Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ།

Posted on 2016-09-192016-09-19 By ཁ་བརྡ 21 Comments on རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ།

14393348_593841864073740_129590101_oགནས་ཚུལ་གཏོང་མཁན། ཚངས་དབྱངས་རྒྱ་མཚོ།

 
འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱིས་བཀོད་བསྒྲིག་འོག རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་བཞུགས་སྒར་ནོར་གླིང་དུས་འཁོར་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༦ ཟླ་༩ ཚེས་ ༡༧-༡༨ བར་བསྐོང་འཚོགས་གནང་། ལྷན་འཚོགས་འདིར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་འགན་འཛིན་དང་སློབ་སྟོན་པ་རྣམ་པ། དེ་བཞིན་ཨ་རིས་གཙོ་རྒྱལ་ཁབ་དང་ས་གནས་ཁག་ ༡༤ ནས་ཇོ་ནང་སྐུ་ཚབ་ཞལ་གྲངས་ ༣༠ ལྷག་ཕེབས་ཞུགས་གནང་ཡོད།

དེ་ཡང་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཕྱི་ལོ་ ༡༩༩༧ ནས་བཟུང་རང་གཞུང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་ཆོས་བརྒྱུད་སྤྱི་མཚུངས་ལྟར་ཐོབ་ཐང་འདྲ་མཉམ་ཐོབ་འོས་ཐོབ་རྒྱུར་རེ་སྐུལ་ཐེངས་མང་ཞུས་པ་མ་ཟད། ཁྲིམས་མཐུན་ཞུ་འབོད་ལས་འགུལ་སྔ་ཕྱི་བྱས་ཀྱང་དོན་མཐུན་བདག་སྤྲོད་མ་བྱུང་བའི་རྐྱེན་གྱིས། ད་ལན་རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་བསྐོང་འཚོགས་གནང་དགོས་བྱུང་བ་རེད།

ལྷན་འཚོགས་འདིའི་རེ་བ་གཙོ་བོ་ནི། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་སུ་གཞོན་སྐྱེས་ཤེས་ལྡན་པ་གང་མང་ཞིག་ཕེབས་ཡོད་སྟབས། ཚོགས་ཞུགས་ཇོ་ནང་སྐུ་ཚབ་རྣམ་པས་སླར་ཡང་དྲང་བདེན་དང་གནས་ལུགས་དཔང་དུ་བཙུགས་ནས་གྲོས་ཚོགས་སུ་སྙན་ཞུ་ཁ་གསལ་ཞིག་ཕུལ་ཏེ། རེ་འབོད་ཐེངས་གཅིག་ཞུས། གོ་སྐབས་ཐེངས་གཅིག་ཕུལ་བ་ཡིན་ན། རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཁྲིམས་ཐོག་ནས་གནང་ངེས་སྙམ་པའི་ཡིད་ཆེས་བློ་གཏད་ཀྱི་སྒོ་ནས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱི་ཐོག་ནས་བཞག་སྟེ། ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་རེ་བ་ཡིད་ཆེས་ཀྱི་ངང་ནས་མཇུག་བསྡུས།

གྲོས་ཆོད་ཁག་གཤམ་གསལ་ལྟར།

 

གྲོས་ཆོད། དང་པོ།
ཀ༽ རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བའི་སྙན་ཞུ་སླར་ཡང་འབུལ་རྒྱུ། སྤྱི་མོས།

ཁ༽ སྐུ་ཚབ་ཆ་བགོས་བྱས་ཏེ་གྲོས་ཚོགས་འཐུས་མི་རེ་རེའི་ལས་ཤག་ཏུ་ཆེད་བཅར་གྱིས་ཇོ་ནང་པའི་རེ་འདོད་སྙན་གསན་དང་འབྲེལ་ཡིག་ཐོག་སྙན་ཞུ་དངོས་འབུལ་ཞུ་རྒྱུ། སྤྱི་མོས།

 

གྲོས་ཆོད། གཉིས་པ།
ཀ༽ གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་གནང་ཚེ། ད་ལོའི་དུས་དབང་སྐབས་ཀྱི་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་བགྲོ་གླེང་གནང་རྒྱུ། སྤྱི་མོས།

ཁ༽ གྲོས་ཚོགས་འཚོགས་དུས་གསུམ་པའི་སྟེང་ཞི་འབོད་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སྐོར་ལ་བགྲོ་གླེང་གནང་རྒྱུ། སྤྱི་མོས།

ག༽ བོད་ནང་གཙོས་རྒྱལ་སྤྱིའི་ཐོག་གི་ཇོ་ནང་པ་ཡོངས་ལ་འབྲེལ་ལམ་བྱེད་སླད་སྔར་ཡོད་དང་བཅས་ས་གནས་ཁག་ཉི་ཤུར་ས་གནས་རྒྱུན་ལས་བསྐོ་བཞག སྤྱི་མོས།

 

གྲོས་ཆོད། གསུམ་པ།
གལ་ཏེ་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག་དང་ལེན་བྱེད་ཐབས་མེད་པའི་ཐག་གཅོད་བྱུང་ན། སྙན་ཞུ་གཉིས་པ་ཞིག་འཕྲལ་དུ་ཕུལ་ནས་མ་འོངས་ལས་འཆར་ཁག་ཁ་གསལ་སྙན་གསན་ཞུ་རྒྱུ་དང་། ད་ལོའི་དུས་དབང་སྐབས་ཀྱི་ཇོ་ནང་ཚོགས་ཆེན་སྐབས་སུ་གྲོས་ཚོགས་ཀྱི་ཐག་གཅོད་ལ་བཀའ་བསྡུར་ཀྱིས་གྲོས་ཚོགས་འཚོགས་དུས་གསུམ་པར་ཞི་འབོད་ལས་འགུལ་སྤེལ་རྒྱུ། སྤྱི་མོས།

 

གྲོས་ཆོད། བཞི་བ།
འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་སྟབས་བསྟུན་དེ། དབུ་མའི་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་དང་། གོ་སྒྲིག་བྱེད་ཕྱོགས་ལྷན་ཚོགས་ནས་སྐབས་བབས་ཐག་གཅོད་གནང་རྒྱུ། སྤྱི་མོས།

 

གྲོས་ཆོད། ལྔ་བ།
སིམ་ལ་ཇོ་ནང་མ་དགོན་དང་། བལ་ཡུལ་ཇོ་ནང་དགོན་པའི་ལས་ཐོག་མཁན་རིན་པོ་ཆེ་རྣམ་གཉིས་ཇོ་ནང་འགྲོ་ཕན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སུ་བསྐོ་རྒྱུ་དང་། དེ་བཞིན་དུ་ལྷོ་ཕྱོགས་གནས་སྡོད་སྐུ་ཞབས་སྟོབས་འབྱོར་ལགས་དང་། ལྡི་ལིར་གནས་སྡོད་སྐུ་ཞབས་ཟླ་བ་ལགས། ཝ་ར་ན་སིར་གནས་བཞུགས་དགེན་རྣམ་རྒྱལ་ལགས་བཅས་དབུས་རྒྱུན་གསུམ་དགོངས་ཞུའི་ལས་ཚབ་དུ་འོས་འདེམས་བྱས། སྤྱི་མོས།

རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོའི་འཚོགས་མི་ལྷན་རྒྱས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༨ ཉིན་གཏན་ལ་ཕབ་པ།

གསར་འགྱུར།

Post navigation

Previous Post: གཞོན་སྐྱེས་སྤྱི་འཐུས་གསར་པ་གསུམ་དང་གླེང་མོལ།
Next Post: རྩེད་འགྲན་རུ་ཁག་རེར་དངུལ་མང་ཙམ་མ་བསྡུས་ག་མེད་རེད།

Comments (21) on “རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-19 at 1:03 am

    ད་ནས་བཟུང་། ས་དགེ་བཀའ་རྙིང་བོན་གྱི་སྤྱི་འཐུས་ཉུང་འཕྲིས་ཀྱིས། ཇོ་ནང་། ཞི་བྱེད་སོགས་དང་། ཁ་ཆེ། ཡི་ཤུ ཧིན་ཆོས་སོགས་ཀྱིས་སྐུ་ཚབ་ས་དམིགས་བསྐོ་ཡ་འགོ་ཙུགས་ན་མི་བཟང་ངམ་སྙམ་མོ།། །།

  2. འདན་མའི་བུ་ཆུང་། says:
    2016-09-19 at 4:08 am

    ད་ཡིན་ན་དཀའ་ལས་འདུག་བ་ ཇོ་ནང་ཡང་གཅིག་ ཁ་ཆེ་གཅིག་ ཤུགས་ལྡན་ལ་ཡང་གཅིག་ ཧ་ཧ་ཧ་ སྤྱི་མཐུས་ཀྱི་ཐོབས་ཐང་མོང་པ་ལ་

  3. མི་རིགས་བསོད་ནམས། says:
    2016-09-19 at 5:37 am

    དོལ་རྒྱལ་ཚང་་་སྐད་འབོད་མེད་ཙང་་་་་་ཡང་ཇོ་ནག་སླེབས་ཡིན་ས་རེད་་་་

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-19 at 7:51 am

    ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་མ་ཚང་དེ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་ནས་ཇོ་ནང་ཆོས་རྒྱུད་ེད་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ཆོས་རྒྱུད་ལྔ་དང་འདྲེས་ལྷད་མེད་པ་རང་སྐྱ་འཕེར་བའི་ཆོས་རྒྱུད་ཞིག་ཡིན་པའི་ངོ་སྤྲོ་་ཡིག་ཐོག་ནས་སྤྱི་འཐུས་གྲོས་ཚོགས་ལ་འབྱོར་ཉིན་ནས་སྤྱི་འཐུས་གྲོས་ཚོགས་ནས་ཇོ་ནང་ལ་ཆོས་རྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ཀྱི་ས་མིག་ཕུལ་དགོས་པ་དེ་མང་གཙོ་དང་དྲང་བདེན་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མ་རེད་དམ་?

  5. བྱམས་པ། says:
    2016-09-19 at 9:10 am

    སྤྱི་མཐུས་འདྲ་མིན་སྣ་ཚོགས་བཀོད་ནས་བོད་གཞུང་གི་མ་དངུལ་ཉུང་དུ་བཏང་རྒྱུ་ཡིན་ནམ། དངུལ་མེད་པའི་སྒང་ལ་སྤྲོད་རྒྱུ་མང་རུ་མང་རུ། སྤྱི་མཐུས་ཚོང་འདུས་ཟེར་ནས་འཁྲུག་པ་གང་རྒྱབ་བསྡད། ད་ཡིན་ན་བོད་པ་ཚང་ལ་ལས་ཀ་འདུག

  6. བེ་རི་རིག་རྡོར། says:
    2016-09-19 at 9:57 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས། བོད་ཀྱི་ཆོས་བརྒྱུད་ཁག་སྟོན་པ་གཅིག་གི་བསྟན་པ་རེད། ཆོས་བརྒྱུད་ཁག་ཕན་ཚུན་འདྲེས་ལྷད་ཡོད་མེད་ཇི་ལྟར་བཤད་ཐུབ། ཡང་གཅིག་བཤད་ན། ཁྲིམས་ཀྱི་མདུན་སར་མི་རིགས་དང་། ཆོས་བརྒྱུད་ཡོངས་རྫོགས་གཅིག་པ་རེད་ཅེས་ཟེར་བ་མིན་ནམ། གལ་ཏེ་དེ་ལྟའི་ས་མཚམས་ཡོད་ན། བཅའ་ཁྲིམས་སུ་ཆོས་བརྒྱུད་གཞན་དང་འདྲེས་སླད་མེད་པའི་ཆོས་བརྒྱུད་ཁག་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་མི་ཟེར་དོན་ཅི་ཡིན་ནམ། མ་གཞི་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ནི། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་པ་ལས། དེའི་དད་ཡུལ་ཆོས་བརྒྱུད་དེ་ཆོས་བརྒྱུད་གཞན་དང་འདྲེས་ལྷད་ཡོད་མེད་ཀྱི་ཐོག་ནས་ཐག་གཅོད་དགོས་པ་ཞིག་མ་རེད། ཉིད་ཀྱིས་དེ་དམངས་གཙོ་དང་། དྲང་བདེན། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་རྒྱབ་རྟེན་དུ་དྲངས་པ་ནི་ཆེས་ནོར་འཁྲུལ་ཞིག་མ་རེད་དམ། གཞུང་པ་ལགས།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-20 at 7:04 am

    ཁྲིམས་ཀྱི་མདུན་ས། འདིའི་ནང་གི མདུན་ས། ཞེས་པར་འདུན་ས། ཞེས་འབྲི་ན། དག་པ་ཡིན། འདུན་ས་དང་འདུས་ས་དོན་གཅིག། འདུས་བཟང་དང་། འདུན་བཟང་། ཞེས་པ་ལྟར་ཡིན། ཐེངས་ཞེས་བོད་མཁས་པ་ཡོངས་ཀྱིས་བྲིས་པ་མེད་པ་བཀོལ་ན། བོད་ཀྱི་སྐད་ཡིག་ལ་ཉམས་ཆག་བྱུང་དང་འབྱུང་བཞིན་པ་དང་། འབྱུང་བར་འགྱུར་བར་གྲོགས་བྱེད་པར་མཐོང་། དེ་ཡང་སྐད་གཅིག ཐང་གཅིག ཞེས་པའི་ཐང་ཐེང་ལ་གྱུར། དེ་ལ་ཡང་འཇུག་ས་བསྣན་ཏེ། ཐེངས། ཞེས་བོད་ཀྱི་སྐད་ཡིག་ཉམས་ཆག་ལ་རྣམ་དཔྱོད་ཀྱིས་དབེན་པ་དག་ལ་རླུང་ལྟར་རྒྱུག་གོ །

  8. ལོ་ཡག says:
    2016-09-20 at 9:36 am

    ཁྲིམས་ཀྱི་ ”མདུན”ས་ཞེས་བྲི་དགོས། གང་ལ་ཟེར་ན། ཁྲིམས་ཀྱི་སྔུན་དུ་ཞེས་པའི་དོན་ལ་སྟོན་པའོ། ། ”འདུན” ནི་སེམས་བྱུང་ཞིག་སྟེ། ཡུལ་གང་ཞིག་དོན་དུ་གཉེར་པའི་བློའོ། རྒྱལ་པོའི་”མདུན”ས་རུ་པུས་མོའི་ལྷ་ང་ས་ལ་བཙུགས་ཞེས་པ་ལྟ་བུའི་སྐབས་སུ་ངེས་པར་དུ་”མདུན”ཞེས་བྲི་དགོས། བློན་པོ་ལ་”མདུན”ན་སྡོད་ཟེར་པའང་། རྒྱལ་པོའི་འཁྲིས་སམ་གམ་ན་སྡོད་པའི་མི་ཡིན་པའི་ཆ་ནས་དེ་ལྟར་ཟེར།
    བཙན་བྱོལ་བོད་གཞུང་གི་བོད་ཡིག་སློབ་དེབ་རིག་པའི་ཉིན་བྱེད་དེབ་ལྔ་བའི་ནང་། ”མདུན”མ་བཤམས་པ་བ་བཤམས་ལ། ། ཞེས་འབྱུང་པ་ནི། མ་དག་པ་ཡིན་ཏེ། ”མདུན་ལ”བཤམས་པའམ། ཡང་ན་”འདུན་མ་”བཤམས་པ་ཞེས་གང་རུང་ཞིག་ཏུ་བཅོ་དགོས། གཞན་དུ་ན་གོ་དོན་སྟོར་བར་འགྱུར།

    འདི་རྣམས་ས་པཎ་གྱི་«དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་»ལས་དྲངས་མོད། ཡི་གེ་བའི་ནོར་འཁྲུལ་ལམ་ཡང་ན་པཎ་ཆེན་གང་གི་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་སྣང་། དེ་ལ་ཁོ་ན་རེ། འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པའི་ཕྱིར་ན་ནོར་བ་ནི་མི་སྲིད་པའི་ཆོས་སོ་ཞེས་རྩོད་སྲིད་མོད། འཇམ་དབྱངས་
    སྤྲུལ་པ་ཡིན་ཡང་ཡེ་ཤེས་ཀྱི་སྐུ་མཚན་དཔེ་གསལ་རྫོགས་སུ་ཤར་པ་མ་ཡིན་པར་མི་ཡི་རྣམ་ཅན་དུ་བྱོན་པ་བརྗེད་ག་ལ་རུང་། མི་ལ་ནི་སྐྱོན་མེད་ཅིག་ག་ལ་སྲིད། དེ་ཉིད་དུ། སྐོར་བ་བསྐོར་དང་སྐོར་མཛོད་དང་། །ཞེས་འབྱུང་ན། ”དཀོར་མཛོད་”རེད་དམ་”སྐོར་མཛོད”རེད། ནོར་བ་གཏན་འཁེལ་མ་རེད་དམ། ད་དུང་དེ་ཉིད་ན། ཡོད་དེ་མེད་དེ་དེ་རྐྱང་བྱེད། །ཅེས་འབྱུང་བའང་། ཞིབ་ཏུ་བརྟགས་ན། ཡ་མཚན་ཏེ། སུམ་ཅུ་བའི་སྐབས་སུ་བཤད་བྱ་ ལྷག་བཅས་ཀྱི་ཕྲད་ཅིག་དག་ཡིག་གི་སྐབས་འདིར་བསྟན་པ་ལ་ནི་ དགོས་པ་ལྷག་མ་གང་ཡང་མ་མཆིས་ཏེ། གཞན་དུ་ན་ཕྲད་རྣམ་དབྱེ་གཞན་དག་ཀྱང་བསྟན་དགོས་རྒཱུར་མ་ཐལ་ལམ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-20 at 10:25 am

    འདུན་པ་(ཚནྫཿ)ཞེས་པ་སེམས་བྱུང་དུ་བདག་ཁས་ལེན། མི་མངས་འདུས་ནས། ཁྲིམས་བྱེད་པའི་ཚོགས་འདུས་ལ་འདུན་ས་ཟེར། ཆོས་བཟང་ལྷ་ཡི་འདུན་ས་ན། ཞེས་པ་ལྟ་བུ། སྐབས་འགར་རྗེས་འཇུག་སའི་ཚབ་ལ་ན་བྲིས་པ་དུ་མ་ཡོད་དེ། ཟས་ལ་ཟན་དང་། དབྱིག་གཉེན་གྱི་བྲེ་བྲག་སྨྲ་བའི་སློབ་དཔོན་ལ་སྐབས་འགར་འདུན་བཟང་དང་། སྐབས་འགར་འདུས་བཟང་། བྲིས་པ་བརྩོན་འགྲུན་ལྡན་པ་དག་གིས་བོད་དཔེ་དག་གསིལ་ན། གཟིགས་ངེས། དེ་ཡང་འདུན་ས། ལེགས་སྦྱར་སྐད་ཀྱི། ས་བྷཱ། ཞེས་པ་བོད་སྐད་དུ་བསྒྱུར་པ་ལས་བྱུང་ངོ་།
    རྒྱགར་གྱི་རྒྱལ་ས་ན། ལོ་ཀ་ས་བྷཱ། ཞེས་པ་ཡོད། མི་མངས་ཀྱི་འདུན་ས། ཞེས་པ་ཡིན། ལོང་ཡོད་ན། དེ་་ལ་གཟིགས་མོར་སྐྱོད་ཅིག །

  10. མེ་ཏོག་བཀྲ says:
    2016-09-20 at 10:34 am

    ཇོ་ནང་པ་རྣམས་ཀྱིས་རང་གི་དབང་ལུང་ཁྲིད་གསུམ་གཙོ་བོར་བཟུང་སྟེ་ཉམས་ལེན་དང་འཆད་ཉན་གོང་མཐོར་གཏོང་རྒྱུའི་ཕྱག་ལས་གཉེར་རྒྱུ་ལས། སྐྱུག་བྲོ་སྲིད་དོན་གྱི་བྱ་གཞག་དང་འབྲེལ་བའང་མེད་ལ་ཕན་ཐོགས་ཀྱང་མེད། གལ་ཏེ་ཁྱེད་རྣམས་ལ་སྤྱི་འཐུས་བྱེད་པའི་སྒོ་སྐབས་འཐོབ་ནའང་། དེས་ཁྱེད་ཚོར་ཁྲིད་པའི་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ལ་བར་ཆད་ལས་ཕན་ཐོགས་ཡོང་བ་མི་མངོན།

    གཞན་ཡང་ཆོས་ལུགས་ཐ་དད་ཡིན་པའི་རྒྱུ་མཚན་ཐན་ཐུན་བཟུང་སྟེ་སྤྱི་འཐུས་ཀྱི་ས་མིག་དགོས་ལུགས་གསུངས་པ་དེས། བོད་མིའི་ནང་ཆོལ་ཁ་དང་ཆོས་ལུགས་ཐ་དད་ཡིན་པའི་རྒྱུ་མཚན་ཐན་ཐུན་གསུང་རྒྱུ་མང་པོ་ཞིག་ལ་ཡོད་པས། དེ་དག་ཐམས་ཅད་ལའང་སྤྱི་འཐུས་ཀྱི་གོ་སྐབས་བསྐྲུན་དགོས་ཆགས་ན། བཙན་བྱོལ་གཞུང་གི་ལས་བྱེད་ལས་ཀྱང་སྤྱི་འཐུས་ཀྱི་གྲངས་འབོར་མང་བ་ཆགས་རྒྱུ་གདོན་མི་ཟ་བས། དེ་དོན་ཇོ་ནང་པ་བློ་ལྡན་རྣམས་ནས་བསམ་གཞིགས་ཡོང་རྒྱུའི་རེ་བ་ཞུ།

  11. ལོ་ཡག says:
    2016-09-20 at 12:02 pm

    མཐོང་ཐོས་ཡངས་པའི་བོད་དགེ་བློ་འཇམ་ལགས་ཀྱིས་ལན་ལྡོན་རོགས།

    “མི་མངས་འདུས་ནས། ཁྲིམས་བྱེད་པའི་ཚོགས་འདུས་ལ་འདུན་ས་ཟེར།་”ཞེས་དང་ “ཆོས་བཟང་ལྷ་ཡི་འདུན་ས་ན།”

    ཞེས་པ་གང་དུ་གསུངས་འདུག་གམ།

    གཞན་ཡང་ཁྱེད་ཀྱིས་ “དེང” སང་ ལ་”དིང་” སང་ཞེས་འབྲི་མུས་ལ། དེ་ལ་ཁུངས་ལུང་ཅི་འདྲ་ཡོད་དམ། དེ་བཞིན་ཉིད་ནས་ “ཐེངས་” ནོར་ཅིང་ “ཐང་” དག་པར་བཤད་གདའ། དེ་ལ་རྒྱུ་མཚན་ཅི་ཡོད།

    གསུངས་དང་།

  12. ནུབ་ཕྱོགས་གངས་ཕྲུག says:
    2016-09-20 at 12:27 pm

    མེ་ཏོག་བཀྲ། ཇོ་ནང་གི་ཉམས་ལེན་གཅིག་པུ་བྱས་ན་འགྲིག་གི་ཡོད་ན། དེ་དེ་བཞིན་དུ་ས་དགེ་བཀའ་རྙིང་བཞི་པོས་ཀྱང་ཉམས་ལེན་བྱས་ནས་བསྡད་ན་བཟང་། འདི་ཚོར་ཡང་སྤྱི་འཐུས་མི་དགོས། རིག་པ་མཚུངས་སོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-20 at 6:10 pm

    སློབ་གཉེར་ཤེས་འདོད་ཅན་ལོ་ཡག་ལེགས། “ཆོས་བཟང་ལྷ་ཡི་འདུན་ས་ན།”ཞེས་པ་གདུགས་དཀར་གྱི་མགོ་ན། ཁོ་བོ་ལོ་གཞོན་དུས དཔེ་ཆ་འདི་བློ་འཛིན་བྱས། སྐྱོར་སྦྱང་མང་དུ་བྱས་མྱོང་།
    དིང་སང་། ཞེས་པ་མཁས་གྲུབ་རྗེ་སོགས་བོད་མཁས་པ་རྣམས་ཀྱིས་བྲིས་པ་དང་། འགོས་ལོ་གཞོན་ནུ་དཔལ་གྱིས་བྲིས་པའི་དེབ་ཐེར་སྔོན་པོ་དཔེ་དེབ་ཤོག་གྲངས་༤༢༣་དང་༤༢༤སོགས་ན་མང་བས། བོད་ཀྱི་མཁས་་པ་རྣམས་ཀྱིས་བྲིས་པའི་རྗེས་སུ་འབྲངས།།
    ‘དེ་བཞིན་ཉིད་ནས་ “ཐེངས་” ནོར་ཅིང་ “ཐང་” དག་པར་བཤད་གདའ། དེ་ལ་རྒྱུ་མཚན་ཅི་ཡོད།?”
    བོད་མཁས་པས་བྲིས་པའི་དཔེ་ཆ་རྣམས་ཀློག་གྲོགས། ཤེས་པར་འགྱུར། བོད་མཁས་པས་བྲིས་པའི་དཔེ་ཆ་་གང་ན་ཡང་། ཐེངས། ཞེས་པ་ཞིག་མཐོང་མ་སོང་། ཁྱེད་ཀྱིས་གཟིགས་ན། དཔེ་ཆའི་མིང་དང་ཤོག་གྲངས་འབྲི་ན། བོད་ཀྱི་དག་ཆ་སྲུང་བ་པོ་རྣམས་ལ་ཕན་ནོ།

  14. ཤར་ཁའི་གཅོད་སྨྱོན། says:
    2016-09-20 at 9:08 pm

    སྐབས་ཐོབ་ཀྱི་བཤད་བྱ་དེ་ག་རེ་ཡིན་ན་དེའི་རྗེས་སུ་འབྲང་རྒྱུ་གལ་ཆེ།
    དག་ཆ་གཙོ་བོ་མིན་ལགས། སྐབས་འདིའི་བརྗོད་བྱ་གཙོ་བོ་དཔལ་རྒྱལ་བ་ཇོ་ནང་པའི་ཐོབ་ཐང་འདི་ཡིན་པས་ཀུན་གྱིས་དེ་ལ་དོ་སྣང་མཛད་རོགས་ཞུ་ལགས། ཇོ་ནང་པ་ལ་ཆོས་ལུགས་ཀྱི་ཐོབ་ཐང་དགོས་ཆོས་ལུགས་འདྲ་མཉམ་ཡིན།

  15. ལོ་ཡག says:
    2016-09-20 at 9:23 pm

    ཞོགས་པ་བདེ་ལེགས། དགེ་བློ་འཇམ་ལགས། གསལ་བོར་བསྟན་པར་ལེགས་སོ་ཞུ།

    ཡིན་ན་ཡང་། གདུགས་དཀར་གྱི་ “ཆོས་བཟང་ལྷ་ཡི་འདུན་ས་ན་” ཞེས་ཐོན་མ་ཐག་པའི་མུར། “བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་ ‘ཕྱུང’ ངོ་།” ཞེས་འབྱུང་ན། གཟིགས་དང་། ཡིག་ནོར་མི་འདུག་གམ།

    “ཕྱུང་”ནི་བྱེད་འབྲེལ་ལས་ཚིག་ཡིན་པས། བཅོམ་ལྡན་འདས་ “ཀྱིས” ཞེས་བྱེད་སྒྲ་སྦྱར་དགོས། བྱེད་སྒྲ་མི་སྦྱོར་ན་ “ཕྱུང་” སྒྲ་བྱེད་མེད་ལས་ཚིག་ “བྱུང་” ལ་བསྒྱུར་དགོས། གཞན་དུ་ན་ཚིག་སྐྱོན་ནོ། །

    འདི་དག་དག་ཡིག་གི་ཁུངས་སུ་གཟུང་མི་རུང་།

  16. ཁྱུང་སེ། says:
    2016-09-20 at 9:37 pm

    ནུབ་ཕྱོགས་གངས་ཕྲུག་བཤད་པར་བདེན། ༡༠༠/༡༠༠ རྒྱབ་སྐྱོར་ཡོད།

  17. ལོ་ཡག says:
    2016-09-20 at 9:41 pm

    #14 ཤར་ཁའི་གཅོད་སྨྱོན། ་ལགས་བདེན་ནོ།
    ཇོ་ནང་ལ་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་མི་སྤྲོད་པ་དེ་དྲང་བདེན་ཞིག་རྩ་ནས་མ་རེད།

    ལ་ལས་ཇོ་ནང་གིས་དེ་ལྟར་ཐོབ་ཐང་རྩོད་པ་ནི་ཆབ་སྲིད་དུ་མཐོང་བཞིན་ཡོད། དོན་དངོས་སུ་དེ་ལ་དགག་བྱ་བྱེད་པ་ནི་མ་རུང་ཁོག་བཅུག་གི་ཆབ་སྲིད་འབའ་ཞིག་རེད།

    དེ་ལ་སྣ་སྤྲད་ན་ངའི་ཁ་བཀབ་འཇོག་གི་ཟེར་ན་ག་ལ་རུང་། དེ་ལ་སྣ་ཡི་ཐོབ་ཐང་ཡོད་མེད་ལ་བལྟ་དགོས་མ་རེད་དམ།

  18. ཀརྡོ་རབ་འབྱམས་པ་ says:
    2016-09-20 at 11:52 pm

    #14 ཤར་ཁའི་གཅོད་སྨྱོན། ་ལགས་ཀྱིས་སྤེལ་དོན།:
    September 20th, 2016 at 9:08 pm
    སྐབས་ཐོབ་ཀྱི་བཤད་བྱ་དེ་ག་རེ་ཡིན་ན་དེའི་རྗེས་སུ་འབྲང་རྒྱུ་གལ་ཆེ།
    དག་ཆ་གཙོ་བོ་མིན་ལགས། ་་་་་་་་་་་་་་་ ཟེར།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-21 at 7:32 am

    དགེ་ལོལ་དགོངས་དྲོ་བདེ་ལེགས།
    “ཕྱུང་”ནི་བྱེད་འབྲེལ་ལས་ཚིག་ཡིན་པས། བཅོམ་ལྡན་འདས་ “ཀྱིས” ཞེས་བྱེད་སྒྲ་སྦྱར་དགོས།” ཞེས་པར་གཤམ་གསལ་གྱི་ལན།
    ་
    དེ་དུས་ཀྱི་འབྱིན་པ་པོ་བཅོམ་ལྡན་འདས་ཡིན་ན། བདེན་ཡང་། ཚིག་དེ་དག་འབྱིན་པ་པོ་སུ་ཡིན་ངེས་པ་མེད། འོན་ཀྱང་ཚིག་དེ་དག་སེམས་ཅན་ལ་ཕན་པའི་ཕྱིར་དུ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་ཕྱུང་བས། བྱིན་གྱིས་བརླབས་པའི་བཀའ་ཡིན་དགོས།
    འབྱིན། ཡུལ་ཡོད་བྱ་ཚིག་དང་། འབྱུང་། ཡུལ་མེད་བྱ་ཚིག་ཅེས་སྐད་རིགས་གཞན་གྱི་འགྲོ་སྟངས་བཞིན་དུ་ཁོ་བོས་སྨྲ་ཞིང་འབྲི་བར་བྱེད། མཁས་པས་བྲིས་པའི་དཔེ་ཆ་དག་པའི་ཚིག་རྣམས་ལ་བརྟེན་ནས་ཞ་ལུ་ལོ་ཆེན་སོགས་ཀྱིས་དག་ཡིག བསྐྲུན། སྔོན་བོད་དུ། དག་ཡིག་ངག་སྒྲོནགྱི་དཔེ་ཆ་ཞིག་མཇལ་སྐབས། ཚིག་དག་པ་རྣམས་ཤེས་དགོས་ན། བོད་མཁས་པས་བྲིས་པའི་དཔེ་ཆ་དག་པ་རྣམས་ལ་བལྟས་ཏེ། སྦྱང་དགོས་སྙམ། དེ་བཞིན་དཔེ་ཆའི་དགེ་རྒན་ལ་ཡང་ཞུས། བོད་ཀྱི་ཡི་གེ་དག་པོར་འབྲི་བ་པོ་རྣམས་ཀྱང་དེ་ལྟར་མཛད་པ་ལས་བྱུང་བ་དང་། འབྱུང་བཞིན་པ་ཡིན་འདུག་གོ །
    ་
    སྔར་བོད་བཀྲ་ཤིས་ལྷུན་པོར་༡༩༥༠པའི་མགོ་སྟོད་དུ། ཇོ་ནང་རྗེ་བཙུན་ཏཱ་རཱ་ནཱ་ཐས་བྲིས་པའི་སངས་རྒྱས་བྱང་སེམས་ཀྱི་མཛད་པ་བརྒྱ་དང་བརྒྱད་ཡོད་པ་ཞིག་མཇལ་ནས། དད་སྣང་གིས་བཀླགས་པར་མ་ཟད། གཞན་ལ་ཡང་ཕན་པའི་རེ་བས་སྟེར་པ་ཡིན། ཇོ་ནང་པའི་བསྟན་པ་རིན་པོ་ཆེ་རྒྱལ་གྱུར་ཅིག །

  20. ལོ་ཡག says:
    2016-09-21 at 7:58 am

    ཞིབ་མོར་བཀླགས་པ་ཡིན།
    དགེ་ལེགས་འཕེལ།

  21. ཀརྡོ་རབ་འབྱམས་པ་ says:
    2016-09-21 at 8:30 am

    སྤྱི་འཐུས་ཕར་མ་བཟོས་ནས། གླ་ཆ་སྤྱོད་ཡ་མེད་ན། ཆོས་བརྒྱུད་ལྔ་ལས་གྲངས་ཉུང་གི་ཆོས་བརྒྱུད་སྤྱི་འཐུས་གཅིག་མར་འཐེན་ནས། ཇོ་ནང་ཡར་བཅུག་ན་དགེ་མཚན་མེད་དམ། ལགས། དཔལ་ལྡན་ཇོ་ནང་པ་རྒྱལ་འགྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (88)
  • ཨེ་ལི་སི། (53)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (43)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (30)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (21)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme