Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐུ་མི་སམ་བྷོ་ཊའི་རྗེས་དྲན་གངས་ཅན་རིག་པའི་ཚེ་སྲོག

Posted on 2015-01-012015-01-01 By ཁ་བརྡ་ 14 Comments on ཐུ་མི་སམ་བྷོ་ཊའི་རྗེས་དྲན་གངས་ཅན་རིག་པའི་ཚེ་སྲོག

ཨེ་མ་ཧོ།

 
unnamed

སློབ་དཔོན་ཐུ་མི་སམ་བྷོ་ཊའི་རྗེས་དྲན་གངས་ཅན་རིག་པའི་ཚེ་སྲོག་ཅེས་བྱ་བ།

ན་མོ་གུ་རུ་ཐུ་མི་སམ་བྷོ་ཊ་ཡེ།
ཀ་ནས་ཨ་བར་དབྱངས་གསལ་གཏན་ལ་ཕབས།།
ཁ་བ་ཅན་དུ་ཚེ་སྲོག་སྙིང་བཅུད་གཏམས།།
གང་ལ་བསམ་ཚེ་ཐུ་མིའི་བཀའ་དྲིན་ཉིད།།
ང་ཚོས་གཞལ་བའི་དུས་ཤིག་མཆིས་སྲིད་དམ།།
ཅ་ཅོའི་འུར་སྒྲོག་དགའ་བའི་དེང་རབས་སུ།།
ཆ་འཇོག་མེད་པའི་གངས་ཕྲུག་ཀླད་མེད་འགས།།
ཇ་ཆང་བག་མེད་ཐུ་མིར་སྒྲོ་སྐུར་རྣམས།།
ཉ་ཉོག་བསམ་མེད་ནང་བཞིན་ཁོ་བོས་མཐོང་།།
ཏ་ཐཱ་ག་ཏའི་བསྟན་པའི་བཀའ་ཆོས་དང་།།
ཐ་སྙེད་ཤེས་བྱ་འཇལ་བའི་སུམ་རྟགས་གཞུང་།།
ད་དུང་སྲོང་བཙན་མེས་དབོན་རྣམ་ཐར་དག །
ན་མོ་སྒོ་གསུམ་གུས་པས་རྗེས་སུ་དྲན།།
པ་སངས་ལྟར་དཀར་ལྷག་བསམ་བོད་ལ་བཞག །
ཕ་མེས་རིག་གནས་སྒྲོན་མེ་མཆོག་ཉིད་ལ།།
བ་གླང་ལྟ་བུས་དྭོགས་དཔྱོད་རྩོམ་མཁན་དག །
མ་རབས་དྲིན་ལན་ལོག་འཇལ་ཅི་ཕྱིར་མིན།།
ཙ་ར་མ་ཆོད་རང་སྣང་འཁྲུལ་བ་དང་།།
ཚ་གྲང་མ་ཤེས་རང་སྣང་སྨྱོ་འབོད་ལས།།
ཛ་ཡའི་བསྟན་པའི་གསུང་དང་དངོས་འགལ་བས།།
ཝ་མོ་སེང་ལྤགས་གྱོན་རྣམས་བག་ཡོད་མཛོད།།
ཞྭ་དམར་བསྟན་པ་དར་ནས་ད་ལྟའི་བར།།
ཟ་འདྲེ་ཤི་བོའི་སྐད་ཡིག་མ་སོང་ནས།།
འ་ཅག་འཛམ་གླིང་ཡོངས་ལ་ངོམས་རིན་འོས།།
ཡ་མཚན་ཀུན་བཟང་ཐོན་མིའི་བཀའ་དྲིན་ལགས།།
ར་བ་གངས་དཀར་མཛེས་པའི་ཚེ་སྲོག་མཆོག །
ལ་རྒྱའི་རྒྱལ་མཚན་བཙུགས་པའི་སམ་བྷོ་ཊ།།
ཤ་ཞེན་རུས་པ་ཅན་གྱི་མཁས་དབང་མཆོག །
ས་སྟེང་བོད་མིར་མིག་སྲོག་ཁྱོད་ཀྱིས་གནང་།།
ཧ་ཅང་དྲིན་ཆེན་ཐོན་མི་སམ་བྷོ་ཊ།།
ཨ་ནུ་མཆོག་གི་ཕྲིན་ལས་བཀའ་དྲིན་ལས།།
ཨི་ལྡན་དབྱངས་གསལ་ཟབ་རྒྱས་བསྟན་བཅོས་ཀྱིས།།
ཨུ་ཏྲ་ཡ་ནའི་རིག་གཞུང་བོད་ལ་སྤེལ།།
ཨེ་མ་གངས་ཅན་ཐོན་མི་སམ་བྷོ་ཊར།།
ཨོ་ལོ་བསམ་བཟང་བདག་གི་དད་གུས་བཅས།།
སྙིང་གི་ནོར་བུ་ཁྱེད་ལ་རྗེས་དྲན་འབུལ།།
བསྟན་འགྲོའི་དོན་ཀུན་འབད་མེད་ལྷུན་གྲུབ་ཤོག །

ཅེས་པ་འདི་ཡང་རབ་གནས་ཤིང་རྟའི་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པར་རྐྱེན་ཞིག་གིས་སྐུལ་ངོར་རང་སྣང་ཤར་གྱི་ཀ་རྩོམ་དུ་ཨེ་ཝཾ་ཛྙྰ་ན་གུ་རུའི་ལྷ་ཁང་དུ་ཨེ་མ་ཧོས་བྲིས་པར་དགེའོ།། །།

སྙན་ངག

Post navigation

Previous Post: ཐོལ་རྩོམ་འཐེན་ཐུག་བརྔོས་མ།
Next Post: སྲིད་སྐྱོང་མཆོག་གིས་མོན་གྷོ་མི་མང་རྣམས་ལ་གསུང་བཤད་གནང་བ།

Comments (14) on “ཐུ་མི་སམ་བྷོ་ཊའི་རྗེས་དྲན་གངས་ཅན་རིག་པའི་ཚེ་སྲོག”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-01-01 at 11:46 pm

    ཐ་སྙེད་ཤེས་བྱ་འཇལ་བའི་སུམ་རྟགས་གཞུང་།།
    འདི།
    ཐ་སྙད་ཤེས་བྱ་འཇལ་བའི་སུམ་རྟགས་གཞུང་།།

  2. རླངས་སྔགས་ says:
    2015-01-01 at 11:49 pm

    ཀ་ཕྲེང་སུམ་བཅུར་དབྱངས་བཞིས་སྦྱོར་བ་ཡིས། །ཁ་སྐད་གཙང་མར་སེམས་གཤིས་མངོན་མཛད་ཅིང་། །ག་ས་གང་དུ་བདེར་གནས་དཔལ་སྦྱིན་ཁྱོད། །ང་རྒྱལ་གཟེངས་སུ་བསྟོད་དེ་རླངས་བུས་འདུད།།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-01 at 11:52 pm

    ཨ་མ་ཧོ་ལགས་ལ།
    སྲོང་བཙན་དུས་ན་ཐོན་མི་མ་འཁྲུངས་ཟེར་བགྱིད་འདུག །
    ཐོན་མིང་ཏུང་ཧང་ཡེ་གེ་ནང་ལ་མི་འདུག་ཟེར། །
    ཐོན་མིང་རྒྱ་ཡི་རྒྱལ་རབས་ནང་ལ་མི་འདུག་ཟེར། །
    སུམ་རྟགས་བརྒྱ་ཕྲག་བཅུ་རྗེས་བརྩམས་ཀྱང་ཟེར་བགྱིད་འདུག །
    ཟེར་ཚད་འདི་ལ་མཁས་དབང་ཁྱེད་ལ་ལན་ཅི་ཡོད། །
    ཀརྡོས་དྲིས།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-02 at 1:07 am

    ཐུ་མི་དག་གམ། ཐོན་མི་དག ལགས།

  5. ཇུས་ཏོག says:
    2015-01-02 at 4:55 am

    ཐུ་མི་རེད་དམ་ཐུན་མི་རེད་་།
    ཡིག་གེ་ཚང་མ་སྐད་ལ་དཔེ་བླང་ནས་།མཁས་པས་གཏན་འབེབས་གནང་བ་ཤ་
    གཅིག་རེད་བོད་ཡིག་ཡང་བོད་སྐད་ལ་སྦྱར་ནས་གཏན་འབེབས་གནང་བ་རེད་
    ཞང་ཞུང་གི་དམར་ཡིག་་ནས་ད་ལྟའི་བོད་ཡིག་དབུ་ཅན་འདི་བཟོས་པ་དང་ཐོན་
    མི་བསམ་བོ་ཊས་སླར་བཟོ་བཅོས་ཁ་ཤས་གནང་ཡོད་སྲིད་པ་རེད་།
    རྒྱལ་རབས་དང་ལོ་རྒྱུས་ཚང་མ་སྐབས་དང་དུས་ཀྱི་དབང་ཡོད་ཚོའི་མངོན་འདོད་
    དང་ཕྱོགས་གཏོགས་ལ་འགན་འཁུར་ནས་བདེན་པ་རྫུན་མ་བཟོ་རྒྱུ་དང་རྫུན་མ་བདེན་པ་བཟོ་རྒྱུ་སོགས་མཐའ་གཅིག་ཏུ་ཡིད་ཆེས་་ནས་གཏན་དུ་་ངོས་

    འཛིན་གནང་ནས་སངས་རྒྱས་ཀྱི་བཀའ་འགྱུར་ལྟབུ་་མ་རེད་དོ་
    ུུ

  6. ཇུས་ཏོག says:
    2015-01-02 at 9:27 am

    བོན་པོ་ཆོ་ཀྱི་རྙིང་མ་རེད་།
    འུར་རྡོ་མཚོན་གྱི་དང་པོ་རེད་།
    ཞང་ཞུང་བོད་ཀྱི་འབྱུང་རྩ་རེད་།
    བདེན་པའི་གནས་ལུགས་བཤད་པ་ལ་།
    ལོག་འབྲེལ་བྱ་མཁན་ལོག་སྨོན་རེད་།
    གཏམ་རི་རབ་ཙམ་ཞིག་ནམ་མཁའ་ནས་ལྷུང་།
    ཕོ་སྣོང་ཅན་ཞིག་གི་ངོས་ཀྱི་བླང་།

  7. ཁ་བའི་ཡུལ་གྱར་བ། says:
    2015-01-03 at 12:46 pm

    སྲོང་བཙན་སྐབས་སུ་ཡི་གེ་མེད་རབ་བརྒྱ་སྟོང་བཤད།
    བར་བཟའི་གཉེན་མདུན་ཆེད་དུ་བཀའ་ཤོག་ཡི་གེ་གཏོང།
    ཐོན་མི་གཞུང་འབྲེལ་རྒྱ་གར་ཡུལ་དུ་གཏོང་རབ་བཤད།
    རྒྱ་གར་ལོ་རྒྱུས་ནང་དུ་ཐོན་མི་མི་འདུག་ཟེར།
    བཙན་པོའི་སྐབས་སུ་གྲགས་ཅན་བློན་ཆེན་རྡོ་ངོས་སུ་བཀོད།
    ཐོན་མི་གཅིག་པུ་མ་འཁོད་བོར་བརླག་སོང་འདུག་ཟེར།
    གནའ་བོའི་ལོ་རྒྱུས་ཏུང་ཧོན་བྲག་ཕུག་ནང་ནས་ཐོན།
    ལོ་རྒྱུས་ནང་དུ་ཐོན་མི་མིང་སྐལ་ཆད་འདུག་ཟེར།
    ཉེ་ཆར་ཚན་རིག་པ་ཡི་ཡ་མཚན་ལོ་རྒྱུས་གསར་པ་ཞིག་།
    མི་ལོ་བཞི་སྟོང་གོང་གི་བོད་ཡིག་རྙེད་འདུག་ཟེར།
    བོད་ཡིག་གསར་གཏོད་མཁན་གྱི་མི་སྣ་གྲགས་ཅན་འདི།
    གནའ་བོའི་ཡིག་རྙིང་ནང་དུ་ཐང་དཀྱིལ་ལོང་བ་འདྲ།
    ད་ནི་དོག་པ་ཟ་ཡུལ་ཇེ་མང་ཇེ་མང་རེད།

  8. བཀྲ་ཤིས། says:
    2015-01-04 at 1:17 am

    གནམ་གུང་གི་ཉི་ཟླ་ཡོད་པའི་སྒྲུབ་བྱེད་གང་ཡང་མི་དགོས་པ་བཞིན། ཇི་སྲིད་བོད་ཀྱི་རིག་གཞུང་ནམ་གནས་བར་དུ་དེ་སྲིད་ཐོན་མིའི་བྱས་རྗེས་ཅན་གྱི་ལོ་རྒྱུས་ལ་ཡང་སྒྲུབ་བྱེད་གང་ཡང་མི་དགོས། ཏུན་ཧོང་སོགས་ཀྱི་ལོ་རྒྱུས་ནང་དུ་འཁོད་ཀྱང་ཆོག་ལ་མ་འཁོད་ཀྱང་ཆོག། ཡོད་ཚད་ཚན་རིག་དང་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་ནང་དུ་འཁོད་དགོས་པ་ཡིན་ན་སྟོན་པ་གཤེན་རབ་ཚན་རིག་དང་ལོ་རྒྱུས་གང་གི་སྒྲུབ་བྱེད་སྒྲུབ་ལུགས་དེ་གཅིག་ཤོད་དང།

  9. ཁ་བའི་ཡུལ་གྱར་བ། says:
    2015-01-04 at 2:49 am

    ཧཧཧ་་་བཀྲ་ཤིས་ལགས་་་སྟོན་པ་གཤེན་རབ་དང་ཐོན་བར་གྱི་རྩོད་པ་མ་རེད། སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་སྐོར་རེད། སྲོང་བཙན་སྐབས་ཀྱི་བློན་པོ་བྱས་པ་ཅན་བློན་ཆེན་མགར་གཙོའི་མང་པོ་རྡོ་རིང་ངོས་སུ་འཁོད་འདུག། ཐོན་མི་གཅིག་པུ་མིང་སྐལ་ཆད་དགོས་དོན་ག་རེ་རེད། ཉི་མ་དང་ཐོན་མི་གཉིས་དཔེ་དོན་འགལ་བ་རེད། བཙན་པོའི་རྡོ་རིང་གང་མང་ཞིག་གི་ངོས་སུ་བློན་པོ་གང་མང་ཞིག་གི་མིང་དང་བྱས་རྗེས་འཁོད་འདུག།
    སྲོང་བཙན་སྐབ་ཐོན་མི་ཟེར་བའི་ལྷ་སྒྲུང་ལྟར་བུ་ཞིག་མ་ཡིན་པར་ཡིག་གེ་གསར་གཏོད་བྱེད་མཁན་བྱས་རྗེས་ཅན་དེ་འདྲ་ཡིན་ན་རྡོ་རིང་ངོས་སུ་ཐོན་མི་ཨང་དང་པོ་འཁོད་དགོས། བཙན་པོའི་དུས་སུ་སྔ་ཕྱི་བར་གསུམ་རྡོ་རིང་མང་པོ་བཞེངས་འདུག། དེ་དག་ཚང་མའི་ངོས་སུ་ཐོན་མི་ཟེར་བ་ཟུར་ཙམ་འཁོད་མི་འདུག། དེ་དག་ལ་དཔྱད་ན་ཐོན་མི་ཟེར་བ་ཞིག་འཇིག་རྟེན་འདི་ན་བྱུང་མ་མྱོན་བའི་རྟགས་གསལ་པོ་རེད། དེ་ཡིན་དུས་ཉི་མ་དང་ཐོན་མི་གཉིས་དཔེ་དོན་ནང་འགལ་རེད་འདུག་ལགས།

  10. བཀྲ་ཤིས། says:
    2015-01-04 at 10:16 am

    ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་རྒྱལ་སྤྱིའི་ཚོང་ལས་ཁང་ཐོག་བརྩེགས་བརྒྱ་ལྷག་ཅན་གཉིས་པོ་དེ་ད་ལྟ་མིག་ལམ་དུ་མཐོང་རྒྱུ་མེད་པས་དེ་གཉིས་ལོ་རྒྱུས་སུ་བྱུང་མ་མྱོང་ཞེས་སུའི་བརྗོད་ནུས། དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ཉི་ཟླ་ལྟར་གྲགས་པའི་མཁས་པའི་སྔོན་མ་ཐོན་མི་བཀའ་དྲིན་ཅན་དེ་ཉིད་རྡོ་རིང་ངོས་སུ་འཁོད་ཡོད་མེད་ཙམ་གྱིས་ལོ་རྒྱུས་སུ་བྱུང་མ་མྱོང་ཞེས་སྨྲ་བ་པོ་རྣམས་ནི་མགོ་ཁྲེགས་ཅན་དངོས་གཙོ་སྨྲ་བའི་རང་འདོད་ཙམ་ཙམ་དུ་ཟད་དོ།

  11. ཁ་བའི་ཡུལ་གྱར་བ། says:
    2015-01-04 at 11:07 am

    ཧཧཧཧཧ་་་བཀྲ་ཤིས་ལགས་། ཁྱེད་ལ་གནས་ལུགས་རྐྱང་མི་འདུག་ཨ་རིའི་ཐོག་བརྩིགས་བརྒྱ་ལྷག་ཅན་གྱི་ཁང་པ་དེ་
    སྤྱི་ལོ་དུས་རབ་ག་དུས་བཞེངས་ཡོད་མེད་དང་བཞེངས་མཁན་མི་སྣ་དེ་དག་གི་ཤོག་བུ་དཀར་པོའི་ངོས་སུ་ཡིག་གེ་ནག་
    པོས་བྲིས་ནས་ཡོད། བཙན་པོ་འདས་ནས་ལོ་ཅིག་སྟོང་ཡས་མས་རྗེས་སུ་ཐོན་མི་ཟེར་ནས་མི་གྲགས་ཅན་ཞིག་ཐོན་
    བསྡད་འདུག། དངོས་ཡོད་གནས་ཚུལ་དེ་འདྲ་མ་རེད་ལོ། ཐོན་མི་ཟེར་བ་ཞིག་ཡོད་པ་སྲོང་བཙན་ནས་འུ་དུམ་བར་
    བཙན་པོ་སུ་གང་གི་ལོ་རྒྱུས་ནང་དུ་འཁོད་མི་འདུག་། ཡག་པོ་ལྟོས་ལགས།་

  12. བཀྲ་ཤིས། says:
    2015-01-04 at 6:50 pm

    མཁས་མཆོག་ཐོན་མི་ཁས་མི་ལན་མཁན་ཁྱོད་ཚོ་རང་གི་ལོ་རྒྱུས་གཞིར་བྱས་ན་བོད་ཡིག་འདིའི་སྲོལ་གཏོད་མཁན་སུ་འདོད་དམ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-01-05 at 2:38 am

    འགའ་ཡིས་ཐོན་མིས་བསྟན་བཅོས་གཞན་དྲུག་བསྣུབས་འདུག་ཟེར། །
    ཁ་ཅིག་ཐོན་མི་ཨ་ནུ་མོ་གཤམ་བུ་དང་མཚུངས་ཞེས་མགྲིན་པ་སྟེགས། །
    སུ་བདེན་སུས་ཤེས།།
    ཧམ་པ་སུ་ཆེ། །

  14. ཀརྨ་དབང་འདུས། says:
    2016-03-04 at 11:12 pm

    ང་ལ་ ཐུ་མི་མཁན་པོ་སམྦྷོ་ཊ་མཆོག་གི་རྣམ་ཐར་ཞིག་གནང་ཐུབ་ན་ བཀའ་དྲིན་ཆེ་ཞུ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme