Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། ། བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༢ ། ༤ ། ༡༢ ཉིན་གྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་གསུམ་པའི་མཛད་སྒོའི་ལས་རིམ།

Posted on 2012-04-112012-04-11 By ཤར་ཕྱོགས་ཁུག་རྟ། 20 Comments on ༄༅། ། བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༢ ། ༤ ། ༡༢ ཉིན་གྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་གསུམ་པའི་མཛད་སྒོའི་ལས་རིམ།

༡ ༽ སྔ་དྲོའི་ཆུ་ཚོད ༩། ༡༥ སྟེང་ཚོགས་བཅར་བ་ཡོངས་གདན་གྲལ་དུ་འཁོད་མཚམས། ༩།༣༠ སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུ་གནང་རྒྱུ།
༢ ༽ ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་བོད་ཀྱི་རྒྱལ་གླུ་འབུལ་རྒྱུ།
༣ ༽ བོད་བསྟན་སྲིད་ཆེད་ད་བར་ལུས་སྲོག་དོར་བ་ཡོངས་དང་སྒོས་སུ་ ༢༠༠༩ ནས་བྱུང་བའི་རང་ལུས་མེར་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་དང། བར་ལམ་རང་རེའི་ལས་འགུལ་ཁང་གི་ས་གནས་འབྲེལ་མཐུད་པ་གཉིས་སྐུ་ཚེ་མི་ཟིན་པ་བཅས་ཀྱི་ཆེད་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྨོངས་སེལ་མར་མེ་ཞལ་ཕྱེས་གྲུབ་མཚམས་སྐུ་བཞེངས་ཐོག་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུ་རྒྱུ།
༤ ༽ གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུ་རྒྱུ།
༥ ༽ དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྒྱུ།
༦ ༽ འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ནས་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ།
༧ ༽ འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་རྩིས་ཁྲ་སྙན་སྒྲོན་ཞུ་རྒྱུ།
༨ ༽ སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་སྩོལ་རྒྱུ་དང་དྲི་བ་དྲིས་ལན་གནང་རྒྱུ།
༩ ༽ དབུས་རྒྱུན་དམ་ཆོས་དཔལ་བཟང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བགྲོ་གླེང་ཚོགས་ཐེངས་གཉིས་པ།
༢༠༡༢། ༤། ༡༢། ཉིན་རྒྱབ་ཆུ་ཚོད ༡། ༣༠ ནས།
བགྲོ་གླེང་གཙོ་སྐྱོང་བ་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག

༡༽ ཚོགས་བཅར་བ་རྣམས་ནས་རང་ཉིད་ངོ་སྤྲོད་དང། དབུ་མའི་ལམ་དང་འབྲེལ་བའི་བསམ་ཚུལ་སྐར་མ་ལྔ་རེར་གསུང་བཤད་གནང་རྒྱུ།
༢ ༽ ཆུ་ཚོད ༣ ནས་སྐར་མ་ ༡༥ རིང་གསོལ་ཇ་བར་གསེང།
༣༽ དབུས་རྒྱུན་རྣམ་པ་དབུ་བཞུགས་ཐོག་ཚོགས་བཅར་བ་རྣམས་ཀྱིས་དབུ་མའི་ལམ་གྱི་ཐད་དྲི་བ་དྲིས་ལན་གནང་རྒྱུ།

བགྲོ་གླེང་ཚོགས་ཐེངས་གསུམ་པ།
༢༠༡༢། ༤། ༡༣། ཞོགས་པ་ཆུ་ཚོད་ ༩ ནས།
བགྲོ་གླེང་གཙོ་སྐྱོང་བ་དབུས་རྒྱུན་ཀརྨ་དགེ་ལེགས་ལགས།
༡ ༽ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་༼ བོད་ནང་བྱུང་བའི་རང་ལུས་མེར་སྲེག་ཐད་རྒྱ་ནག་མི་མང་དང་ཤེས་ཡོན་ཅན་ཚོས་ལྟ་སྟངས༽ ཐད་གསུང་བཤད་གནང་རྒྱུ།
༢ ༽ ཆུ་ཚོད ༡༠ ནས ༡༠།༣༠ བར་དྲི་བ་དྲིས་ལན་གནང་རྒྱུ།
༣ ༽ ༡༠།༣༠ ནས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང།
ཚོགས་འདུ་མུ་མཐུད་དེ་བགྲོ་གླེང་ཚོགས་ཐེངས་བཞི་པ།
བགྲོ་གླེང་གཙོ་སྐྱོང་བ་དབུས་རྒྱུན་སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས།
༡ ༽ ཆུ་ཚོད ༡༠ ། ༤༥ ནས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་ནས་༼ དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ལྟ་སྟངས་དང། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས ༽ཐད་བཀའ་སློབ་གནང་རྒྱུ།
༢ ༽ ཆུ་ཚོད ༡༡། ༤༥ ནས་ ༡༢། ༡༥ བར་དྲི་བ་དྲིས་ལན་གནང་རྒྱུ།

ཚེས ༡༤ ནས་ ༡༦ བར་གྱི་མཛད་རིམ་རིམ་འགོད་ཞུ་རྒྱུ་ཡིན།

གསལ་བསྒྲགས།

Post navigation

Previous Post: ཧོ་པེ་ཞིང་ཆེན་ནས་སངས་རྒྱས་ཀྱི་སྐུ ༣༠༠༠ ཙམ་གསར་རྙེད་བྱུང།
Next Post: ནགས་ཚལ་མེ་སྐྱོན་གྱི་དོན་རྐྱེན་བསླངས་པ།

Comments (20) on “༄༅། ། བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༢ ། ༤ ། ༡༢ ཉིན་གྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་གསུམ་པའི་མཛད་སྒོའི་ལས་རིམ།”

  1. གླིང་གེ་སར་ says:
    2012-04-11 at 6:17 am

    རང་གཞུང་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་རྡོག་རོལ་གཏང་ནས་རྒྱ་གར་ཁྲིམས་ཁང་ནང་རང་གཞུང་ཁྲམས་སར་སྦྱར་ནས་ལོ་གཉིས་རྗེས་མི་ངན་ཁོ་སྤྱི་རྒྱུ་སྒེར་བདག་པའི་ངོས་འཛིན་གསལབོ་ཆགས་ནའང་སྤྱི་འཐུས་རང་འཇགས་འདུག་པ་འདི་གོང་ས་མཆོག་དང་གཞིས་བྱེས་མི་དམངས་ཀྱི་བློ་གཏད་བཅོལ་ཡུལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དེ་ག་འདྲ་ཞིག་འདུག་།འུ་ཚང་ལ་མང་གཙོ་དང་དྲངས་བདེན་ཟེར་བར་དེ་ཕལ་ཆེར་མེད་ཀི་ཡ་།

  2. གངས་རིའི་ལས་དབང། says:
    2012-04-11 at 6:44 am

    དབུ་མའི་ལམ་གྱི་ལས་འགུལ་ནི་བགྲོ་གླེང་རྐྱང་རྐྱང་བྱས་ནས་སྡོད་རྒྱུ་ཨེ་ཡིན་ནམ།་་་་བོད་ཕྱི་ནང་གཉིས་ཀ་ནས་མི་ཤི་འགྲོ་གི་འདུག་་་་་རྒྱལ་ཚོགས་ནས་ཡ་ལན་ད་དུང་བྱུང་མ་སོང།་་་རྒྱ་གཞུང་ནས་མུ་མཐུད་སྲིད་བྱུས་མཁྲེགས་འཛིན་དང་འཁྱོག་བཤད་ཧམ་བརྗོད་བྱེད་མུས་རེད།་་་་་ད་དུང་དབུ་མའི་ལམ་གྱི་ཕན་ཡོན་དང་དགེ་སྐྱོན་བསྐྱར་གླེང་ཡང་གླེང་བྱས་ནས་འདུག་རྒྱུ་ཡིན་པས།་་་་་་མི་ལོ་དྲུག་ཅུ་ཕྱིན་སོང།་་་་་མི་ལོ་དྲུག་ཅུའི་རིང་བགྲོ་གླེང་བྱས་ནས་ཕྱིན་སོང།་་་་་མི་རབས་ཤིག་རྫོགས་ཐལ།་་་བགྲོ་གླེང་རྐྱང་རྐྱང་བྱས་ནས་མི་རབས་གཅིག་རྫོགས་ཐལ།་་་་བོད་མིའི་ཁྲག་རྒྱུན་གྱི་མཚོ་མོ་སྐམ་འགྲོ་གི་འདུག་་་་བོད་མིའི་ཤ་རུས་ཀྱི་རི་བོ་ཟད་འགྲོ་གི་འདུག་་་་སྐད་ཆ་རྐྱང་རྐྱང་བཤད་ནས་སྐམ་སོང།་་་་ཟད་སོང།་་་་་བཤད་པ་མི་གཙོ་བསྒྲུབ་པ་གཙོ་ཆེ་ཞེས་པའི་ཚིག་འདི་དབུ་མའི་ལམ་གྱི་ལས་འགུལ་པས་མི་ཚོར་བ་འདྲ།་་་་བསྒྲུབ་པ་ལྷུར་ལེན་གྱི་ལས་འགུལ་ག་དུས་བྱེད་རྩིས་ཡོད།་་་་་བོད་མི་བཅུ་ཕྲག་གསུམ་དང་ཉག་མ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སོང།་་་་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་གོ་རྒྱུ་ཚོར་རྒྱུ་མི་འདུག་་་་་ད་ཁྱེད་རྣམ་པས་གང་བྱེད་རྩིས་ཡོད།་་་་་ད་དུང་སྐད་ཆ་སྟོང་པ་རྐྱང་རྐྱང་བཤད་ནས་འདུག་རྒྱུ་ཨེ་ཡིན།་་་་་་དཀོན་མཆོག་མཁྱེན།་་་རྒྱལ་གཅེས་དཔའ་བོ་འདས་པོ་རྣམས་ཀྱིས་ཤི་འདུ་ཁ་ནས་མིག་བགྲད་ནས་ང་ཚོ་ལ་ཡང་ཡང་གཟིགས་བཞིན་འདུག།་་་་ང་ཚོས་ཅིག་བྱས་ན་བསམ་ནས་གཟིགས་བཞིན།་་་་ད་དུང་བགློ་གླེང་དང་ཕར་བཤད་ཚུར་བཤད་འདྲ་གནང་ནས་སྡོད་ཕོད་པ་འདུག་གམ།་་་་ཨ་རྫི།་་རྫི།་་་་ད་བོད་པ་ཚར་འདུག་་་་ངོ་མ་ཚར་པ་འདྲ།་་་་་་་དཀོན་མཆོག་མཁྱེན།་་་་

  3. བྲོ་འཚལ། says:
    2012-04-11 at 7:18 am

    ངོ་མ་དྲ་གྲོགས་གངས་རིའི་ལས་དབང་གིས་བཤད་པ་ཅིས་མ་བདེན།་་་ང་ཚོ་བོད་མི་ཚོ་འདི་ལྟར་གསོན་བསྲེག་བྱས་ནས་བཅུ་ཕྲག་གསུམ་དང་ཉག་མ་བཞི་ལ་བུད་རུང་ད་ལྟ་ད་རུང་ཕར་བཤད་ཚུར་བཤད་ཀྱི་སྟེགས་བུ་ཞིག་བཤམས་ནས་ཁ་སྦོམ་པོའི་སྐུ་ངོ་ཟེར་བ་ཁ་ཅིག་མར་འཁོར་ནས་ཉ་གེ་ཉོག་གེའི་སྐད་ཆ་གནམ་ལ་མི་ཤོང་བ་ཞིག་བཤད་ཞོར་རྐང་ལག་བཞི་པོས་བྲོ་གར་འདྲ་ཞིག་འཁྲབ་དུས་དངོས་གནས་དྲང་གནས་རང་ལུས་མེ་རུ་བསྲེག་ནས་སྙིང་རྗེ་བའི་མིག་ཟུང་རེ་བ་ཁེངས་པ་ནི་ཅི་འདྲའི་བསྲན་མི་ཐུབ་པ་ཞིག་ཡིན་ནའང་ཁོང་ཚོས་ལོ་ངོ་དྲུག་ཅུ་ལ་བཤད་ནས་གོམས་ལོབས་སུ་གྱུར་པ་དེ་ཁོ་ན་མ་གཏོགས་གཞན་ཅི་ཡང་མཐོང་གི་མི་འདུག་་་་ཨ་ཤུ་རེ་་་་ད་བོད་པ་ཚང་ཟེར་ན་ཚར་འདུག

  4. བསོད་ནམས། says:
    2012-04-11 at 7:24 am

    ཐུབ་བསྟན་ལུང་རིགས་མཁས་ཆེན་ཡིན་པས་རྒྱལ་སྤྱིའི་ནང་དབུ་མའི་ལམ་འགྲོ་སྟངས་ཤེས་ལེ་རེད།
    ཁོ་ཚོའི་ཁ་ལ་རྒྱུགས་ཚེ་བཀའ་བློན་ནས་སྤྱི་འཐུས་ཕལ་བ་ཞིག་ཏུ་ལྷུང་ཉེན་ལྟར་ཡིན།

  5. མངའ་རིས་ཕྲིན་ལས། says:
    2012-04-11 at 8:02 am

    སྤྱིར་དབུ་མའི་ལམ་ནི་གཉིས་ཕན་གྱི་ལམ་ཞིག་ཡིན་པ་དོན་ངོ་མར་གནས། དེ་ལྟ་ནའང་རྒྱ་དམར་ལྟ་བུ་རྒྱལ་སྤྱིའི་ཁྲིམས་ལ་རྩི་སྲུང་མི་བྱེད་མཁན་རྒྱལ་ཁབ་གཅིག་ལ་གཉིས་ཕན་གྱི་ཐབས་ལམ་དེ་དཀའ་བ་ཞིག་རེད། འོན་ཀྱང་དབུ་མ་དང་རང་བཙན་གང་ཡིན་ཀྱང་ཆབ་སྲིད་ཀྱི་གནད་ཤེས་པའི་ཐོག་ནས་རང་རིགས་ནང་ཁུལ་སྐྱོན་བརྗོད་མི་བྱེད་པར། མི་མང་གི་སྣེ་ཁྲིད་དེ་ལས་འགུལ་སྣ་མང་སྤེལ་རྒྱུ་གལ་ཆེ་བ་ལགས་ན་ད་ལན་ཤེས་ཡོན་དང་། ཉམས་མྱོང་། གོ་གནས་སོགས་ཕུན་སུམ་ཚོགས་པའི་མི་སྣ་མང་པོ་ཞིག་བགྲོ་གླེང་དེར་ཕེབས་རྒྱུ་ཡིན་ཙང་ཆབ་སྲིད་ཀྱི་ལང་ཕྱོགས་མི་མཐུན་པའི་ཚོགས་ལ་ཁག་ལ་སྐྱོན་བརྗོད་རྩ་བ་ནི་མི་གནང་བའི་རེ་བ་ཡོད། སྲིད་དོན་གྱི་ལྟ་བ་ནི་ཡུལ་དུས་གནས་སྐབས་ལ་གཞིག་ནས་འགྱུར་བ་གཏོང་དགོས་པ་ལས། ཆོས་ལུགས་ཀྱི་གྲུབ་མཐའི་ལྟ་བ་བཞིན་འགྱུར་བ་མེད་པ་ཞིག་ལ་སྲིད་དོན་ཟེར་ཐུབ་ཐབས་བྲལ། ཆོས་དང་ཆབ་སྲིད་ཁག་ཁག་ཕྱེ་ཤེས་པའི་ཐོག་ནས་སྐབས་དང་དུས་ལ་བསྟུན་ནས་རང་རྒྱལ་གཞན་ཕམ་གྱི་ཐབས་ལམ་དང་། གཡོ་བྱུས་ནི་སྲིད་དོན་ཉག་ཅིག་ཡིན་པར་འདོད། དེས་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་རྩོད་པ་ལ་དགེ་སྡིག་གང་ཡང་སྤྱོད་སྲིད་པ་ཞིག་ལས་འདི་བྱས་ན་གཞན་ལ་གནོད་ཡོང་། འདི་བྱས་ན་སྡིག་པ་ཡོད་རེད་སོགས་སྲུང་བྱ་མང་དྲག་ན། སྔ་མ་དེ་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །

  6. སྐྱུ་རྩི་ནས། says:
    2012-04-11 at 8:26 am

    གསོལ་ཇ་སྙག་པག་ཅིག་མཆོད། འབྲས་མངར་སིང་ངེ་བ་ཞིག་མཆོད། བཀའ་མོལ་རྫིག་པོ་རེ་གསུངས། གྲོལ་ཆོད་སྙན་པོ་རེ་བཞག་ཚོགས་འདུ་དུས་ཚོད་ནམ་མེད་བར་རྒྱལ་ཁའི་ངང་གྲོལ།

  7. ཀ་དག་ཆོས་དབྱིངས། says:
    2012-04-11 at 9:46 am

    མཛད་རིམ་འདི་གསར་བསྒྲགས་བྱེད་དགོས་ཡག་ཞིག་མ་མཐོང་། བློ་ཆོས་དེང་སང་ཅི་བྱེད་འདི་བྱེད་མེད་པ་ཞིག་ཆགས་ཡོད་ས་རེད་། ཧཧཧཧ ད་ལྟད་མོ་འདུག མི་སྨྱོན་པ་འདིས་བྱེད་སྟངས་སྙིང་རེ་རྗེ།

  8. ཅོ་རི་ཉི་མ། says:
    2012-04-11 at 11:09 am

    རྒྱལ་ཙོང་བ་ཚོས་རྒྱལ་གླུ་ལེན་པའི་ཚོགས་ཆེན།
    ལྐོག་ཟ་རུལ་སུངས་ཀྱིས་བརྩི་ཁྲ་ཀློག་པའི་ཚོགས་ཆེན།
    ཡར་ལོག་བླ་མས་ཆོས་བཤད་པའི་ཚོགས་ཆེན།
    དཀྲིགས་མཁས་དབང་གིས་ཟུར་ཟ་བཤད་པའི་ཚོགས།
    མགོ་གཉིས་མ་ཚོས་ཕྱོགས་གཉིས་ཟ་བའི་ཚོགས་ཆེན།
    དབུ་མའི་ལམ་ལ་ལོག་འགྲེལ་རྒྱབ་པའི་ཚོགས་ཆེན།
    ཤི་བོའི་རྣམ་ཤེས་གསོན་སྲེག་བྱེད་པའི་ཚོགས་ཆེན།
    གསོན་པོའི་རེ་བ་ཧམ་ཟ་བྱེད་པའི་ཚོགས་ཆེན།
    མི་དམངས་རེ་འདུན་རྡོག་རོལ་གཏོང་བའི་ཚོགས་ཆེན།
    བཙན་བྱོལ་བོད་གཞུང་རྩ་མེད་གཏོང་བའི་ཚོགས་ཆེན།
    ཚེ་བརྟན་སྒྲོལ་མས་གླུ་དབྱངས་ལེན་པའི་ཚོགས་ཆེན།
    རྒྱ་ཁྱི་སྣ་ལེབ་རྔ་མ་གཡུག་པའི་ཚོགས་ཆེན།
    དགྲ་དགའ་གཉེན་སྡུག་མིག་ཆུ་ཤོར་བའི་ཚོགས་ཆེན་རེད་ཡ། ངོ་མ། གཟི་བརྗིད་ཆེ།།།

  9. མེ་ཏོག་དཀར་པོ། says:
    2012-04-11 at 1:55 pm

    ངས་ཚོད་ལྟ་ཞིག་བྱས་པ་ཡིན། ཅོ་རི་ལ་ཁྱི་ཞེས་བྲིས། དེ་ཁ་བརྡའི་སྒྲིག་འགལ་རེད་འདུག་ཅིའི་ཕྱིར་ན་མཆན་བུ་དེ་སུབ་པས་སོ། ། འོན་ཀྱང་སྤྱི་པ་དང་ཚོགས་པའི་རིགས་ལ་རྒྱལ་ཚོང་སོགས་ག་རེ་བཤད་ནའང་འགྲིག་གི་འདུག ད་ཧ་གོ་སོང་། སྤྱི་ལས་སྒེར་གལ་ཆེ་གི་འདུག

  10. བྱང་སྐར། says:
    2012-04-11 at 2:53 pm

    ཤར་ཕྱོགས་རྒྱ་རྟ་ལ་གསར་བསྒྲགས་བྱེད་རྒྱུ་རྫོགས་ནས་འདུག
    དབུ་མའི་ལམ་ཆེན་འདི་རྐང་ལམ་ཀྱག་ཀྱོག་ཅིག་ཏུ་མ་བསྒྱུར་རོག

  11. གངས་ཅན་པ། says:
    2012-04-11 at 11:39 pm

    གསལ་བསྒྲགས་སྟེང་གི་བོད་ལོ་ནོར་ནས་བཀོད་འདུག འདི་ལོ་ནི། བོད་རྒྱལ་ལོ་ ༢༡༣༩ པ་ཡིན།

  12. མཐོ་རིམ་སློབ་མ། says:
    2012-04-12 at 12:17 am

    དེ་རིང་ཚོགས་ཆེན་འདིའི་ཐོག་ལ་ཡང་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་བྱ་ཚུལ་དང་ཟླ་བ་ཚེ་རིང་ཕ་རིང་པ་སངས་ཀྱི་ངོ་པག་བཤུས་ཚུལ་དང་ད་དུང་སྨོག་རུ་བསྟན་པ་འབྲས་སྤུང་དགོན་པ་ལ་ངོ་ལོག་ནས་ཕྱིར་འབུད་བྱས་ཚུ་ཤར་ཕྱོགས་ཁུག་རྟ་བཀའ་ཤག་ང་ངོ་ལོག་ནས་ཕྱིར་འབུད་བྱས་ཚུལ་རྣམས་རེ་རེ་ནས་གཤལ་བཤད་དང་བགྲོ་གླེང་དྲ་བ་དྲི་ལེན་བྱ་ན་དོན་དང་མཐུན་པའི་ཚོགས་ཆེན་ཆགས་ཀྱི་རེད།

  13. མཐོ་རིམ་སློབ་མ། says:
    2012-04-12 at 12:24 am

    དེ་རིང་ཚོགས་ཆེན་འདི་རྐུ་མ་ཁ་མཐུན་གྱི་ཚོགས་ཆེན།
    སྤྱི་རྒྱུ་སྒེར་བདག་གི་ཚོགས་ཆེན།
    གཞུང་ལ་ངོ་ལོགས་ཚོགས་པའི་ཚོགས་ཆེན།
    ཟླ་བ་ཚེ་རིང་ཤིམ་ལ་ནས་ཁ་མཆུ་ཕམ་པའི་ཚོགས་ཆེན།
    སྨོག་རུ་བསྟན་པ་འབྲས་སྤུང་ནས་ཕྱིར་འབུད་བྱས་པའི་ཚོགས་ཆེན།
    ཤར་ཕྱོགས་ཁུག་རྟ་གམ་ཆོས་འབྱོར་བོད་གཞུང་ལ་ངོ་ལོག་ནས་ཕྱིར་འབུད་བྱས་པའི་ཚོགས་ཆེན།

  14. ཁ་བའི་སྒྲོན་མེ། says:
    2012-04-12 at 1:40 am

    བོད་ནང་ད་སྐབས་རང་ལུས་མེ་མཆོད་འབུལ་བཞིན་པའི་གནས་ཚུལ་བསྟུན་མ་འབྱོར་བཞིན་པ་དེར་བཙན་བྱོལ་ནང་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནས་གདུང་སེམས་གཉམ་བསྐྱེད་མཚོན་ཆེད་བློས་བཏང་གནང་བའི་དུས་འདིར་བོད་མི་ལ་སྤྱི་སེམས་ཆེ་པོ་ཡོད་པ་ཞིག་དང་ཆིག་སྒྲིལ་གྱི་རྣམས་པ་དངོས་གསལ་ལྡན་པ་ཞིག་འཛམ་གླེང་མི་མང་གི་མདུན་ལ་གསལ་སྟོན་བྱེད་ཐུབ་པ་རེད་། ཡིན་ན་ཡང་དངོས་གསལ་མེད་པའི་བཙན་བྱོལ་ནང་དོལ་རྒྱལ་ཚོགས་པ་དང་ཆིག་སྒྲིག་ཚོགས་པ། ཇོ་ནང་ཚོགས་པ། དབུ་མིའི་ལམ་མི་མང་ལས་འགུལ་ཁང་སོགས་མཚན་བྱང་སྙན་པོ་དག་གི་འོག་ཏུ་དགྲ་དགའ་གཉིན་སྡུག་གི་དམག་འཐབ་གྱི་ལས་གཞི་སྣ་མང་ཞིག་རྩམ་མྱོང་བའི་ལོ་རྒྱུས་ལས་ཆེས་འཇིག་སྣང་ཆེ་བའི་གྲ་བསྒྲིག་དག་ལ་བསམ་ཞིག་བྱེད་དགོས་འདུག་སྙམ། དཔེ་ན་སྐུ་ངོ་ཟླ་བ་ཚེ་རིང་གི་ཡོངས་གླིང་སློབ་གྲ་སྒེར་བདག་བྱེད་པ་དེར་བོད་གཞུང་ཁྲིམས་ཁང་ནས་སྤྱི་རྒྱུ་སྒེར་བདག་བྱེད་པའི་བཅད་ཁྲ་བཏང་ཡོད་རུང་ཁོ་པས་རང་གཞུང་རྩིས་མེད་དུ་བཏང་བ་མ་ཚད་བོད་གཞུང་རྒྱ་གར་ཁྲིམས་ནང་བཞག་པ་རེད་། དུས་དེ་ནས་བཟུང་རང་གཞུང་གི་དངུལ་ཕོན་ཆེན་ཞིག་དེའི་ཆེད་དུ་བཏང་ཏེ་ཁོ་པས་བྱེད་སྟངས་ལ་གདོངས་ལེན་བྱས་ཡོད་རུང་དངོས་ཡོད་གནས་ཚུལ་དེའི་དབང་གི་བོད་གཞུང་སྒོ་རྒྱབ་དགོས་ཆགས་པ་རེད་། རང་གཞུང་ལ་གུད་ཆགས་བྱུང་བའི་གནས་ཚུལ་ཆེ་པོ་དེར་མང་ཚོགས་ནས་ཁ་གསལ་ངོས་འཛིན་མ་ཐུབ་པ་ཡིན་ནམ་ཡང་ན་ཁྱིམ་ཚང་ཆེ་པོ་དག་གི་ཁ་ཤུགས་ཀྱི་དེ་དག་ལ་དོ་སྣང་བྱེད་པའི་དབང་ཚད་མེད་པ་རེད་། དེ་ཡང་ཤེས་ལྡན་མང་ཚོགས་ཀྱི་རེ་བ་བྱེད་ན་གནས་ལུགས་འདི་དག་ཡོངས་སུ་འཇུག་སྒྲིག་མ་ཐུབ་ན་མ་འོངས་བོད་དོན་རྩ་མེད་བཏང་བའི་ངན་ཁག་ཡོད་པ་ཞིག་ལ་ངོས་འཛིན་གནང་བཞིན་འདུག། འདི་ནི་སངས་རྒྱས་བྱམས་སེམས་ཀྱི་ལུང་བསྟན་ལྟར་རིན་ཐང་ཆེས་ཡོད་པ་ཞིག་མཐོང་གི་ཡོད་དཔེ་ན་སྐུ་ངོ་ཟླ་བ་ཚེ་རིང་གི་ཆོལ་ཁ་དབྱེན་དཀྲུག་བྱེད་པའི་ལས་གཞི་རྩམ་པ་དང་སྤྱི་འཐུས་གྲོས་ཚོགས་ནུས་མེད་བཟོ་བའི་དམིགས་ཡུལ་བཟུང་བ་སོགས་དངོས་གསལ་ཞིབ་དཔྱོད་མི་དགོས་པ་མཐོང་ཐུབ་པ་ནི་སྤྱི་ཚོགས་ནང་ནག་ཉེས་འོག་གནས་དབྱུང་བཏང་བའི་ཉེས་ཅན་མི་སྣ་དཔུང་སྒྲིལ་ཏེ་དབུ་མིའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་དེ་གཙུག་པ་རེད་། དེ་ཡང་འགན་འཛིན་སྤྱི་སྒྱུ་སྒེར་བདག་བྱེད་པའི་ནག་ཉེས་ཅན་ཟླ་བ་ཚེ་རིང་། དྲུང་ཆེ་འབྲས་སྤྱུངས་སྒོ་མང་གྲ་ཚང་གི་སྒྲིག་ཁྲིམས་ནས་གནས་དབྱུང་བཏང་བའི་ཉེས་ཅན་རྨོག་རུ་བསྟན་པ། དབུས་རྒྱུན་རང་གཞུང་གི་གནས་དབྱུངས་བཏང་བའི་ཉེས་ཅན་པ་ཤར་ཕྱོགས་ཁུག་རྟ་བཅས་རེད་།
    ཤར་ཕྱོགས་ཁུག་རྟ་

  15. ཨ་ར་དཀར་པོ says:
    2012-04-12 at 3:08 am

    ཕྱོགས་རིས འཐེན་འཁྱེར ཆོལ་ཁ ཆོས་ལུགས དགྲ་དགའ་ གཉེན་སྡུག
    དྲ་འབུ་སྐྱག་ཟན་ཚོ

  16. བྲོ་འཚལ། says:
    2012-04-12 at 3:25 am

    དབུ་མའི་ལམ་མི་མང་ལས་འགུལ་ཁང་ཞེས་པའི་སྐོར་ལ་ང་མྱོང་རྒྱུས་མེད་ནའང་ལས་འགུལ་དེའི་བཀོད་སྒྲིག་དང་གསལ་བསྒྲགས་སོགས་ལ་བལྟས་ན་དུས་དང་མཐུན་པའི་ལས་འགུལ་ཞིག་ནི་མིན་པ་འདྲ་སྟེ།་་་ནམ་རྒྱུན་དབུ་མའི་སྐོར་ནས་ཕར་བཤད་ཚུར་བཤད་ཙམ་དུ་མངོན་གྱི་འདུག་་་་གཅིག་བྱས་ན་དེ་ཡང་རིགས་ཞེན་ཞིག་ཡིན་ཡང་སྲིད་མོད།་་་ཡིན་ན་ཡང་ད་ལྟའི་དུས་ཚོད་ལ་བལྟས་ན་ཁ་ཡོད་ལག་ཡོད་ཀྱི་དོན་དངོས་ཤིག་ལག་བསྟར་བྱེད་པ་ལས་མི་ལོ་ལྔ་བཅུ་རིང་གི་ལམ་དབུ་མ་དབུ་མ་ཟེར་བའི་ལད་ཟློས་ཙམ་བྱས་པས་ཅི་ཡང་མི་ཡོང་པས་དེ་ལས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ཨ་ཡོད་ནང་གི་ད་ཡོད་སྒོ་ང་ནང་གི་སེར་རིལ་ཞེས་པ་ནང་བཞིན་ལས་འགུལ་ཁང་དེའི་སྐུ་ངོ་ཟླ་བ་ལྡི་ལི་ལ་ཕེབས་ནས་རང་ལུས་ཡོངས་རྫོགས་མེ་སྲེག་བྱེད་མི་ནུས་ཀྱང་རྐང་པ་གཉིས་ཀའི་སྒང་ལ་ས་སྣུམ་ཏོག་ཙམ་བྱུགས་ནས་མེ་སྦར་བ་ཡིན་ན་ངོ་མ་སྐུ་ངོ་ཁོང་གི་གཟི་བརྗིད་ཡིན་པ་མ་ཟད་ལས་འགུལ་ཁང་དེའི་གཟི་བརྗིད་རེད་བསམ་གྱི་འདུག

  17. Karma Lekshey says:
    2012-04-12 at 3:49 am

    ང་ཧང་སང་དགོས་པ་ནི་ཁ་བརྡ་དྲ་བ་འདིའི་ནང་མཚམས་རེར་ཚོགས་པའམ་སྡེ་ཚན་ཞིག་གི་ཚོགས་འདུའི་མཛད་རིམ་ཡང་བཀོད་ཡོང་བ་དང་ཡང་མཚམས་རེར་ཚོགས་ཆེན་ནམ་ལྷན་ཚོགས་ཆེན་པོ་དེ་འདྲ་གནས་ཚུལ་ཙམ་ཡང་མ་འཁོད་པ་ནི་ཅིའི་ཕྱིར་ཡིན་ནམ་སྙམ་པའི་དོག་པ་དང་དྲི་བ་མང་དག་རང་བཞིན་གྱི་ཡོང་བཞིན་པ་དང་། དེ་འདྲའི་བྱེད་སྟངས་ཀྱིས་ཐོག་ནས་དྲ་གནས་འདི་ལ་ཆ་འཇོག་དང་ཆེས་མཐོང་ལ་གནོད་པ་ཤུགས་ཆེན་ཡོང་གཞི་མ་ཟད་སྤྱི་ཚོགས་དང་མི་མང་ལ་ཕན་ལས་གནོད་ཆེ་བ་ཡོང་ཉེན་གནས་སུ་མཆིས་ལགས་ན་དྲ་གནས་དོ་དམ་པ་ནས་སྟངས་འཛིན་དང་ཕྱོགས་ལྷུང་མེད་པ་གནང་ཐུབ་ན་ཅི་མ་རུང་།

  18. མཐོ་རིམ་སློབ་མ། says:
    2012-04-12 at 8:41 am

    ཨ་ར་དཀར་པོ་ས་རཱ་སློབ་གྲྭ་ནས་དེང་སང་གང་གནང་གི་ཡོད།རྐུ་མ་ཟླ་བ་ཚེ་རིང་གི་རྐུབ་ལ་ཕྱག་འཚལ་མཁན་ཞིག་ཁྱོད་རེད་འདུག

  19. མཐོ་རིམ་སློབ་མ། says:
    2012-04-12 at 8:46 am

    ཐད་བཀོས་སྤྱི་འཐུས་ཟླ་བ་ཚེ་རིང་དང་ཕྱོགས་ཞེན་སྤྱི་འཐུས་སྨོག་རུ་བསྟན་པ་གཞུང་ལ་ངོ་ལོག་ཤར་ཕྱོགས་ཁུག་རྟ་དེ་ཚོས་དེང་སང་ཡང་་་་་དེང་་་སང་ཡང་་་དེང་སང་ཡང་་་ཧཧཧཧཧ་་་་

  20. རྣམ་སྲས། says:
    2012-04-14 at 10:13 am

    དེ་རིང་ཡང་མཆན་འགོད་པ་མང་པོ་ཞིག་གིས་སྤྱི་ཚོགས་དཀྲིག་ཤིང་དང་། ཕྱོགས་ཞེན། འཐེན་འཁྱེར་གྱི་སྐད་ཆ་མང་པོ་ཞིག་བྲིས་འདུག འདི་ལྟར་ནང་ཁུལ་ལ་རྩོད་རེས་དང་མཚང་འབྱིན་རེས་བྱས་ན། འདི་ཡིས་འུ་ཅག་བོད་པ་ཚང་གི་སྤྱིའི་མཐུན་སྒྲིལ་དང་། ལས་དོན་སྒྲུབ་ཕྱོགས། སྤུན་ཟླའི་མཛའ་བརྩེ་བཅས་ལ་གནོད་འགལ་ཆེན་པོ་ཇི་འདྲ་ཞིག་བཟོ་ཡི་ཡོད་པ་མི་ཤེས་སམ། ད་དུང་བཞུད་ཟིན་པའི་སྤུན་ཟླ་ཕོ་མོ་ཚོའི་རེ་འདུན་དང་དམིགས་ཡུལ་ཀྱང་ང་ཚོས་ནང་ཁུལ་ལ་དོན་འདི་འདྲ་ཞིག་གཉེར་རྒྱུའི་ཆེད་དུ་རེད་དམ། ངོ་མ་དེ་འདྲའི་ཞེན་འཁོན་དང་དོགས་པ་རེ་ཡོད་ན་དོ་བདག་སོ་སོ་གདོང་ཐུག་ནས་གཙང་སེལ་བྱས་ན་ལེགས་པ་ལས། ཀུན་གྱི་མཐོང་སར་སྤྱི་ཚོགས་ཀྱི་ལྷིང་འཇགས་དང་། མཐུན་ལམ། ཆིག་སྒྲིལ་ལ་གནོད་པའི་རིགས་དེ་འགོ་མ་སླངས་ན་ལེགས་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme