Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིའི་འོས་ཐོན་བློ་བཟང་སེངྒེ་མཆོག་གི་འབོད་སྐུལ།

Posted on 2011-07-14 By དབང་ཕྱུག་ 4 Comments on བཀའ་ཁྲིའི་འོས་ཐོན་བློ་བཟང་སེངྒེ་མཆོག་གི་འབོད་སྐུལ།

ཤར་ཕྱོགས་ཁུག་རྟས་བཤུས།

ཁེ་ཎ་སྒྲ་རུ་ཡོད་པའི་བོད་མི་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྣམ་པ་ཚང་མས་མཁྱེན་གསལ་རེད། ༧གོང་ས་མཆོག་གི་དགོངས་པ་ལྟར་ཁེ་ཎ་སྒྲ་གཞུང་ནས་ཨུ་རུ་ན་ཅལ་དུ་ཡོད་པའི་བོད་མི་སྟོང་ཕྲག་གཅིག་ཁེ་ཎ་སྒྲར་གཏན་འཇགས་སྤོ་རྒྱུར་ཆོག་མཆན་དང་རྒྱབ་སྐྱོར་བྱུང་བ་རེད། འདི་བྱུང་བའི་ཆེད་དུ་མི་མང་པོས་དཀའ་ལས་ཞེ་དྲག་བསྐྱོན་ཡོད་པ་རེད། གཙོ་བོ་ཁེ་ན་སྒྲར་ཡོད་པའི་བོད་མི་ཚོ་རེད། དམིགས་བསལ་ཁེ་ཎ་སྒྲའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལྔ། PTS བཅས་ཀྱིས་སྐུ་ལས་ཞེ་དྲག་བསྐྱོན་ནས་ཡིག་ཐོག་ཏུ་བོད་མི་སྟོང་ཕྲག་གཅིག་ཕར་འཐེན་ཆོག་པའི་ཆོག་མཆན་དེ་གྲུབ་པ་རེད།
ཡིན་ནའང་། འདི་ག་ཨུ་རུ་ན་ཅལ་ནས་བོད་མི་རིམ་པས་འབྱོར་བའི་སྐབས་སུ། རྣམ་པ་ཚོ་ལ་སྐུ་ལས་ཞེ་དྲག་ཡོང་གི་རེད། ཁོང་ཚོའི་འགྲོ་སྟངས་བསྡད་སྟངས་བཟོ་བའི་འགན་གཙོ་བོ་དེ་བོད་མི་སྤྱི་ཡོངས་ལ་བབ་ཡོང་དུས་སྐབས་ལ། ང་ཚོའི་ཐོག་ནས་འབོད་སྐུལ་ཞུ་ཡ་ལ། རྣམ་པ་ཚོའི་ངོས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་ཅི་ཐུབ་གནང་རོགས་གནང་། མཐུན་སྒྲིལ་དང་མཉམ་འབྲེལ། ཆིག་སྒྲིལ་གྱི་རྣམ་པའི་ཐོག་གནང་ཡ་གནང་གི་རེད། ཡིད་ཆེས་ཡོད། གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོའི་ཐོག་ནས་ཡིན་པ་ཡིན་ནའང་། ཁོང་རྣམ་པའི་སྐུ་ཚབ་ཁ་ཤས་མཇལ་སོང་། མཇལ་ཏེ་བཀའ་མོལ་ཞུས་རྗེས། ལོ་རྗེས་མར་ཨུ་རུ་ན་ཅལ་ནས་བོད་མི་སྟོང་ཕྲག་གཅིག་རིམ་པར་གཏན་འཇགས་ཕར་འབྱོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འབད་བརྩོན་བྱེད་ཀྱི་ཡིན། ང་ཚོའི་ངོས་ནས་ཨུ་རུ་ན་ཅལ་བོད་མི་སྟོང་ཕྲག་གཅིག་གི་ཆེད་དུ། ཁོང་ཚོར་ཕན་ཐོག་ཆེད་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན། ཞུ་དགོང་ངེས་རེད། ལྡི་ལི་བར་དུ་ང་ཚོས་མཐུན་འགྱུར་རོགས་རམ་ཞུ་ཐུབ་ཀི་རེད། ཞུ་རྒྱུའི་ཁས་ལན་ཆ་ཚང་ཡོད།
འདི་ནས་ཁེ་ཎ་སྒྲར་ཕེབས་པའི་སྐབས་སུ། ནན་ཏན་ཞུ་ཡ་ལ། ཕ་གིར་ཕྱག་ལས་མང་པོ་ཞེ་དྲག་ཡོང་གི་རེད། སྐུ་ལས་ཞེ་དྲག་ཡོང་གི་རེད། བྱས་ཙང་ནང་མིས་དང་བླང་རང་ཐོན་ནས་མི་གཅིག་ཡིན་ན། གཉིས་ཡིན་ན་ང་ཚོས་ཉར་གི་ཡིན་གསུངས་ནས་གང་ཐུབ་ཅི་ཐུབ་དང་བླང་ཐོན་རོགས་གནང་། རོགས་རམ་གནང་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོའི་ད་རེའི་ལས་དོན་ཡག་པོ་འགྲུབ་པ་ཡིན་ན། ང་ཚོས་མ་འོངས་པར་ཁེ་ན་སྒྲར་བོད་མི་གཞན་དག་གཏན་འཇགས་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་རེའི་ལས་དོན་ཚགས་ཚུད་པོ། གྲ་འགྲིག་པོ་བྱེད་རྒྱུ་དེ་ང་ཚོའི་འགན་རེད། དེ་འགྲུབ་པ་ཡིན་ན། བོད་མི་སྤྱི་ཡོངས་ཀྱིས་ལས་ཀ་ཡག་པོ་བྱས་སོང་ཟེར་ནས་ངོས་འཛིན་ཐོབ་ཀྱི་རེད། དེ་ང་ཚོའི་སྤོབས་པ་དང་སྙིང་སྟོབས་སྐྱེས་གཞི་ཆགས་ཀྱི་རེད། དེ་སོང་ཙང་ད་རེའི་ཕྱག་ལས་འདིས་མིག་དཔེ་ཡག་པོ་སྟོན་རྒྱུ་གལ་ཆེན་ཡིན་དུས། ང་ཚོའི་ངོས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་ཅི་ཐུབ་ཞུ་བཞིན་ཡོད།
རྣམ་པ་ཚོའི་ངོས་ནས་ཀྱང་། ངས་འབོད་སྐུལ་ཞུ་ཡ་ལ། ཕྱག་རོགས་གང་ཐུབ་ཅི་ཐུབ་ཞུ་ཡི་རེད་ལ། གང་ཐུབ་ཅི་ཐུབ་ཞུ་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

སྣ་ཚོགས།

Post navigation

Previous Post: རྟ་ལམ་བོང་བུས་བཀག་པ།
Next Post: ཕྱི་ ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༤ ཉིན་འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག

Comments (4) on “བཀའ་ཁྲིའི་འོས་ཐོན་བློ་བཟང་སེངྒེ་མཆོག་གི་འབོད་སྐུལ།”

  1. མིག་བརྒྱད་པ། says:
    2011-07-14 at 5:40 pm

    ཨ་རོ་ན་ཅལ་བོད་མིའི་གཞིས་སྡོད་ཉམ་ཐག་སྐྱོ་བོའི་རིགས་ལ་ཁེ་ན་ཌའི་གཞུང་གིས་གནས་སྤོ་མཐུན་འགྱུར་ཆོག་མཆན་སྤྲད་པ་དེ་བོད་མི་ཞིག་གི་ངོས་ན་བསམ་ན་དགའ་འོས་པའི་གཏམ་བཟང་རེད། འབྲེལ་ཡོད་ཚོས་ཕྱག་ལས་ཡག་པོ་ཞིག་གནང་རྒྱུ་གལ་ཆེ་ལ་གོང་ནས་བཀའ་མོལ་གནང་བ་བཞིན་ལག་ལེན་ལ་འཁྱོལ་ཐུབ་པའི་རེ་སྨོན་ཞུ།།

  2. ཀུན་མཆོག says:
    2011-07-14 at 6:14 pm

    བཀུར་ཡུལ་གསར་དུ་བདམས་ཐོན་བྱུང་བའི་བཀའ་ཁྲི་བློ་བཟང་སེངྒེ་མཆོག
    སྐུ་ཉིད་ཀྱིས་ཁེ་ན་ཌར་བོད་མི་སྐྱབས་བཅོལ་ལེན་ཕྱོགས་སྐོར་འབོད་སྐུལ་རྩོམ་ཡིག་གི་བརྗོད་བྱ་ཟབ་ཅིང་གོ་བདེར་བྲིས་གནང་བ་བཀྲིན་ཆེ། འོན་ཀྱང་ཕལ་སྐད་དུ་ཁྲིད་པའི་དག་ཆ་འགའ་ཤས་དཔེར་ན་ གནང་ཡ་གནང་གི་རེད། ཞུ་ཡ་ལ། ཟེར་བ་སོགས་ཕལ་སྐད་དེ་ཚོའི་ཐོག་ཐུགས་རྗེས་གཟིགས། དགོངས་བཞེས་གནང་རོགས་གནང་།

  3. ཉམ་ཆུང་། says:
    2011-07-14 at 11:26 pm

    རྣམ་པ་ཚོའི་ངོས་ནས་ཀྱང་། ངས་འབོད་སྐུལ་ཞུ་ཡ་ལ། ཕྱག་རོགས་གང་ཐུབ་ཅི་ཐུབ་ཞུ་ཡི་རེད་ལ། གང་ཐུབ་ཅི་ཐུབ་ཞུ་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
    འདི་ལ་གཟིགས་དང་ལྷན་རྒྱས། སུས་སུ་ལ་ཕྱག་རོགས་ཞུ་གི་ཡོད་རེད། ཞེ་སའི་ཡུལ་འཀྲུག་མི་འདུག་གས།

  4. རང་རང་དཔོན་པོ says:
    2011-07-15 at 5:15 am

    ཕལ་ཆེར་འདི་ཁྱོད་ཀྱི་ལས་ཀ་མ་རེད། ཁྱོད་ཀྱིས་རང་གི་གནས་སྟངས་ལ་ལྟོས་ནས་སྐད་ཆ་བཤད་དགོས། ཁྱོད་སུ་ཞིག་ཡིན། ཁྱོད་ལ་མི་གཞན་ལ་བཀའ་ཕེབས་པའི་འགན་ག་རེ་ཡོད། ཁྱོད་ད་ལྟ་ཟམ་གདོང་གི་རྐུབ་ལ་རྒྱུགས་ནས་ཁྱོད་ལ་ངེས་མེད་ཀྱི་ལས་ཀ་ཞིག་སྤྲད་ཡོད་པའི་སོ་སོའི་ས་ནས་འདུག་ཤེས་དགོས། མ་གཞིན་ནས་ཁྱོད་དགེ་ཆོས་ཀྱི་སྤྲུལ་སྐུ་ལ་སུས་ངེས་འཛིན་བྱས་སོང་། ཁྱོད་ནི་དངོས་ནས་ང་བླ་མ་རང་རེད། ཁ་ཙུམ་ནས་བསྡད་ན་བཟང་གི་རེད་ལོ། ཧ་ཅང་མང་ན་ཡིད་པར་འགྱུར་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme