམས་ཀྱིས་ཀུན་ནས་བསླངས་ཤིང་ཚིག་རྩུབ་ཀྱི་མཚོན་ཆ་རྣོ། བཙུན་པ་ཟམ་གདོང་གིས་སྐད་ཆ་བཤད་པ་ཞིག་ལུང་དྲངས་ནས་མཇུག་བསྡུ་ན། ང་ཁྱོད་རང་ཚོས་བདམས་པས་ངས་མ་འཇོན་མ་བྱུང་བ་དེ་ཁྱོད་རང་ཚོས་ཀྱང་མ་འཇོན་མ་བྱུང་བ་རེད།

  6. གསེར་འབྲུག་སྡེར་ལྔ་ says:
    2011-09-09 at 8:49 pm

    རིན་པོ་ཆེ་ལགས།
    སྤྱི་མཐུས་རྨོག་རུ་དང་ང་གསེར་འབྲུག་སྡེར་ལྔ་གཉིས་གཞི་གཅིག་ཏུ་འཇོག་དགོས་དོན་གང་ཡིན་ནམ།
    འདི་གཉིས་ཤ་ཁ་ཁག་དང་གྲི་སོ་སོ་ཞེས་པ་ལྟར་གང་ཟག་སོ་སོ་རེད་ལ་ངས་རྨོག་རུ་བསྟན་པ་ཟེར་བ་དེ་རིག་མྱོང་ཡང་མེད།
    ཕྲན་ནི་སྐར་ལྔའི་དར་དམར་འོག་ཚར་ལོངས་བྱུང་ནས་གུང་ཁྲན་གྱིས་མི་ཆོས་ལས་འདས་པའི་མནར་གཅོད་མྱངས་མྱོང་བའི་གང་ཕྲུག་སྡར་མ་ཞིག་ཡིན་ལ་གུང་ཁྲན་ལ་ཞེན་ལོག་གཏིང་ལོག་གི་ནམ་ཡང་དགྲ་བོ་ངོ་མར་འཛིན་མཁན་དང་རང་དབང་དང་བདེ་སྐྱིད་འཚོལ་མཁན་གྱི་ས་མཐའི་ཁྱམ་པོ་བ་ཞིག་ཡིན།

  7. ལྷག་པ། says:
    2011-09-12 at 4:34 am

    པ་སངས་ཀྱིས་བཤད་པ་ཏག་ཏག་རེད། ད་དུང་ཟམ་གདོང་བླ་མས། གསར་འབྱོར་བ་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་འཁྱེར་གྱི་སྐོར་ལ་དཀའ་ངལ་བསམ་ཡུལ་ལས་འདས་པ་བཟོས་འདུག གསར་འབྱོར་བ་འགའི་སྐྱབས་བཅོལ་ལག་དེབ་ནང་། གནས་སྐོར་བ་དང་སློབ་སྦྱོང་ཞེས་འཁོད་ཡོད་པ་རྣམས་དེང་སང་རྒྱ་གར་ལས་ཁུངས་ནས་དུས་འགྱངས་ཀྱི་ས་རྟགས་བརྒྱབ་ཀྱི་མེད། ལས་ཀ་དེའི་མཇུག་བསྐྱལ་མ་སོང་། ད་དུང་དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་སྐབས། དཔེར་ན། ཟུར་གསོག་བཟོ་གྲྭ་དཔེ་སྟོན་སློབ་གྲྭ་བཟོས་ནས་མིག་གིས་མཐོང་སར་ཉམ་ཐག་མང་པོའི་ལས་ཀ་ཤོར་དུ་བཅུག་སོང་། དེ་འདྲ་མང་པོ་ཡོད། ཀོ་ལི་གྷལ་དུ་སྲོལ་རྒྱུན་སོ་ནམ་ཞིང་ལས་ལག་ལེན་བསྟར་ནས་མི་མང་ཉམ་ཐག་ལ་བརྡབ་གསིག་བཏང་སོང་། ཕྱི་རྒྱལ་གཞུང་ཚབ་ཁག་ལ་ཡི་གེ་བཏང་ནས་བཙན་བྱོལ་བོད་མི་རྣམས་ལ་ཐོང་མཆན་མི་སྤྲོད་པའི་འབོད་སྐུལ་ཞུས། དེ་ནས་སྒོར་འབུམ་མང་པོའི་འགྲོ་སོང་བཏང་ནས་ཐོང་མཆན་ཉོ་དགོས་ཐུག་པ་རེད། རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་ཡང་དག་དང་མ་དག་མ་འོངས་པའི་ལོ་རྒྱུས་ཀྱི་ཁ་གྲགས་ཀྱི་རེད། འོན་ཀྱང་ད་དེང་སང་བོད་མི་མང་པོ་ཞིག་དབུ་མའི་ལས་རང་བཙན་གྱི་ཕྱོགས་སུ་ག་ལེར་ག་ལེར་བསྙེགས་ཤིང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme