Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བསྒྲགས།

Posted on 2011-07-12 By དབང་ཕྱུག་ 6 Comments on གསལ་བསྒྲགས།

ཟླ་འདིའི་ཚེས་ ༡༧ ཉིན་བཀའ་ཁྲི་གསར་པ་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མ་འོངས་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ གཏོང་ཐབས་ཀྱི་སྐོར་ལ་བོད་ཀྱི་མཁས་པ་དང་ཤེས་ཡོན་པ། དྷ་སའི་གཡས་གཡོན་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་སྤྱི་སྐོར་ཞིག་བཅས་ཆེད་དུ་གདན་ཞུས་ཀྱིས་གྲོས་མོལ་རང་བཞིན་ཅན་གྱི་བགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད་པ་དང་བགྲོ་གླེང་དེའི་མཇུག་འབྲས་ཀྱི་བསམ་ཚུལ་ཕྱོགས་བསྡུས་ཀྱིས་དེར་ཡོད་པའི་གདན་ཞུའི་སྐུ་མགྲོན་དང་ཚོགས་ཞུགས་པ་ཡོངས་ཀྱི་མཚན་རྟགས་བཀོད་དེ་བཀའ་ཁྲི་གསར་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དབུལ་རྒྱུ་ཡིན་པས་དེར་དོ་སྣང་ཡོད་རིགས་རྣམས་དུས་ལྟར་ཕེབས་རོགས་ཞུ་ཞུ།

གདན་ཞུའི་སྐུ་མགྲོན་ནམ་བགྲོ་གླེང་པ།

དགེ་བཤེས་ལྷག་རྡོར། ན་གཱ་སངས་རྒྱས་བསྟན་དར། ཤེས་རབ་དར་རྒྱས། བློ་གྲོས་དཔལ་བཟང་། དགེ་འདུན་རབ་གསལ། ཆུང་ཚེ་རིང་། ཆབ་བྲག་ལྷ་མོ། རེ་མདོ་སེང་གེ། གཟུངས་ཕྱུག་སྐྱིད། འོད་ཟེར། པ་སངས། གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན།
དྷ་སའི་གཡས་གཡོན་གྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་སློབ་སྤྱི།

བརྗོད་བྱ། བཀའ་སྤྱི་གཉིས་ཀྱིས་བསྒྲུབས་པའི་འདས་ཟིན་པའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་དགེ་སྐྱོན།

བརྗོད་བྱ། མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་དེ་ལག་ལེན་བསྟར་ཕྱོཊ།

དུས་ཚོད། ཟླ་འདིའི་ཚེས ༡༧ ཉིན། རེས་གཟའ་ཉི་མ། ༼ཞོགས་པའི་དུས་ཚོད་ ༩ ནས་ཕྱི་དྲོའི་དུས་ཚོད་ ༤ བར། ༽

འཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཚོགས་ཁང་།

གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།

༢༠༡༡ ༧ ༡༢ ཉིན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས།

གསལ་བསྒྲགས།

Post navigation

Previous Post: སྡིག་ཅན་དྲ་འབུའི་སྲོག་རྩ་གཅོད་པའི་ལུང་རིགས་རྡོ་རྗེའི་ཐོག་ཆར།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (6) on “གསལ་བསྒྲགས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-12 at 7:17 pm

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་མཆོག་ལ།
    ཁྱེད་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཆེས་ཆེར་ཉམས་རྒུད་དུ་འགྲོ་བའི་གནས་ལུགས་འདི་འདྲ་ལ་གཟིགས་ཏེ། བོད་རིག་གཞུང་སྐད་ཡིག་འདི་ཉམས་གསོ་མཛད་ཐུབ་ན། བོད་རིག་གཞུང་ཡུན་རིང་གནས་པ་དང་། བོད་མི་རྣམས་གཅིག་འགྱུར་འབྱུང་བ་ལ་ཕན་པར་ངེས། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འདི་ལྟར་གསུངས་ཏེ།
    དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
    ལྷ་ས་ཧོར་ཁང་སྤར་མ། ཤོག་གྲངས། ༣༢
    དིང་སང་འབྲི་བ་པོ་ཕལ་ཆེ་བས་དགོངས་མོ་ལ་དགོང་མོ་དང་། བཀའ་སྩལ་པ་ལ་བཀའ་བསྩལ་བ་དང་། རྒྱུ་ཆ་ལྡང་བ་ལ་རྒྱུ་ཆ་འདང་བའམ་རྒྱུ་ཆ་འདེང་བ་དང་། འོང་བ་ལ་ཡོང་བ་དང་། ལེགས་ལ་ལགས་དང་། རྗེས་འཇུག་ང་དང་། འ་ ར་ ལ་ དབྱངས་མཐའ་ཅན་གྱི་མིང་མཐའ་ལ་པ་ཐོབ་དགོས་པ་དག་ལ་ཡང་། བ་ཡིག་འབྲི་བ་དང་། བསྡུས་ཡིག་འགའ་ཞིག བཀྲ་ཤིས་ལ་བཀྲིས་དང་། བཀའ་དྲིན་ལ་བཀྲིན་དང་། རྗེས་འཇུག་ག་དང་དེ་ལ་ཡང་འཇུག་ས་ཡོད་པ་ལ་ཊ་འབྲི་བ་དེ་དག་མ་འབྲི་གྲོགས་ཞེས་འབྲི་མཁན་དག་ལ་ཞུ་བ་དང་། བོད་ཀྱི་མིང་ཚིག་དག་་འབྲི་མཁན་དག་གིས་སོ་སོའི་ལུང་སྐད་ཙམ་ཁོ་ནར་མ་ཡིན་པར་བཀའ་བསྟན་གསུང་འབུམ་སོགས་ཀྱི་་ཡིག་སྐད་དང་མཐུན་པ་ཞིག་མཛད་ཐུབ་ན། དགེ་འདུན་ཆོས་འཕེལ་མཆོག་གིས་བོད་ལ་ཤ་ཚས་གསུངས་པ་ལ་ཡང་རྩི་བཀུར་ཞུ་བར་འགྱུར་ངེས་ལགས།

    ལག་ལེན་བསྟར་ཕྱོཊ། ཀློག་པ་པོ་ཚང་མས་ཊ་དེ་གས་ཡིན་པ་ཤེས་མི་ཐུབ་

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-07-12 at 11:10 pm

    ཁྱེད་ཚོའི་བགྲོ་གླེང་དེ་གྲུབ་པའི་རྗེས་སུ། བགྲོ་གླེང་ཅི་བྱུང་སྐོར་གྱི་གནས་ཚུལ་གསལ་བོ་ཞིག་དྲ་ཐོག་ལ་འཇོག་རོགས། དེ་རེ་བ་ཡིན།
    སྐད་ཡིག་གི་གནད་དོན་འདིའི་སྐོར་ལ་བསམ་ཚུལ་མང་པོ་ཡོད་། ཁྱེད་ཚོ་ཁ་དྲོ།

  3. ཀིརྟི་སྐྱབས། says:
    2011-07-13 at 6:35 am

    ཡག་པོ་རེད། འོན་ཀྱང་གོ་བསྡུར་བྱེད་སའི་མི་ཤེས་མྱོང་ཅན་སྐད་བཏང་ན་ལེགས། འདིའི་ནང་ཁ་ཤས་ཤིག་ནི་སྐབས་འཚོལ་བ་དེ་འདྲ་རེད།

  4. བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ། says:
    2011-07-13 at 4:26 pm

    རྣམ་པ་ཚོ་ཕེབས་པར་དགའ་ཡོད།
    ཐུགས་རྗེ་ཆེ།

  5. ྦྦྦཁིར་བཞུད། says:
    2011-07-14 at 11:02 am

    ཐུགས་རྗེ་ཆེ་ཞུ།

  6. ཨ་གཙང་གནས་རྒྱམ། says:
    2011-07-14 at 3:34 pm

    དྲྭ་བདག་ལགས། རིགས་གཞུང་ལ་ཞབས་འདགས་ཆེད་གང་ནུས་ཀྱིསའབད་བརྩོན་བྱེད་རྒྱུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme