Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།

Posted on 2013-01-312013-01-31 By ཁ་བརྡ་ 19 Comments on དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།

ལོག་སྨྲ་ཚར་གཅོད།

གང་གི་སྐུ་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་གསོལ་བའི་ཆོས་གོས་གསུམ།།
ལྷབ་ལྷུབ་འཆང་སྟེ་མུ་མེད་འགྲོ་ལ་དྲང་སྲོང་ཆེན་པོའི་སྣང་བ་སྦྱིན།།
དམར་སེར་ངུར་སྨྲིག་གོས་ཀྱིས་བགོས་པའི་གྲངས་མེད་འབུམ་ཕྲག་ཚོགས་ཀྱིས་བསྐོར།།
ཐུབ་པའི་གཙོ་འཁོར་གངས་རིའི་ལྗོངས་སུ་ལན་གཅིག་སླར་ཡང་བྱོན་དང་མཚུངས།།

རྩེ་མོ་ཕྲ་ལ་ཁོག་ཡངས་ཆེ་བའི་པཎ་ཞྭ་སེར་པོ་དབུ་ལ་མཛེས།།
ཞྭ་སེར་འཆང་བའི་བསྟན་འཛིན་ཀུན་ནས་གསེར་རིའི་དབུས་ན་ལྷུན་པོ་བཞིན།།
བཅུ་ཕྲག་བཅུ་པའི་འཇམ་མགོན་བླ་མའི་གསེར་ཁྲི་སྟེང་གི་ཉི་མ་ཁྱེད།།
རྒྱ་མཚོའི་གོས་ཅན་གང་དུ་གཤེགས་ན་ཞབས་རྡུལ་རེ་ཡང་འགྲོ་བའི་རྟེན།།

ཁྱེད་ཀྱི་ཞལ་ནས་རྟེན་འབྱུང་སྟོང་དང་ཟབ་གསལ་གཉིས་མེད་ལྷང་ལྷང་སྒྲོགས།།
གྲངས་མེད་འགྲོ་ལ་ཚངས་པའི་དབྱངས་ཀྱིས་བདེན་བཞི་རང་དབང་འདོམ་པར་མཛད།།
རྒྱན་དྲུག་མཆོག་གཉིས་གཞུང་དོན་འབྱེད་ལ་ཡབ་རྗེ་ཉིད་དང་གཉིས་མེད་ཁྱེད།།
གང་ཐུགས་མཁའ་དབྱིངས་དག་པའི་ངོས་ན་ཇི་ལྟ་ཇི་སྙེད་ཉི་ཟླ་གསལ།།

རྟོག་གེ་བ་ཡི་རྒོལ་བ་དག་གིས་ལན་བརྒྱར་བརྒལ་ཡང་ཁྱེད་ཀྱི་དམ་བཅའ་རྡོ་རྗེ་བྲག།།
བྱང་ཆུབ་ཕྱོགས་ཀྱི་སོ་བདུན་ནས་བཟུང་མ་འདྲེས་ཆོས་ནི་བཅོ་བརྒྱད་བར།།
ཐུགས་ལ་མངའ་ཞིང་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན་ཏེ་རིམ་གཉིས་ཀྱི།།
རྣལ་འབྱོར་ལ་ནི་འོད་གསལ་སྒྱུར་ལུས་ཟུང་འཇུག་ཁ་སྦྱོར་བདུན་ལ་རེག།།

གངས་ཅན་མགོན་པོའི་གསུང་གི་བདུད་རྩི་ངོམ་མེད་ཡིད་ཀྱི་བུམ་པར་བསྟིམས།།
དམ་སྲི་དོལ་རྒྱལ་དད་རྟེན་བྱེད་པའི་དམ་ལོག་པ་རྣམས་ཐལ་བར་བརླགས།།
རྒལ་འགོང་རྡོ་རྗེ་ཤུགས་ལྡན་འགོག་ལ་ཁྲི་ཆེན་ངག་དབང་མཆོག་ལྡན་བཞིན།།
རྣམ་དཔྱོད་ལེགས་ཉེས་ཤེས་རབ་ལྡན་པའི་དགེ་ལྡན་པ་ཚོར་ལམ་འཕྲང་བསངས།།

གང་གི་སྐུ་ལུས་རྟག་འཛིན་ཅན་ངོར་ཆོས་ཀྱི་དབྱིངས་སུ་བསྡུས་སྐབས་སུའང།།
བཅུ་ཕྲག་གཉིས་རིང་ཆོས་སྐུ་རྡོར་རྗེ་འོད་གསལ་དབྱིངས་སུ་ཐུགས་དམ་བཞུགས།།
ཆོས་བྱེད་པ་རྣམས་ཡིད་ཆེས་རྙེད་དེ་འགོག་མེད་མིག་ཆུ་ལྷུང་ལྷུང་འབེབས།།
ནང་པའི་ཆོས་ཀྱི་མཐོང་ཆོས་འབྲས་བུ་གོ་ལའི་ཁྱོན་འདིར་ལྷང་ལྷང་བསྒྲགས།།

དངོས་གཙོ་སྨྲ་བའི་རིག་གསར་བ་རྣམས་རེ་ཞིག་མགོ་བོ་རྨོངས་སུ་འཇུག།།
གངས་ཅན་མགོན་པོས་གསུང་གིས་བསྐུལ་ཏེ་སྐུ་གདུང་འགྲོ་བའི་མཆོད་རྟེན་གྱུར།།
དོན་གྱི་སླད་དུ་མཚན་ནས་རྨོས་ན་རྗེ་བཙུན་བློ་བཟང་ཉི་མ་ལགས།
དམ་པ་དེ་ལ་རྟོགས་བརྗོད་མེད་ན་གངས་ལྗོངས་སྨྱུག་འཛིན་མང་ནའང་ཅི།།

རྩོམ་རིག

Post navigation

Previous Post: ཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱི་གསུང་བཤད།
Next Post: དབུ་མ་རིག་པའི་ཚོགས་ཀྱི་གྲངས་ངེས་ལ་དཔྱད་པ།

Comments (19) on “དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་ལ་ན་མོ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-31 at 11:24 am

    མགོན་པོ་གང་ཉིད་ཝཱ་རཱ་ཎ་སཱིར་སློབ་གཉེར་ཚུལ་བཞེས་དུས།
    རྟག་ཏུ་ཞི་འདུལ་ཚུལ་དུ་བཞུགས་པའི་དགེ་སློང་ཞིག་ཏུ་མཇལ།
    རྒྱ་གར་མཁན་པོ་འཇིག་རྟེན་མགོན་པོས་གཞུང་ཆེན་ངག་རྒྱུགས་བཞེས།
    དགའ་ལྡན་ཁྲི་ཐོག་བརྒྱ་པའི་གསུང་སྐད་སྒྱུར་བར་སྐལ་བ་བཟང་།།
    ་
    ལོག་སྨྲ་ཚར་གཅོད་ལེགས་ཀྱིས་སྙན་ཅིང་འཇེབས་པའི་རྩོམ་ཡིག་ལ་རྗེས་ཡི་རང་། གསར་བ་ རྟོག་གེ་བ། གཞུང་དཔེ་ཕལ་ཆེ་བ་དག་པ་རྣམས་ན། གསར་པ། རྟོག་གེ་པ། ཞེས་པ་མཐོང་ངོ་། ། རྡོར་རྗེ་

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 11:46 am

    དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོག་དྷ་སར་རྣམ་རྒྱལ་གྲྭ་ཚང་དུ་ཕེབས་དུས་ང་མཚན་ཉིད་སློབ་གྲྭར་མངོན་རྒྱན་ལོ་རིམ་གསུམ་པ་མིན་ནའང་གཉིས་པ་ཙམ་ཡིན་སྙམ་ཡང་གསལ་པོ་ཏང་མི་དྲན། དཔེ་ཆ་ཐང་མ་ཁ་ཤས་ཙམ་འཁྲིད་ཐོབ་བྱུང་བ་དང་། ལྷག་པར་དུ་ཐོག་མར་གསོ་སྦྱོངས་ཀྱི་མདོ་འདོན་དུས་མཇལ་བྱུང་བ་དེ་དུས་ད་ལྟ་ཡང་མིག་ལམ་དུ་གསལ་བོར་མཇལ་ཞིང་མཆིས་ལགས། དགེ་བསྟན་ཡུན་རིང་གནས་འགྱུར་ཅིག །

  3. ཀླུ་སྨྱོན། says:
    2013-01-31 at 11:52 am

    བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་ནས་ཀོ་པན་དགོན་དུ་སྐྱེས་རབས་སོགས་ཀྱི་ཆོས་ཆར་བསྙིལ་དུས་བདག་ཀྱང་འཁོར་གྱི་གྲལ་མཐར་འཁོད་དོ།། ཆིབ་སྒྱུར་སྐབས་བདག་གིས་བླངས་པའི་འདྲ་པར་ཞིག་ཀྱང་ད་དུང་དད་རྟེན་དུ་ཉར་ཡོད་དོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-31 at 1:35 pm

    གསལ་པོ་ཏང་མི་དྲན། གསལ་པོ་རང་མི་དྲན།
    གསོ་སྦྱོངས་ཀྱི་མདོ་འདོན་དུས་ གསོ་སྦྱོང་གི་མདོ་འདོན་དུས་
    འདི་ཚོ་དག་ཆ་ནོར་བ་འདྲ་དགོངས་དག་ཞུའོ། །

  5. གངས་ཟླ། says:
    2013-01-31 at 2:25 pm

    བོད་ཀྱི་བླ་སྤྲུལ་ཚང་མ་ཁོང་འདྲ་བོ་རྐྱང་རྐྱང་ཡིན་ན་དད་པ་དང་ཡིད་ཆེས་མེད་མཁན་སུ་ཡོད་

  6. ཨོ་རྒྱན་ཉི་མ། says:
    2013-01-31 at 2:54 pm

    མཁྱེན་རབ་མཚུངས་མེད་ཀླུའི་དགོངས་པ་བརྙེས།།
    བརྩེ་བ་ཕུལ་བྱུང་བྱམས་པའི་དམ་བཅའ་འཛིན།།
    ནུས་མཐུ་སྟོབས་ལྡན་གསང་བདག་འཕྲིན་ལས་མངའ།།
    འཇམ་མགོན་སྨྲ་བའི་ཉི་མ་རྒྱལ་གྱུར་ཅིག།

  7. རྒད་པོ། says:
    2013-01-31 at 5:50 pm

    ངས་གསང་དབང་ཞིག་བཤད་ཆོག ད་བཤད་ནའང་ཚང་མས་ཤེས་ཀྱི་ཡོད་ཤག དགེ་ལྡན་ཁྲི་རིན་པོ་ཆེ་མ་གཤེགས་གོང་ལ་སྨན་ཁང་ནས་གོང་ས་མཆོག་ལ་སྐྱབས་ཞུ་ཕུལ་འདུག  དེའི་ནང་ལ་ཁོང་སྨན་ཁང་རང་ལ་སྐུ་བསྡུ་རྩིས་ཡོད་པ་ཁོད་ཡོད་སྐད། གོང་ས་མཆོག་ནས་དེ་འགྲིག་གི་མ་རེད། ངེས་པར་དུ་ཐུགས་དམ་ལ་ཞུགས་དགོས་ཚུལ་དང་། དེ་ཡང་དགོན་པར་ལོག་ཕེབས་ནས་གཤེགས་ན་ཚང་མར་ཕན་པ་ཡོད་ཚུལ་བཀའ་ཕེབས་འདུག ཞབས་ཕྱི་ཚོས་ཁོང་སྨན་ཁང་ནས་དགོན་པར་གདན་འདྲེན་ཞུས་འདུག གཤེགས་མ་ཐག་སྙན་གསོལ་ཞུ་སྐབས། གོང་ས་མཆོག་ནས་ཚན་རིག་པ་ཚོར་ལན་བཏང་ནས། ལྷོ་ཕྱོགས་ལ་ཁྲི་རིན་པོ་ཆེ་ཐུགས་དམ་ལ་ཞུགས་ཡོད། ཁྱོད་ཚོ་བརྟག་དཔྱད་བྱེད་དགོས་ན་ད་གོ་སྐབས་ཐོན་སོང་གསུངས་འདུག སྐབས་དེ་དུས་ཚན་རིག་པ་ཚོས་འཕྲུལ་ཆས་མང་པོ་ཞིག་བདེ་ལེགས་སྨན་ཁང་ལ་བཞག་ཡོད་པ་དེ་མགྱོགས་མྱུར་དབོར་ནས་ཁོང་གི་ཐུགས་དམ་ཞུགས་ཡུན་རིང་གི་ཕུང་པོར་གློག་གི་ཐོག་ནས་བརྟག་པ་མང་པོ་བྱས་ཡོད་པ་དང་། དེའི་སྐོར་ལ་ཕ་རན་སིའི་ཀླད་རྩའི་ཚན་རིག་པ་ཚོས་སྙན་སྡོམ་ཞིག་འབྲི་བཞིན་ཡོད་ཚོད་ཟེར། སྐབས་དེ་དུས་སྤྱི་ཟླ་དང་པོའི་ནང་ལ་ཡིན་ཞིང་། རྒྱ་གར་ལྷོ་ཕྱོགས་ལ་ཚ་བ་ཆེན་པོ་ཡོད་སྟབས། ཞབས་ཕྱི་ཚོ་སྐུ་ཕུང་ནས་དྲི་མ་ཐོན་མ་ཡོང་སྙམས་ནས་སེམས་ཁྲལ་བྱུང་ཟེར་བ་གོ་མྱོང་། གནས་ཚུལ་བདེན་མིན་གཞན་གྱི་དཔྱད་པ་གནང་རོགས། གུས་པར་འདིའི་སྐོར་ལ་ཕྱི་རྒྱལ་གྱི་གནས་སྐོར་བ་ཞིག་ནས་གསུངས་བྱུང་།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-02-01 at 1:21 am

    ངས་དངོས་སུ་བླ་མ་ཐུགས་དམ་བཞུགས་པ་མཇལ་བ་གཅིག་པུ་དེ་ནི། ཁུ་ནུ་བླ་མ་རྒན་རིག་འཛིན་བརྟན་པ་ཁོང་དྷ་སར་སྨྱུང་གནས་ལྷ་ཁང་གི་གཟིམ་ཤག་ཏུ་ཉིན་གསུམ་ཙམ་བཞུགས་ར་པགྲགས་པའི་སྐབས་སུ་མཇལ་མྱོང་བ་དེ་ཙམ་མོ། །

  9. གདོང་དམར་བ་ says:
    2013-02-01 at 6:39 am

    གསེར་ཁྲི་དངུལ་ཁྲི་ལ་འགྱིང་ཞིང་།། ཐེར་གཟན་ཐེར་ཤམ་གྱིས་གཏུམ་པའི།། སྐྱེ་འགྲོའི་སྐྱབས་གནས་སུ་འབོད་པའི།།
    བླ་ཆེན་མཁན་ཆེན་ལ་གྲངས་མེད།། ལྟོ་སྐྱ་གོས་ཧྲུལ་ལ་མོས་ཤིང་།། ཉམས་ཐག་སེམས་ཅན་ལ་དུང་བ།། རླབས་ཆེན་གཞུང་ཆེན་གྱི་བདག་པོ།། ཁྲི་ཆེན་ཁྱེད་ཉིད་ཙམ་ཡིན་ནོ།། ཞིང་ཁམས་བདེ་དྲོད་དེ་ཆེ་ཞིང་།། དཀྱིལ་འཁོར་གུ་ཡངས་ཞིག་ཡོད་ཀྱང་།། ལྷག་ལུས་གདུལ་བྱ་དག་ཆེད་དུ།། སྤྱན་ཟུང་གཡོ་ཙམ་ཞིག་མཛད་རོགས།།

  10. tsering kyab says:
    2013-02-01 at 4:49 pm

    ༄༅།་ཁ་རྡ་ལས་བྱེད་ཡོངས་ལ་ཙམས་དྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བཅས།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-02 at 1:41 am

    བླ་མ་ཞིག་ཡིན་ཚུན་སྐྱོན་ཡོན་ལ་མ་བརྟག་པར་དད་དགོས་པ་གལ་ཆེ།

  12. མེ་ཏོག་དཀར་པོ says:
    2013-02-02 at 1:46 am

    དགེ་སྦྱོང་སྐུ་བགྲེས་ཁོང་ལ་གུས་ཞབས་ཞུ།།

  13. མེ་ཏོག་དཀར་པོ says:
    2013-02-02 at 2:30 am

    ཐུགས་དམ་ཟེར་བའདི་དིང་སང་ fashion ཆགས་འདུག ཡག་རྟགས་རེད།

  14. གཡུ་འབྲུག་དཀར་པོ། says:
    2013-02-02 at 2:52 am

    ཧ་ཧ་ཧ་མེ་དཀར་གྱིས་གནད་ལ་འཁེལ་བའི་ཚིག་ཅིག་གསུངས་སོང་། །དེང་བོད་འབྲུག་མི་མང་གི་ཁྲོད་དུ་ཐུགས་དམ་བཞུགས་མཁན་ཇེ་མང་རེད་འདུག། ཕལ་ཆེར་ཐུགས་དམ་བཞུགས་པའི་དགོས་པ་འདྲ་ཤེས་ན་ཐུགས་དམ་བཞུགས་མཁན་ཇེ་ཉུང་ཆགས་སྲིད། བསོད་རྒྱལ་རིན་པོ་ཆེའི་འཆི་བ་དང་འཚོ་བ་ཞེས་པའི་དེབ་ནང་དུ་ཐུགས་དམ་བཞུགས་པ་དེ་ཚེ་འདིར་ལམ་མཐོང་མ་ནུས་པར་བརྟེན་བར་དོར་ལམ་འཚོལ་བ་རེད་ཟེར་བ་འདྲ་ཞིག་གསུངས་འདུག། མ་ཟད་ཐུགས་དམ་བཞུགས་མཁན་ཚང་མ་ལམ་ཀ་ཡར་འགྲོ་བའི་ངེས་པ་མེད་ཅིང་ལམ་ཀ་ནོར་སྲིད་པ་ཡང་རེད་ཅེས་གསུངས་འདུག། བསོད་རྒྱལ་བའི་གསུང་དེ་བདེན་ན་ཐུགས་དམ་བཞུགས་མཁན་ཚང་མ་ལ་ཡ་མཚན་དགོས་པ་ཞིག་མིན་འདུག།

  15. མེ་ཏོག་དཀར་པོ says:
    2013-02-02 at 3:10 am

    ངས་སྔ་ནས་ཤེས། ད་དུང་རིང་སྲེལ་ཡང་ཡོད། ཟེར་སྲོལ་ལ། ཕག་རིང་སྲེལ་ཅན་གྱི་ཤ་ཟ་ན། ཤི་དམྱལ་བ་མི་འགྲོ་ཐེ་ཚོམ་མེད། ཅེས་པའང་ཐོས་སོ།།

  16. མེ་ཏོག་དཀར་པོ says:
    2013-02-02 at 3:13 am

    དྲག་ཤོ་ཨུ་ར་ཀརྨ་ཕུན་ཚོགས་ལ་མནའ་མེ་ས་མེ་དགའ།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-02-02 at 3:25 am

    ལོག་འགྲེལ་མ་གྱིས། དད་གུས་དག་སྣང་སྦྱོངས།

  18. དོལ་སྨྱོན། says:
    2013-02-02 at 4:52 am

    ང་ཆུང་དུས་ཡབ་དང་ལྷན་དུ་ཡར་མར་འགྲོ་དུས་གཤིན་པོ་རེ་འགའ་ཐུགས་དམ་ལ་བཞུགས་པ་རེད་ཟེར་ནས་མི་མང་མཇལ་བ་དང་དར་ཁ་འཐེན་པ་སོགས་བྱེད་ཀྱིན་འདུག དེའི་ནང་ནས་རེ་འགའ་ད་དུང་གསལ་པོ་དྲན་གྱི་འདུག

  19. དྲ་གཉིད་ says:
    2013-02-03 at 9:04 am

    བླ་མ་ཁོང་དང་དངོས་གནས་དད་པའི་ཡུལ་རང་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme